མཚོ་སྔོན་གྱི་མིང་དུ་གྲགས་པའི་གནས་སྐོར་བྱེད་ཡུལ་འགའ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-22 10:28:14 ཀློག་གྲངས།:
    ལོ་ངོ་༢༠རིང་གི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གོ་རིམ་ཁྲོད།  དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་དང་བསྟུན་ནས།   མཚོ་སྔོན་ཞིང་ཆེན་ནས་འཛམ་གླིང་ལ་གྲགས་ཆེ་བའི་རྣམ་གྲངས་མང་པོ་ཞིག་གསར་བསྐྲུན་དང་ཤེར་རྟོགས་བྱུང་།
༡ མདོ་དབུས་མཐོ་སྒང་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་ཞིང་གཞི་ཁྱོན་ཆེས་ཆེ་བའི་མཐོ་སྒང་སྟེ།  མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་སྨི་༤༠༠༠ཡན་དང་།  རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི༢༣༠ཡིན།
༢ མཚོ་སྔོན་གྱི་མངའ་ཁོངས་སུ་ཡོད་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་དམར་ལེབ་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གཙང་བོ་སྟེ།  ཨ་ཆེན་གངས་རྒྱབ་ནས་ཐོན་ཞིང་།  སྤྱིའི་རིང་ཚད་སྤྱི་ལེ་༣༠༠ཡོད་ལ།  ཆུ་རྒྱུད་ཀྱི་ཆེས་དམའ་སའི་མཚོ་ངོས་ལས་མཐོ་ཚད་སྨི་༤༥༩༨ཡོད།
༣   མཚོ་སྔོན་ནི་འཛམ་གླིང་སྟེང་ཚྭ་མཚོ་ཆེས་མང་པའི་ཞིང་ཆེན་ཡིན།  ཁོངས་སུ་ཚྭ་མཚོ་༡༥༠ལྷག་དང་།  ཚྭ་གསོག་ཚད་ཏུན་དུང་ཕྱུར་༩༠༠ཡོད།   དེ་ལས་སྤྱི་ལེ་གྲུ་བཞི་མ་༥༨༥༦ཙམ་མངའ་བའི་ཁྲ་ཨར་ཧན་ཚྭ་མཚོ་ནི་འཛམ་གླིང་སྟེང་རྒྱ་ཁྱོན་ཆེས་ཆེ་བའི་སྐམ་སའི་ནང་ལོགས་ཀྱི་ཚྭ་མཚོ་ཡིན།
༤   མཚོ་སྔོན་ཞིང་ཆེན་གྱི་མང་ཨེ་གྲོང་རྡལ་ནི་འཛམ་གླིང་སྟེང་རྡོ་སྔོ་བསངས་ཀྱི་གསོག་ཚད་ཆེས་མང་བའི་ས་གནས་ཡིན་ཏེ།   འཚོལ་ཞིབ་བྱས་ཟིན་པའི་གསོག་ཚད་ཏུན་ཁྲི་༡༥༠༠ཡོད་ལ།  དེ་ནི་འཛམ་གླིང་ཡོངས་སུ་འཚོལ་ཞིབ་བྱས་ཟིན་པའི་གསོག་ཚད་ཀྱི་བརྒྱ་ཆའི་༦༠ཡིན་ལ།  ཀྲུང་གོའི་བརྒྱ་ཆའི་༩༠ཡིན།
༥   མཚོ་སྔོན་ནི་འཛམ་གླིང་སྟེང་གཡག་ཆེས་མང་པའི་ཞིང་ཆེན་ཡིན་ཏེ།   ད་ལྟ་ཁྲི་༥༡༨ཡོད་པ་དང་།  དེ་ཡིས་འཛམ་གླིང་ཡོངས་ཀྱི་གཡག་གི་སྤྱི་གྲངས་ཀྱི་བརྒྱ་ཆའི་༣༨དང་།  ཀྲུང་གོའི་བརྒྱ་ཆའི་༥༦ཟིན།
༦  འཛམ་གླིང་སྟེང་མཚོ་སྔོན་དང་ཡུན་ནན་མ་གཏོགས།  རི་དྭགས་རྩ་ཆེན་ཁྲུང་ཁྲུང་མགྲིན་ནག་གི་རིགས་ཁྱབ་ཡོད་ས་མེད།
༧   འཛམ་གླིང་སྟེང་མཚོ་སྔོན་གཅིག་པུ་ནི་ཤ་སྐྱའི་ཁྱུ་ཚོགས་ཡོད་པའི་ས་ཁུལ་ཡིན།
༨    མཚོ་སྔོན་མངའ་ཁོངས་སུ་ཡོད་པའི་མདོ་དབུས་ལམ་སྟེ།  ཧར་གེ་ནས་གོར་མོ་བར་ནི་མིག་སྔར་མཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་ལྕགས་ལམ་ཡིན།  རིང་ཚད་སྤྱི་ལེ་༦༦༥.༤༢ཡིན་ལ།  མཚོ་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་སྨི་༣༠༠ལས་བརྒལ།  ལྕགས་ལམ་འདིའི་བར་དུ་ཡོད་པའི་བཀའ་འགྱུར་ཕུག་ལམ་ནི་མཚོ་ངོས་ལས་མཐོ་ཚད་སྨི་༣༢༠༠ཡོད་ཅིང་།  རིང་ཚད་སྨི་༥༠༠༩.༨༩ཡོད།  འདི་ནི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་ཕུག་ལམ་ཡིན།
༩    མདོ་དབུས་གཞུང་ལམ་ནི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་གཞུང་ལམ་ཡིན།  ཆ་སྙོམས་ཀྱི་མཐོ་ཚད་སྨི་༣༡༨༢ཡོད་ལ།   སྤྱིའི་རིང་ཚད་སྤྱི་ལེ་༡༠༨༠ཡིན།
༡༠   མཚོ་སྔོན་ཞིང་ཆེན་གོར་མོ་གྲོང་ཁྱེར་ནས་ལྷ་སའི་བར་གྱི་སྣུམ་འདྲེན་སྦུག་ལམ་ནི་འཛམ་གླིང་སྟེང་མཚོ་ངོས་ལས་ཆེས་མཐོ་བའི་སྣུམ་འདྲེན་སྦུག་ལམ་ཡིན།  ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་སྨི་༥༠༣༨ཡིན་ལ།  སྤྱིའི་རིང་ཚད་སྤྱི་ལེ་༡༠༡༣.༥ཡིན།
༡༡  མཚོ་སྔོན་ཞིང་ཆེན་ཚྭ་འདམ་གཤོང་སར་ཡོད་པའི་ཞིང་སྡེ་ཞིང་རར་༡༩༧༨ལོར་དཔྱིད་གྲོ་མུའུ་༣.༠༡བཏབ་པ་ལས།  ཆ་སྙོམས་མུའུ་རེ་ལས་གྲོ་སྤྱི་རྒྱ་༡༠༡༣.༠༥ཐོན།  འདི་ནི་འཛམ་གླིང་ཟིན་ཐོར་བཀོད་པའི་དཔྱིད་གྲོ་མུའུ་རེའི་ཐོན་ཚད་ཆེས་མཐོ་བ་ཡིན།
༡༢ མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་སུ་གནས་པའི་རི་སྐྱེས་བྱ་རྒྱལ་རྒོད་པོའི་ལྗིད་ཚད་ལ་སྤྱི་རྒྱ་༡༠ནས་༡༥ཡོད་དེ།  འཛམ་གླིང་སྟེང་ལུས་པོའི་ལྗིད་ཚད་ཆེས་ལྕི་བའི་མཁའ་སྤྱོད་བྱ་རིགས་ཡིན།
༡༣   མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་ནས་རྔོག་འདོན་བྱས་པའི་གླང་ཆེན་ནུ་སོ་ཅན་གྱི་འགྱུར་རྡོ་དེ་ནི་མིག་སྔར་འཛམ་གླིང་སྟེང་རྙེད་ཟིན་པའི་གླང་ཆེན་ནུ་སོ་ཅན་གྱི་འགྱུར་རྡོ་ཆེས་ཁ་ཚང་ཅན་ཡིན།
༡༤  མཚོ་སྔོན་ཞིང་ཆེན་ལུང་བདུན་རྫོང་གི་ལིའུ་ཝན་སྡེ་བའི་ས་འོག་ནས་རིགས་༡༧༠༠༠ལྷག་གི་རྫ་ཁྲ་༣༥༠༠༠རྙེད།  འདི་ནི་ས་འོག་ནས་རྫ་ཁྲའི་རིགས་དང་གྲངས་འབོར་ཆེས་མང་པོ་ཐོན་པའི་གནས་ཡིན།
༡༥   མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྐྱེ་རྒུ་གྲོང་བརྡལ་གྱི་མ་ཎིའི་རྡོ་སྤུང་ལ་མ་ཎི་ཡིག་དྲུག་བརྐོས་པའི་རྡོ་ལེབ་དུང་ཕྱུར་༡༤དང་།   ཡིག་འབྲུ་དུང་ཕྱུར་༡༥༠ལྷག་ཡོད་པ་འདི་ནི་འཛམ་གླིང་སྟེང་མ་ཎིའི་རྡོ་གྲངས་དང་བརྐོས་ཡིག་སྡོམ་གྲངས་ཆེས་མང་པའི་མ་ཎིའི་རྡོ་སྤུང་ཡིན།
༡༦   མཚོ་སྔོན་ཞིང་ཆེན་རྩེ་ཁོག་རྫོང་གི་ཧོར་དགོན་པའི་རྡོའི་རྩིག་ལྡེབས་སུ་སངས་རྒྱས་ཀྱི་གསུང་རབ་ཡི་གེ་དུང་ཕྱུར་༢དང་ཐང་ག་༢༠༠༠བརྐོས་ཡོད།  འདི་ནི་འཛམ་གླིང་སྟེང་གཞི་ཁྱོན་ཆེས་ཆེ་བའི་རྡོ་བརྐོས་ཆོས་བརྩིགས་ཡིན།
༡༧   མཚོ་སྔོན་སོགས་ཞིང་ཆེན་ཁག་གི་ཤེས་ལྡན་དག་གིས་འཚོལ་བསྡུ་དང་ལེགས་སྒྲིག  བསྒྱུར་བསྐྲུན་བཅས་བྱས་པའི་བོད་རིགས་ཀྱི་ལོ་རྒྱུས་སྙན་རྩོམ་གེ་སར་རྒྱལ་བོའི་སྒྲུང་ལ་ད་ལྟ་པོ་ཏི་༡༢༠དང་།  ཚི


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།