གྲམ་དཀར། གྲམ་དམར། གྲམ་སྔོན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-17 10:11:29 ཀློག་གྲངས།:
   བྲག་དཀར་ལྷ་རིའི་འདབས་རྒྱུད་ན་ཧ་ཅང་ངོ་མཚར་ཆེ་བའི་གྲམ་པ་གསུམ་ཡོད་ལ། གྲམ་དཀར་ནང་ན་ཆུ་དང་རྡོ་དཀར་བོ་ལས་གཞན་པའི་མདོག་མེད། ལོ་རེའི་ཟླ་༥བའི་ཚེས་༥ཉིན་ཆུ་བོ་ས་ངོས་སུ་བུད་ནས་ཆིལ་ཆིལ་དུ་བཞུར་བ་དང༌། ལོ་རེའི་དགུ་མ་ཚུགས་ཀྱི་སྔོན་ལ་ས་འོག་ཏུ་སིམ་འགྲོ་བས། དགུན་ཁར་གྲམ་ས་དེར་དར་ཆགས་པ་སོགས་ཀྱི་སྣང་ཚུལ་ཅི་ཡང་མེད། སྣང་ཚུལ་དེ་ལོ་རབས་ནས་ལོ་རབས་བར་དེ་ལྟར་ཡིན། གཞན་པའི་གྲམ་དམར་དང་གྲམ་སྔོན་གཉིས་ནི་སོ་སོར་གཙང་དགེ་དང་མོ་ཆུ་ནས་བཞུར་བའི་དུས་བཞིར་འབབ་པའི་ཆུ་ཡིན།
   ལྷ་དེའུ་སྒང་འདབས་ནས་ཆུ་དཀར་དམར་སྔོན་གསུམ་མཉམ་དུ་འདྲེས་ནས་ཀབ་རོན་གྲམ་པའི་བཞུར་རྒྱུན་གྲུབ་ཡོད་ལ། གྲམ་པ་དེ་དག་རེ་རེ་བཞིན་ཡ་མཚན་ཅན་གྱི་བྲག་དཀར་སྤུན་གསུམ་གྱི་སྐུ་མདོག་དང་གཅིག་འདྲ་ཡིན་ལ། རྒྱང་རིང་ནས་བལྟས་ན་འབྲུག་དཀར་དམར་སྔོ་གསུམ་གྱིས་བྲག་དཀར་མཚོ་བཞི་རྩེ་མོར་གཡེང་ཞོར། བྲག་དཀར་ལྷ་རིའི་ཕོ་བྲང་མངོན་པར་བསྟོད་པའི་ཧ་ལས་བའི་ཚུལ་ཀྱང་འདུག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།