བན་ཤུལ་དགོན་པའི་ཆགས་ཡུལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-17 09:41:28
ཀློག་གྲངས།:
དེ་ཡང་སྔོན་གཙང་དགེ་རིན་པོ་ཆེས་མོ་ཆུ་དང་གཙང་དགེ་སོགས་བྲག་དཀར་རྫ་རྒྱུད་ཀྱི་གནས་མང་དག་ཅིག་ཏུ་སྒྲིབ་པ་མཐར་ཕྱིན་རྗེས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་དང༌། ཁོང་གི་ཞལ་ཆེམས་ཇི་བཞིན་རིན་ཆེན་ལུང་བར་གདུང་བཞུས་ཚེ་མ་འོངས་པ་ན་བཞི་གསུམ་ཆོལ་ཁ་ཚང་བའི་དགོན་སྡེ་ཞིག་འོང་གསུང་བ་ནང་ལྟར་ད་ལྟའི་རྒྱབ་རི་གདུགས་དང་མདུན་དུ་རི་དུང་སོགས་གཙོས་པའི་བཀྲ་ཤིས་རྟགས་བརྒྱད་དང་འཁོར་ལོ་རྩིབས་བརྒྱད་སོགས་ཀྱིས་ཡོངས་སུ་བརྒྱན་པའི་བན་ཤུལ་དགོན་བཤད་སྒྲུབ་རིན་ཆེན་གླིང་འདི་ཆགས་པ་ཡིན།
བན་ཤུལ་དགོན་གྱི་ཤར་ཕྱོགས་ན་སྟོན་མོ་ཐང་ཞེས་འབོད་པའི་ཐང་བདེ་ཞིག་ཡོད་པ་དེ་ནི་ཨ་མྱེས་བྲག་དཀར་གྱི་མདུན་ཅོག་ཡིན་པར་བཤད་ཚུལ་ཅིག་དང༌། སྐུ་ཕྱོགས་ཐར་ཤུལ་ཚང་གིས་གནས་དེར་སྡེ་བརྒྱད་ལ་བསྔོན་བཀྱགས་ཏེ་སྟོན་མོ་བྱས་པས་དེ་སྐད་བཏགས་པ་ཡིན་ཟེར་ཚུལ་གཉིས་སོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།