བྲག་དཀར་གྱིུ་གནས་འགངས་ཆེན་གྱི་སྐོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2008-05-16 10:20:55
ཀློག་གྲངས།:
༡.འབྲུ་དེའུ་སྒང་ནི་བྲག་དཀར་སྒོ་ཁྱིའི་ཡར་གཟུར་རྫ་ཐང་ཁེའུ་མོ་ཆེའི་ལོགས་སུ་ཡོད་ལ། རི་དེ་རྫ་ཐང་གི་ཐང་རྔའི་ཁ་གཅོད་ལྟ་བུ་ཡིན། གནས་རི་དེར་སྤྱི་ལོ་༡༨༥༣ལོའི་བོད་ཟླ་༦པའི་ཚེས་༡༥ཉིན་རུ་སྔུན་གྱི་གཞོན་ནུ་ལྔ་བཅུ་སོག་པོས་མ་ཉེས་ཁག་འདོགས་ཀྱིས་ཝུ་ཡི་གད་པ་ཏ་ལེན་ནས་བགྲོངས་པའི་ཁྲོད་ཀྱི་རུ་སྔུན་རྟ་ལོ་རྒྱ་འཁྱིལ་ཞེས་མི་སྐྱེས་མཐའ་ཅན་དེ་འབྲུ་དེའུ་སྒང་ལ་གནས་ཤིང་དེ་རུ་སྔུན་ཁག་གསུམ་གྱི་མི་ཕྱུགས་ཀུན་ལ་གདོང་གྲོགས་དང་མགོན་སྐྱབས་བྱེད་གྱིན་མཆིས་པས། ལྷ་བས་ལྷ་ལུང་འཐེན་ནའང་ང་ཡིན་པ་རྟ་ལོ་རྒྱ་འཁྱིལ་ཡིན། ང་འབོད་ན་དགྲ་འདུལ་དབང་ཕྱུག་བོས། ངས་སོག་པོ་ཇ་ལ་ཅན་གྱི་ཇ་ལ་གཅོད་པ། ངས་སོག་མོ་རྣ་ཏོག་ཅན་གྱི་རྣ་ཏོག་གཅོད། ཞེས་ལྷ་འབབ་པར་གྲགས་སོ།།
༢.བྲག་དཀར་སྒོ་ཁྱི་གཉིས་ཡོད། གཅིག་བྲག་དཀར་གྱི་བྱང་ཕྱོགས་གོ་ར་ན་ཡོད་པ་དང༌། གཅིག་བྲག་དཀར་གྱི་ནུབ་ཕྱོགས་སུ་ཡོད་པ་ལས་ཕྱི་མ་དེ་ནི་འབྲུ་དེའུ་མར་གཟུར་སྒོ་ཁྱིའི་ཤུག་རའི་ཡར་སྐལ་ན་ཉག་ག་དམར་ལྡང་བ་ཞིག་ཡོད་པ་དེར་མཆིས། ང་བརྒྱད་ཡར་སྔོན་ལ་སྒོ་ཁྱི་འདོགས་བྱེད་ཀྱི་ཤུག་སྡོང་ཞེང་ལ་ཁྲི་གཉིས་ཙམ་ཞིག་ཡོད་པ་དེ་རིག་གསར་སྐབས་སུ་བཅད་པ་དང༌། སྒོ་ཁྱི་ཞེས་པའི་ཕ་བོང་ངོ་མཚར་བ་དེའང་གཏོར་རྩིས་བྱེད་པའི་དུས་ན། སྡེ་འདིའི་ཨ་ཁུ་ད་ཞེས་པས་དེའི་སྟེང་དུ་མའོ་ཙེ་ཏུང་གི་གསུང་རྩོམ་དུམ་བུ་ཞིག་བྲིས་པས་ད་ལྟ་ང་ཚོའི་འདྲེན་བྱེད་ལམ་དུ་གྱུར་ཐུབ་པ་དེ་ཡིན་ནོ།།
ངག་རྒྱུན་དུ། གནའ་སྔ་མོར་ས་ཆ་འདིར་དད་ལྡན་མང་ཚོགས་ཀྱི་ཚེ་ཐར་དུ་བཏང་བའམ་མཆོད་འབུལ་བྱས་པའི་ཟོག་ལུག་ཁྱུ་དང་ཁྱུ་བྱས་ནས་རྒྱུ་བ་ལ།གཅན་གཟན་དང་རྐུན་ཇག་གི་གནོད་པ་ཆེན་པོ་བཟོས་པར། ཨ་མྱེ་བྲག་དཀར་གྱིས་ཆེད་དུ་དེ་དག་ལ་དོ་དམ་བྱེད་པའི་སྒོ་ཁྱི་ཆེན་པོ་གཉིས་ནུབ་ཕྱོགས་དང་བྱང་ཕྱོགས་སུ་བཏགས་པ་དང༌། དུས་དེ་ནས་བཟུང་ཟོག་ལུག་བག་ཕེབས་ངང་འཚོ་བའི་རྣམ་པ་ཆགས་ལ། དུས་ད་ལྟའང་ཁྱིམ་ཚང་གི་བདེ་སྡུག་དང་ཟོག་ལུག་རྒྱུ་ནོར་སོགས་བོར་བརླག་དང་གོད་ཆག་འབྱུང་བར་བྲག་དཀར་སྒོ་ཁྱི་ལ་སྐྱབས་བཅོལ་གྱི་བསང་མཆོད་བྱས་ན། དེའི་བྱིན་རླབས་ཆེན་པོ་སྩོལ་ངེས་ཤིང༌། ལྷག་པར་དུ་རྒྱུ་ནོར་དང་ཕྱུགས་ཟོག་བོར་སྟོར་ལ་བྱིན་རླབས་ཆེ་བར་གྲགས།
༣.མེ་ཏོག་བཤམས་ནི་ཨ་མྱེས་བྲག་དཀར་གྱི་སྲིང་མོ་ཨ་ཅེ་དེའུ་དཀར་མའི་མར་ཞོལ་ན་ཡོད་ལ། གནས་དེར་ཨ་མྱེས་བྲག་དཀར་གྱི་སླ་ང་དང༌། དེམ་སོགས་རང་བྱོན་གྱི་སྣོད་ཇ་ལག་ཤིན་ཏུ་མང་བོ་མཆིས་སོ།། དེའི་མར་ཞོལ་ན་ཆོས་ཁང་ལུང་བ། དེའི་མར་ཞོལ་ན་བྲག་དཀར་སྤུན་གསུམ་གྱི་མཛོད་བདག་གྲགས་པའི་རྫ་ལུང་དམར་ལྡང་ཞེས་པ་དེ་ཡོད་དེའི་མར་ཞོལ་རྫ་ཐང་ཁེའུ་མོ་ཆེ་ཞེས་སྒྲོལ་མ་ཉེར་གཅིག་རང་བྱོན་ཡོད་པའི་གནས་ཁྱད་པར་ཅན་དེ་མཆིས་པ་དང༌། དེའི་མར་ཞོལ་ན་དབེན་པའི་རི་ཁྲོད་འགྲིམ་པའི་སྒོམ་པ་པོའི་སྒོམ་གནས་མང་དུ་ཡོད་པའི་སྒོམ་ཕྲེང་སྐས་ཡོད་པ། དེའི་གོང་ན་བྲག་དཀར་སྒོ་ཁྱིའི་ཤུག་པའི་ར་བ་ཞེས་སྒོ་ཁྱིའི་ཤུག་རྭ་ཞེས་པ་དེ་ཡོད། དེའི་མར་ཞོལ་ན་རི་དྭགས་ཤྭ་བ་བཤར་སའི་ཁེའུ་ཁ་སྟེ་ད་ལྟའི་ཤྭ་ཁེའུ་རྒྱ་ལྡང་ཞེས་པ་དེ་ཡོད། དེའི་མར་ཞོལ་ན་དང་པོ་ཁ་རྒྱས་གནས་འདིར་བརྩིགས་པའི་ཁ་རྒྱའི་ལབ་ཙེ་ཞེས་པ་དེ་ཡོད་དོ།།
༤.ཆུ་ཁོལ་གྱི་མར་ཞོལ་ན་ཕོ་ལུང་རྡོ་ཞེས་ཕ་བོང་མིང་གྲགས་ཅན་ཞིག་ཡོད་པ་དེ་རིག་གསར་སྐབས་སུ་གཏོར་བཤིགས་ཐེབས་པས་ད་ལྟ་མཐོང་རྒྱུ་མེད། དེའི་མར་ཞོལ་གྱི་ཁ་གཏད་ན་གཙང་ཕྱོགས་ནས་ཕེབས་པའི་དགེ་བཤེས་ཁྱད་པར་ཅན་ཞིག་གི་མཚམས་ཁང་མཆིས་བས་ལུང་བ་དེར་གཙང་དགེ་ལུང་བ་ཞེས་ད་ལྟའི་བར་གྲགས་སོ།། དེའི་མར་ཞོལ་མོ་ཆུ་ལུང་བའི་མདོ་ན་སྒར་ཤུལ་རྙིང་བ་ཞིག་ཡོད་དེར་རེབ་གོང་གི་དགའ་ལྡན་བྱང་རྩེ་སྐུ་ཕྲེང་གོང་མ་ཞིག་བཞུགས་མྱོང༌། དེའི་ཁ་གཏད་དེ་གཙང་དགེ་ལུང་བའི་མདོ་ན་གཙང་དགེ་མཁར་ཡོད།
༥.གཙང་དགེ་མཁར་ནས་ཚུར་འོང་ན་བྲག་དཀར་གྲམ་དཀར་ལ་ཐོན་པ་དང༌། དེ་ནས་གཞུང་ཆུ་ཞེས་པ་དེར་ཐུག་ཐུབ་ལ། ཆུ་དེ་ཁྲ་མོ་ཡང་རྫོང་ནས་འབབ་ཅིང་ཤིང་གླ་ཚེར་གསེབ་བརྒྱུད་ནས་བཞུར་གྱིན་ཡོད་པས་གླ་གཞུང་ཆུ་ཞེས་གྲགས། གཞན་ཡང་ཆུ་དེ་གནམ་གཤིས་ཧ་ཅང་དྭངས་པའི་དུས་ན་མདོག་དམར་པོར་གྱུར་བའི་ཚེ་ཆར་བ་འབབ་པའི་ལྟས་དང༌། ཆར་བ་འབབ་པའི་ཚེ་ན་གློ་བུར་དུ་ཆུ་མདོག་དྭངས་བར་གྱུར་ན་གནམ་གཤིས་དྭངས་པའི་སྔོན་བརྡ་ཡིན་ཞེས་ཡུལ་འདིའི་མི་རྣམས་ཀྱིས་མྱོང་བ་དངོས་ཀྱི་སྟེང་ནས་དེ་ལྟར་བཤད་དོ།།

(གསལ་བཤད།ཐོག་མར་འབྲུ་དེའུ་ནས་རིམ་གྱིས་མར་གཙང་དགེ་མཁར་ཤུལ་བར་བྲིས་པ་ཡིན། )
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།