བྲག་དཀར་ཡུལ་ལྗོངས།
བྲག་དཀར་གངས་རིའི་སྤྱིའི་གནས་ཚུལ་མདོ་ཙམ།
ཤར་གྱི་གཞུང་ཐིག་༡༠༡°༢༥′དང་བྱང་གི་འཕྲེད་ཐིག་༡༠༡°༣༣’མཚམས་ན་མཚོ་ངོས་ལས་མུས༥༠༡༡ཅན་གྱི་རྩེ་མོ་དགུང་ལ་ཐུག་ཅིང་དུས་བཞིར་གངས་གིས་གཡོགས་ལ། བསིལ་ལྡན་གྱི་རྦབ་ཆུ་ཕྱོགས་བཞིར་འབབ་ཅིང༌། རི་སྐེད་རྫ་རི་དང་སྤང་རི་ལ་ནགས་ཚལ་སྟུག་པོས་ཁེངས་པ་དང༌། རི་དྭགས་དང་བྱ་རིགས་སྣ་ཚོགས་འཛོམས་པ། རི་འདབས་ན་སྨན་རྩྭ་དང་འབྲུ་རིགས་སྣ་ལྔའི་དགོས་འདོད་ཀྱི་ས་ཞིང་མིག་ལ་མཛེས་པ། ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་དང་རང་བྱུང་ཆུ་ཁོལ་མང་བོས་བསྐོར་ནས་ལྷ་ཡི་ཡུལ་ལྗོངས་མི་ཡུལ་དུ་འཕོས་པ་ཇི་བཞིན་པ་འདི་ནི་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་ལ་སེམས་ཀྱི་དང་བ་འདྲེན་པའི་བྲག་དཀར་གངས་རི་དང་དེའི་ཡུལ་ལྗོངས་རེད།
རྒྱང་རིང་ནས་བལྟས་ན། བྲག་དཀར་གངས་རི་གཡུ་འབྲུག་དཀར་དམར་སྔོ་གསུམ་གྱིས་འཁྱུད་ཅིང་(གྲམ་དཀར།གྲམ་དམར།གྲམ་སྔོན།) གཡུ་ཡི་མེ་ལོང་ཕྱིས་འདྲའི་མཚོ་མོ་བཞིས་(བྲག་དཀར་གཡུ་མཚོ། མགོ་བའི་གཡུ་མཚོ། ཀོ་རའི་མཚོ་དམར་ན་བཅའི་མཚོ་མོ་གཡང་དམར།)བསྐོར་ཡོད་ལ། རི་བོ་ཆེ་ཆུང་བརྒྱ་རྩ་བརྒྱད་ཀྱི་རྩེ་མོ་ཚང་མ་གཅིག་ཏུ་ཕྱོགས་པའི་དབུས་ན་ཡུལ་ལྷའི་རྒྱལ་བོ་བྲག་དཀར་མཆེད་གསུམ་དེ་བདེ་མཆོག་དཀར་བོའི་ཕོ་བྲང་གི་ཚུལ་དུ་གནས་ཤིང༌། ངག་རྒྱུན་ལ་ཡུལ་ཕྱོགས་འདིའི་མི་ཕྱུགས་ལ་ཕྱྭ་གཡང་དང་རླུང་རྟ་རྒྱས་ལ་ཚེ་སྲོག་རིང་བའི་བཤད་རྒྱུན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com