༄༅།།ངོ་མཚར་གྱི་ཚྭ་འདམ་གཞོང་ས། ཡིད་འོང་གི་ཚྭ་འདམ་གཞོང་ས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2021-01-11 10:24:21 ཀློག་གྲངས།:
ཚྭ་མཚོ་ཁའི་མཚམས་སྤྲིན། ཀྲང་ཅན་གྱིས་པར་བླངས།
       མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་དང་མེས་རྒྱལ་གྱི་ནུབ་བྱང་ཆེན་མོའི་ཡུལ་ན། ཚྭ་འདམ་གཞོང་ས་ཞེས་པ་ཞིག་ཁུ་ནུ་རི་བོ་དང་མདོ་ལ་རི་བོ། ཨར་ཅིན་རི་བོ་བཅས་ཀྱི་དཀྱིལ་དུ་ཡོད་ཅིང་། གཞོང་ས་འདིའི་མཐའ་བཞི་རི་བོས་བསྐོར་ལ། རི་བོའི་རྩེ་མོ་ཐམས་ཅད་གངས་ཀྱིས་བཀླུབས་ཡོད། གཞོང་སའི་ཆ་སྙོམས་མཐོ་ཚད་ལ་སྨི2800དང་ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ800ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ300 རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི26ལྷག་ཡོད་པའི་མྱ་ངམ་ཐང་འདི་ནི་འཛམ་གླིང་གི་ས་བབ་ཆེས་མཐོ་བའི་སྐམ་སའི་ནང་ལོག་གི་གཞོང་ས་ཞིག་ཡིན།

ཚྭ་འདམ་གཙང་པོ། ཝང་ཅིན་གྱིས་པར་བླངས།

       ས་ཁམས་ཀྱི་ཐོག་ནས། ཚྭ་འདམ་གཞོང་ས་ནི་མདོ་དབུས་མཐོ་སྒང་གི་ཁོངས་གཏོགས་སུ་བརྩིས་ལ། སྐྱེ་ཁམས་བྱེད་ནུས་ཀྱི་ཐོག་ནས། ཚྭ་འདམ་གཞོང་ས་འདི་ནི་ནུབ་བྱང་ཐན་པའི་ཁུལ་(西北干旱区)དུ་གཏོགས་པར་བྱས་ཡོད།

ཚྭ་འདམ་གཞོང་སའི་སྲོག་ཆགས། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

       སྔོན་ཆད། ཚྭ་འདམ་གཞོང་ས་འདི་ནི་བོད་ལྗོངས་དང་ཞིན་ཅང་། ཐ་ན་ཨེ་ཤ་ཡའི་དབུས་ཁུལ་ལ་སྦྲེལ་བའི་སྐམ་སའི་ནང་ལོག་གི་བརྒྱུད་ལམ་ཞིག་ཡིན་ལ། དེང་སྐབས་བལྟས་ཡོང་ན། ཚྭ་འདམ་གཞོང་ས་འདི་ནི་ནོར་གྱིས་གཏམས་པའི་རྒྱ་མཚོ་ལྟ་བུ་ཞིག་ཡིན།

ཝུ་སུའུ་ཐི་ཡ་ཏན་ས་གཤིས་སྤྱི་གླིང་། ཡུལ་སྐོར་གྱི་བོང་བུ་ཞེས་པས་པར་བླངས།

       ཚྭ་འདམ་གཞོང་ས་ན། ས་འོག་གི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་རང་བྱུང་གི་མཛེས་ལྗོངས་མང་པོ་ཡོད་པར་མ་ཟད། ད་དུང་འདས་སོང་གི་ཐུ་ཡུ་ཧོན་རྒྱལ་ཁབ(吐谷浑古国)དང་སོག་པོའི་ཧོ་ཤོད་ཐུ་ཚོ་བ།(和硕特部落) དར་གོས་འགྲུལ་ལམ་བཅས་ཀྱི་ཤེས་རིག་གི་ཤུལ་རྗེས་ཀྱང་ཡོད།

ཤིང་སྡོང་ཧུའུ་དབྱང་། ཏུན་ཝི་ཧྥུ་ཡིས་པར་བླངས།

        ཚྭ་འདམ་གཞོང་ས་འདི་རུ། ཏུན་ཁྲི་འབུམ་རིམ་པའི་ཅཱ་རིགས་ལུད་རྫས་ཀྱི་ཐོན་སྐྱེད་བྱེད་ཡུལ་དང་སྣུམ་རླངས་རྟེན་གཞི། རིན་ཐང་སྒོར་དུང་ཕྱུར་སྟོང་ལྷག་ཡོད་པའི་ལིས་ཐོན་ལས་བཅས་བསྐྱེད་ཡོད་པར་མ་ཟད། ད་དུང“ནམ་མཁའི་མེ་ལོང”དང“དཀོན་མཆོག་གི་མིག་ཆུ” “གཤིན་རྗེའི་ཕོ་བྲང”སོགས་ཀྱི་ངོ་མཚར་མཛེས་ལྗོངས་ཀྱང་ཡོད།

ཁུ་ལུ་ཁུ་མཚེའུ་དང་ཐོ་སུའུ་མཚེའུ་ཡི་རང་བྱུང་སྲུང་སྐྱོབ་ཁུལ། ཀྲང་ཕིན་གྱིས་པར་བླངས།

        དུས་རབས་ཉེར་གཅིག་པར་བསླེབས་རྗེས། ཚྭ་འདམ་གཞོང་སའི་འགྲུམ་འགྲིལ་བདེ་བར་གྱུར་པ་ལས། ཚྭ་འདམ་གཞོང་ས་དང་ཕྱི་རོལ་ཡུལ་གྱི་བར་ཐག་ཇེ་ཆུང་དུ་སོང་ཡོད་ལ། ཚྭ་འདམ་གཞོང་སའི་ངོ་མཚར་བཞིན་ཁེབས་ཀྱང་རིམ་པར་འབྱིད་བཞིན་ཡོད་སྟབས། ངོ་མཚར་དང་མཛེས་སྡུག་གི་ཚྭ་འདམ་གཞོང་ས་ཞིག་མི་རྣམས་ཀྱི་མིག་མདུན་དུ་མངོན་ཡོད།

ན་གོར་མོའི་རླུང་ཤུགས་གློག་འདོན་ས་ཆ། པར་རིས་ན་གོར་མོ་དྲིལ་སྒྲོག་པུའུ་ལས་དྲངས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།