རབ་མཛེས་མཚོ་སྔོན་གྱི་རི་ཆུ་ནགས་གསུམ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-06-30 10:30:32
ཀློག་གྲངས།:
རང་བྱུང་རི་ཀླུང་ལ་སྲུང་སྐྱོང་བྱས་ཏེ་རབ་མཛེས་མཚོ་སྔོན་གྱི་བརྩེ་བ་ངོམ།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ཁོངས་ཀྱི་བརྗིད་ཉམས་ལྡན་པའི་རྨ་ཆུའི་མཛེས་ལྗོངས། འདི་གའི་ཚགས་པར་གྱི་གསར་འགོད་པ། ཞན་ཝུན་ཅིན་གྱིས་པར་བསྐྱོན།
ཁྱུ་ཚོགས་ཀྱི་གྲངས་ཀ་འཕེལ་བའི་རྐྱང་གིས་རྨ་སྟོད་ཀྱི་རྩྭ་ཐང་དུ་བང་རྩེད་ངོམ་བཞིན་པ།
སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས་རི་སྐྱེས་སྲོག་ཆགས་ཇེ་མང་དུ་ཕྱིན་ཡོད་པ།
སྡེ་ཁུལ་ཆུང་བའི་ནང་གི་རིག་ལྡན་འཚོ་བའི་གད་སྙིགས་རིགས་དབྱེའི་སྐྱེ་ཁམས་གཞན་སྒྱུར་རྟེན་གཞིས་བཟའ་བཏུང་ལྷག་འཕྲོའི་གད་སྙིགས་སྐྱེ་ལྡན་ལུད་དུ་བསྒྱུར་བ།
ཟླ6པའི་ཚེས18ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཆུ་བོའི་འགྲམ་དུ། མཚོ་སྔོན་པོའི་གསེར་ཉ་སེམས་ཆུང་སྒོས་གཙང་པོའི་ནང་བཏང་བ་རེད།ཧ་ལམ་དུས་གཅིག་ཏུ་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་པིན་ཧོ་ལམ་ཆེན་གྱི་འགྲམ་དུ། གཙང་སྦྲའི་རུ་ཁག་གི་རུ་མི་དང་གཙང་པོར་སྐོར་གཡེང་བྱེད་མཁན་གྱི་ཆུ་དཔོན་གྱིས་ནན་ཏན་གྱིས་ལས་ཀ་སྒྲུབ་བཞིན་འདུག
ཡུལ་ལྗོངས་གཉིས་དང་ཤེས་རྟོགས་གཅིག་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱ་རྒྱུ་ནི“རྒྱལ་དོན་ཆེན་མོ”ཡིན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ཡོད། མཚོ་སྔོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཟུང་ནས་ཞིང་ཆེན་ཡོངས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཏེ་མཐའ་གཅིག་ཏུ་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཁུར་ནས། མཚོ་བོད་མཐོ་སྒང་འདི་ཉིད་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་ཞིག་ཏུ་གཏོད་པའི་དམིགས་ཚད་ལ་དམིགས་ནས། སྐྱེ་ཁམས་སྲུང་སྐྱོང་གི་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ད་ལྟའི་མཚོ་སྔོན་དུ་མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་བྱུང་ནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་དྭངས་ཤིང་གཙང་བའི་རི་ཆུ་ལུང་གསུམ་དང་། ལྗང་མདོག་གི་རྩྭ་ཐང་དང་སྔོ་ཞིང་སངས་བའི་མཁའ་དབྱིངས། སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཞིག་མངོན་པར་བྱས་ཡོད།
འཚོལ་ཞིབ་གསར་པ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟར་གཏིང་ཟབ་སྒོས་སྐུལ་འདེད་གཏོང་བ་དང་། རྩེ་རིམ་ཇུས་འགོད་དང་སྒྲིག་སྲོལ་ལམ་སྲོལ་སོགས་ཀྱི་ཐད་ལ་དགེ་མཚན་ལྡན་པའི་འཚོལ་ཞིབ་རབ་དང་རིམ་པ་བྱས་པས། “འབྲུག་དགུའི་ཆུ་བཅོས”ལྟ་བུའི་དཀའ་གནད་ནུས་པ་ལྡན་པའི་སྒོ་ནས་ལེགས་བཅོས་བྱས་པས། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་བཏང་ཆོག་པའི་ཉམས་མྱོང་སྐོར་ཅིག་བསགས་ཡོད། “དུད་ཚང་གཅིག་ལ་ལས་གནས་གཅིག”གི་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་སྤྱི་ཕན་ལས་གནས་ལམ་སྲོལ་བཙུགས་པ་ནས་གླིང་ཁུལ་གྱི་སྲིད་འཛིན་གྲོང་ཚོ53དུ་གྲོང་ཚོ་རིམ་པའི་སྐྱེ་ཁམས་སྲུང་སྐྱོང་ཆེད་ལས་མཐུན་ཚོགས་བཙུགས་པ་དང་། དེ་ནས་རོང་འབྲོག་པ་ཁྲི1.72ཀྱིས་ཕྱུགས་འཚོ་སྐྱོང་བྱེད་མཚམས་བཞག་ནས་ལས་རྐང་དུ་ཞུགས་པས་མི་རེར་ལོ་རེར་ཆ་སྙོམས་ཀྱིས་ཡོང་འབབ་སྒོར་ཁྲི2.16ལ་སླེབས་ཤིང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གྲུབ་འབྲས་གང་སར་མཐོང་རྒྱུ་ཡོད། ད་ལྟ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི52.2%ཟིན་ཡོད་པས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་རགས་ཙམ་ཆགས་ནས། རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ཐད་གོམ་སྟབས་བརྟན་པོ་སྤོས་ཡོད།
ལག་ལེན་གསར་པ། རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་ཐང། འཁྱགས་རོམ་བཅས་ལ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྒྲིག་བྱེད་པར་སྤྱི་འདོམས་བྱས་ཏེ། གངས་རི་དང་འཁྱག་རོམ་དང་། གཙང་བོའི་འབྱུང་ཁུངས། མཚེའུ་དང་འདམ་ར། རྩྭ་ཐང་དང་སྤང་ལྗོངས། བྱེ་ཐང་སོགས་ཀྱི་རང་བྱུང་སྐྱེ་ཁམས་སླར་གསོ་བྱེད་པར་ཤུགས་བསྣན། གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆར་ལྗང་སྒྱུར་འགུལ་སྐྱོད་སྤེལ་ནས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱི་ས་ཆ་སྤྱི་ཆིང་ཁྲི140ལྷག་སྔོ་ལྗང་དུ་བསྒྱུར། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཀྱི་གྲངས་འཛིན་ཆེན་མོའི་སྟེགས་བུའི་ཚན་ཞིབ་ཐེངས་གཉིས་པ་དང་། འགྲེམས་སྟོན་ལས་སྟེགས། ཚན་ཞིབ་རྟེན་གཞི་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གིས་མཚོ་བོད་མཐོ་སྒང་ལ་ཤུགས་རྐྱེན་ཐེབས་པའི་ཞིབ་འཇུག་གཏིང་ཟབ་ཏུ་བཏང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཚོ་སྔོན་གྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། སྔོ་ལྗང་བར་མཐོངས་ཀྱིས་བཟུང་བའི་བསྡུར་ཚད70%ལྷག་ཟིན་ལ། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད57.8%ལ་སླེབས་པ་དང་། གཙོད་ཁྲི2ཡོད་མེད་ནས་ཁྲི7ལྷག་ལ་འཕར་ཡོད། ཕུའུ་ཧྲུ་དགོ་བ300ལྷག་ནས2700ལྷག་བར་སྐྱེ་འཕེལ་སླར་གསོ་བྱུང་ཡོད་པས། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་སྲུང་སྐྱོང་བྱེད་པའི་ཐོག་མའི་དུས་ལས་ལྡབ42འཕར་ནས་སྐྱེ་ཁམས་ནུས་པ་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་ཡོད།
གྲུབ་འབྲས་གསར་པ། —སྐྱེ་ཁམས་ཁོར་ཡུག་ནི་ཏང་གི་འགན་འཁྲི་དང་དམིགས་ཡུལ་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཡིན་པ་མ་ཟད། དམངས་འཚོ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་གྱིས་དྭངས་ཤིང་གཙང་བའི་རི་ཆུ་ལུང་གསུམ་ལ་སྲུང་སྐྱོང་བྱེད་པའི་དམག་འཐབ་ཆེན་པོ་གསུམ་ལ་གཏིང་ཟབ་སྒོས་སྐུལ་འདེད་བཏང་བས། ཞིང་ཆེན་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད95%ཡན་ཟིན་པ་དང་། གཙང་པོའི་རྒྱལ་ཁབ་ཀྱི་རྒྱུགས་གཞིའི་བཅད་ངོས་སྤུས་ཚད་བསྡུར་ཚད་ཀྱི100%ཟིན་ལ། ས་རྒྱུའི་ཁོར་ཡུག་མུ་མཐུད་དུ་གཙང་ལ་བརྟན་བརླིང་ཡིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་བཅོས་སྒྲིག་འགུལ་སྐྱོད་ཕྱོགས་ཡོངས་ནས་སྤེལ་བ། “གད་སྙིགས་མེད་པའི་གྲོང་ཁྱེར”དང་ཁོངས་ཡོངས་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་པ། “སྤྱོད་ཁང་གསར་བརྗེའི”ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བཅས་བྱས་པས། གྲོང་སྡེ་གཙང་སྦྲའི་འགུལ་སྐྱོད་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།