• ཟླ༩པའི་ཚེས༡༤ཉིན།“འཛམ་གླིང་གི་སའི་གོ་ལར་གཙང་སྦྲ་བྱེད་པའི་ཉིན་མོ”སླེབས་ལ་ཉེ་བའི་དུས་འདིར།གུང་ཧོ་རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས༢༠༢༢ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་ཡུལ་སྐོར་ཁྲིམས་སྐྱོང་སློབ་གསོ་དང་ལྗོངས་ཁུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་ལག་བསྟར་བྱས་ཏེ།བྱ་སྤྱོད་དངོས་ཀྱི་ཐོག་ནས“དག་གཙང་མཚོ་ལྷོ”མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་ཆེད་བྱེད་སྒོ་སྤེལ་ནས།རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚོ་སྔོན་པོ་སྟོན་གྱི་དུས་འདིར་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱེད་པའི་མཛེས་ལྗོངས་ཤིག་ཏུ་སྒྱུར་བཅོས་གཏོང་བར་འབད་པ་བྱས།...

    2022-09-15 15:06:19 འདི་གའི་རྩོམ་སྒྲིག་པ། 37702
  • ཟླ8པའི་ཚེས14ཉིན།གསར་འགོད་པ་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་མགོ་ཁུངས་སུ་སླེབས་པ་ན།མཚོ་སྐྱ་རེངས་སྔོ་རེངས་དང་དུང་གི་མཚོ་ནག་བཅས་ནི་རབ་མཛེས་རི་མོ་བཞིན་དུ་མིག་ལ་མངོན་པར་བྱེད།མཚོ་འགྲམ་དུ་སོ་བྱ་རོག་པོ་དང་བྱ་ལོང་ལྟག་ཁྲ།རྟ་སྐྱར་སོགས་ཀྱིས་ལན་རེར་ཁ་ཟས་འཚོལ་ཞིང་ལན་རེར་ཆུ་ལ་རྩེན་པ་དང་།སྤང་ཐང་དུ་དགོ་སྐྱ་རྣམས་ལྡིང་ཞིང་རྩེན་ལ་རྐྱང་རྣམས་བག་ཡངས་ངང་རྩྭ་ཆུར་རོལ་བཞིན་ཡོད།ནམ་མཁའི་དབྱིངས་སུ་གླག་དང་ཁྲ་དམར་གྱིས་རང་དབང་གི་ལྡིང་སྐོར་རྒྱགརྩྭ་ལྗང་གི་ཁུགས་སོ་རུ་བྱ་རིགས་སྣ་ཚོགས་ཀྱིས་སྐད་སྙན་ཀྱ་ཀྱུར་སྒྲོག་པས།རབ་ཏུ་མཛེས་པའི་སྐྱེ་ཁམས་ཀྱི་རི་མོ་ཞིག་ཀུན་གྱི་མིག་གི་དཔལ་དུ་བསྟར་ཡོད།...

    2022-09-01 16:18:48 མཚོ་སྔོན་པོ་དྲ་བ། 37640
  • རྒྱུས་ལོན་པ་ལྟར་ན།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་འདུས་ཆེ་ཤོས་ཀྱི་ས་ཁུལ་ཞིག་དང་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྔོན་ཐོན་ཁུལ༣༢གྲས་ཀྱི་གཅིག་ཡིན་པས།མདོ་དབུས་མཐོ་སྒང་ན་དམིགས་བསལ་དུ་ཡོད་པའི་སྐྱེ་དངོས་རིགས་དང་རྩ་ཆེ་ལ་སྟོང་ཉེན་ཆེ་བའི་སྐྱེ་དངོས་རིགས་མང་པོ་འཚོ་གནས་བྱ་ཡུལ་དུ་གྱུར་ཡོད།དེའི་ཁྲོད།བྱ་རིགས་ལ་ཁག༡༦དང་ཚན་པ༤༥།རིགས༡༩༦ཡོད།དེ་དག་ལས་ཁྲུང་ཁྲུང་སྐེ་ནག་དང་གླག་སྐེ་སེར།གོ་བོ་སོགས་རིགས༡༣རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་དང་།བཞད་ནག་དང་ནེའུ་ལེ།བྱ་རྒོད་སོགས་རིགས༣༧རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་ཡིན།ཉེ་བའི་ལོ་འདི་དག་གི་རིང་ལ།གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐོར་སྲུང་ལས་དོན་ནུས་ལྡན་དུ་སྤེལ་བས་བྱ་རིགས་མང་པོར་བདེ་འཇགས་དྲོད་སྐྱིད་ཀྱི་འཚོ་སྡོད་བྱ་ཡུལ་ཞིག་མཁོ་འདོན་བྱ་ཐུབ་ཡོད།རྩ་ཆེའི་འདབ་ཆགས་བྱ་རིགས་ཡང་ཡང་སླེབས་པ་དང་ཆབས་ཅིག་གཙང་གསུམ་འབྱུང་ཡུལ་ཀྱི་སྣོད་བཅུད་ཀྱི་བཀོད་པའང་ལེགས་སུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་ཐོབ་བའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་མངོན་སུམ་གྱིས་བླངས་ཡོད།...

    2022-08-03 14:39:09 འདི་ག་རྩོམ་སྒྲིག་ཁང་། 38363
  • ཟླ7པའི་ཚེས25ཉིན།“ནགས་ཚལ་ལ་དོ་ཁུར་བྱེད་པ།ལྗང་མདོག་གི་མཁར་གྲོང་ནི་གཏན་སྡོད་ཀྱི་གནས་ཡིན”ཞེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་དེ་ཁྲི་ཀ་རྫོང་དུ་སྤེལ་བ་དང་།རྒྱལ་ཡོངས་སྲིད་གྲོས་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ནེ་ཝུའེ་ཀོ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤིས་ཚིག་ཕུལ།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྲུའུ་ཞི་སྟེགས་བུར་བུད་ནས་གཏམ་བཤད་གནང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་དོ་ཁུར་ནགས་ཚལ་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཝུན་ཁུའེ་ཡིས་མགོ་འཛིན་གནང་།...

    2022-07-28 08:31:36 མཚོ་སྔོན་པོ་དྲ་བ། 37460
  • མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས།གནས་དེའི་བྱ་རིགས་ཀྱི་གྲངས་འབོར་དང་སྣ་ཁ་རྒྱུན་ཆད་མེད་པར་ཇེ་མང་དུ་ཕྱིན།ཆུ་བྱའི་ཁྱུ་ཚོགས་ཀྱི་གྲུབ་ཆར་ཡང་འགྱུར་ལྡོག་གསར་པ་བྱུང་ཡོད།དེ་སྔ་ངང་པ་དང་ཡཱ་ཙེ།ཆུ་སྐྱར་རིགས་བཅས་གཙོ་བྱས་པའི་རྨང་གཞིའི་སྟེང་དེ་དང་འབྲེལ་བའི་བྱ་རིགས་དང་།སྲོག་ཆགས་དང་རྩི་ཤིང་རིགས།སྐེགས་ཁྲའི་རིགས་ཀྱི་ཆུ་བྱ་བཅས་ཀྱི་རིགས་དང་ཁྱུ་ཚོགས་ཀྱི་གྲངས་འབོར་དང་འཚོ་གནས་ཁུལ་ཚང་མ་ཇེ་མང་དུ་འཕར་བ་དང་རྒྱ་ཆེ་རུ་འགྲོ་བའི་རྣམ་པ་མངོན་ཡོད།།...

    2022-06-20 11:37:19 མཚོ་སྔོན་པོ་དྲ་བ། 36818
  • མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱེད་པ་ནི་རྒྱལ་ཁབ་ཀྱི་ལས་དོན་གལ་ཆེན་ཡིན།མཚོ་སྔོན་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་དུ་གྱུར་ཡོད་ལ།སྐྱེ་ཁམས་ཀྱི་གོ་བབ་ཡང་གལ་ཆེན་ཟིན་ཡོད།ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྙན་ཞུའི་ནང་དུ།ལོ་ངོ་ལྔའི་རིང་ལ།ང་ཚོས་སྐྱེ་ཁམས་སྲུང་ཡོལ་སྔོན་སྤེལ་རྒྱུན་འཁྱོངས་དང་།སྐྱེ་ཁམས་དཔལ་ཡོན་དར་སྤེལ་ཐད་ལ་རྒྱུགས་འབྲས་ཡག་ཤོས་ཤིག་སྤྲད་ཡོད་ཅེས་བསྟན།...

    2022-06-06 09:44:34 མཚོ་སྔོན་པོ་དྲ་བ། 37266
  • མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་བྱ་གཟིགས་མཐུན་ཚོགས་བཙུགས་པ་ནས་བཟུང་།རང་ཞིང་གི་དཔེ་མཚོན་སྐྱེ་ཁམས་མ་ལག་དང་ཁྱབ་ཁོངས་གཙོ་བོའི་འདབ་ཆགས་ཀྱི་གྲུབ་ཚུལ་དང་ཁྱབ་སྟངས།རིགས་རྒྱུད་གྲངས་ཀའཚོ་གནས་ཁོར་ཡུག་འགྱུར་ལྡོག་སོགས་ཀྱི་ཕྱོགས་ལ་རྟོག་ཞིབ་མང་པོ་བྱས་པ་ལས།རྒྱུ་ཆ་དང་པོ་མང་པོ་ཐོབ་ནས་འདབ་ཆགས་ཀྱི་ཐོན་ཁུངས་གཞི་གྲངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ཞོར་དུ།བྱ་རིགས་གསར་བ་ཤེས་རྟོགས་བྱུང་བའི་ཟིན་ཐོ་ཡང་མུ་མཐུད་དུ་བཏོད་དེ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་དོ་དམ་བྱེད་པའི་རྨང་གཞིའི་རྒྱུ་ཆ་རྣལ་མ་འདོན་སྤྲོད་བྱས་ཡོད།...

    2022-06-04 21:38:45 མཚོ་སྔོན་པོ་དྲ་བ། 36662
  • ༄༅།།གཏེར་ལམ་རྫོང་འབའ་ལུང་ཡུལ་ཚོའི་ལྗོངས་ཁུལ་གྱི་བརླན་ས་རུ་ཁྲུང་ཁྲུང་སྐྱ་བོའི་ཁྱུ་ཚོགས་གནས་སྤོ་བྱས་ཏེ་ངལ་གསོའི་ཁྱིམ་གཞིས་གྲུབ།...

    2022-03-24 08:47:04 བསོད་རྡོ། 37242
  •    ཟླ3པའི་ཚེས11ཉིན།གསའ་ཞིག་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མིན་ཡོན་རྫོང་ཞི་ཐན་ཤང་སློང་ཆུང་ཉེ་འགྲམ་དུ་སླེབས་པ་དང་།ཁྱིམ་ཚང་ཞིག་གི་དྲ་མའི་ནང་དུ་འཛུལ་སྐབས་མགོར་རྨས་ཕོག་དེ་ཐོད་པར་ཁྲག་བཞུར་བཞིན་ཡོད།འབྲེལ་ཡོད་སྡེ་ཁག་ལ་གནས་ཚུལ་འབྱོར་རྗེས་འཕྲལ་དུ་ཡུལ་དངོས་སུ་སོང་ནས་གསའ་དེ་འཛིན་བཟུང་དང་སྨན་བཅོས་བྱས། ...

    2021-03-19 10:12:55 མི་གསལ། 40002

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།