• ད་ལོར།སྐལ་བཟང་དང་སྲུང་སྐྱོང་རུ་ཁག་གིས་གཙོད་ཁྲི་ལྷག་སྲུང་སྐྱོང་བྱས་ནས་གྲོང་ཚོ་བརྒལ་བ་རེད།ད་ལྟ་སྲུང་སྐྱོང་རུ་ཁག་གི་རུ་མི55སླེབས་ཡོད་ལ།ཆུ་དམར་ལེབ་ཤང་གི་ཏང་ཨུ་ཧྲུའུ་ཅི་རྡོ་རྗེ་དགྲ་འདུལ་གྱིས་བཤད་རྒྱུར།སྔོན་ཆད་མི་ཡིས་ཁུར་ཞིང་རྟ་ཐོག་ནས་སྐྱེལ་བ་ནས་ད་ལྟའི་སྦག་སྦག་འཁོར་ལོས་སྐྱེལ་བ།ལོ་ངོ་སྟོང་ཕྲག་གི་རིང་ལ་མི་དང་གཙོད་ཁྱུ་མཉམ་དུ་འཚོ་ཞིང་འཆམ་མཐུན་མཉམ་གནས་བྱེད་བཞིན་ཡོད་པས།“གཙོད་ནི་ང་ཚོའི་ཁྱིམ་མི་དང་འདྲ་ལ།གཙོད་ཕྲུག་སྲུང་རྒྱུ་ནི་ང་ཚོའི་འགན་ཁུར་ཡིན”ཟེར།།...

    2023-06-13 16:08:52 ལྷ་སྒྲོན་མཚོ་ཡིས་བསྒྱུར། 9238
  • “མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་གལ་ཆེན་ཡིན་ལ་དམིགས་བསལ་ཀྱང་ཡིན་པས་གཙང་གསུམ་འབྱུང་ཡུལ་དང‘ཀྲུང་ཧྭའི་ཆུ་མཛོད’ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ངེས་པར་དུ་འཁུར་དགོས”།“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི‘རྒྱལ་དོན་གྱི་ཆེ་ཕྱོགས་ཡིན’ལ།“རྒྱལ་ཁབ་ཀྱི་སྤྱི་གླིང་གཙོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པའི་ཐད་སྔོན་ལ་བསྐྱོད་དེ་སྔོ་ཞིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་མཚོ་སྔོན་གྱི་ལེགས་ཆ་དང་གཟི་བརྗིད་ཞིག་ཏུ་གྱུར་བར་འབད་བརྩོན་བྱས་ནས།མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་བུ་རབས་ཚ་རྒྱུད་ལ་ཕན་པ་ཐོབ་པར་བྱེད་དགོས”།...

    2023-06-09 09:41:59 ཕག་གྲུ་ཡིས་བསྒྱུར། 9287
  • ཉེ་བའི་ལོ་ཤས་རིང་།མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུས་ཀྱིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ཏེ།ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཚལ་དང་འདམ་ར་སྲུང་སྐྱོབ་དང་ཉམས་གསོ་བྱས་ཤིང་།རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་སྒྲོག་ཧུར་ཐག་བྱས་པས།འདམ་རའི་སྐྱེ་ཁམས་མ་ལག་སླར་གསོ་ནུས་ལྡན་བྱུང་བ་དང་།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།...

    2023-05-17 10:50:42 མཚོ་སྔོན་པོ་དྲ་བ། 10382
  • ད་ལྟ་མཚོ་ལྷོའི་མངའ་ཁོངས་ཀྱི་ཡངས་པའི་འཛིན་མའི་སྟེང་དུ་གཡུ་མདོག་གི་ལྗོན་ཤིང་སྣ་ཚོགས་དུས་ཀྱི་བསིལ་རླུང་འཇམ་པའི་གར་སྟབས་དང་མཉམ་དུ།རང་བྱུང་སྐྱེ་ཁམས་ཀྱི་ཉམས་སྣང་ལ་སྔར་ལས་ལྷག་པའི་གསོན་ཤུགས་བསྩལ་ཏེ།ཡུལ་ཕྱོགས་ཀུན་ཏུ་སྐྱེ་ཁམས་ཁོར་སྲུང་གི་རྣམ་པ་ལེགས་པོ་དེ་མཐོང་ཐུབ་ལ།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གནས་སྟངས་ཀྱིས་ས་གནས་ཀྱི་ཐོན་ལས་དཔལ་འབྱོར་གོང་འཕེལ་དུ་གཏོང་བར་མཐུན་རྐྱེན་གང་ལེགས་བསྒྲུབ་ནུས་ཤིང་།དེ་གཉིས་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཆོས་ཉིད་ཅིག་ཡིན་པས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི།ས་གནས་ཤིག་གི་ཆེས་མེད་དུ་མི་རུང་བའི་རྩ་བའི་ཐབས་ཇུས་དེ་ཡིན།རང་ཁུལ་གྱིས་རྩ་བའི་ཐབས་ཇུས་འདི་ཉིད་ལག་ལེན་དང་དོན་འཁྱོལ་བྱེད་པར་ཉམས་མྱོང་གང་མང་བསགས་ནས།ཁྱོན་ཡངས་པའི་ལྗང་མདོག་གི་གུང་ཧོ་གཤོངས་ས་དར་སྤེལ་དུ་བཏང་སྟེ་དམངས་ཡོངས་ཀྱི་བདེ་སྐྱིད་ཀྱི་ཚོར་སེམས་སྔར་ལས་ཇེ་མཐོར་བཏང་ཡོད་དོ།།...

    2023-05-10 08:50:44 མཚོ་སྔོན་པོ་དྲ་བ། 10709
  • ཉེ་སྔོན།མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་མཚོ་སྔོན་པོའི་ལྷོ་ངོགས་སུ་བསྐྱོད་དེ་ཡུལ་སྐོར་ཞབས་ཞུའི་འགན་ལེན་བྱ་བར་ཞིབ་བཤེར་དང་རྟོག་ཞིབ་བྱས་པ་རེད།མཚོ་སྔོན་པོའི་དཔེ་སྟོན་ཁུལ་བཏོད་པའི་དམིགས་ཚད་དང་ཡུལ་སྐོར་བྱེད་ཚད་ཇེ་མང་དུ་འགྲོ་བའི་དུས་ཚིགས་ཀྱི་དགོས་མཁོ་དང་དངོས་ཡོད་གནས་ཚུལ་ལ་འགན་ལེན་ནུས་ལྡན་བྱས་ཏེ།རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིགལས་གཉེར་མི་སྣ་གསོ་སྦྱོང་།ཡུལ་སྐོར་དྲིལ་སྒྲོག་ཁྲིད་སྟོན།ཡུལ་སྐོར་རླངས་འཁོར་དོ་དམ་བཅས་ལ་སྔར་ལས་ཤུགས་སྣོན་བརྒྱབ་སྟེ་མཚོ་སྔོན་པོའི་མཐའ་སྐོར་གྱི་སྐྱེ་ཁམས་ཡུལ་སྐོར་གྱི་ཐེག་ནུས་མུ་མཐུད་དུ་ཆེ་རུ་གཏོང་དགོས་པ་དང་།བཀོད་འདོམས་པུའུ་ཡིས་དངོས་ཡོད་གནས་ཚུལ་ལ་བརྟེན་ནས་བྱ་བའི་ཇུས་གཞི་ཟམ་མི་ཆད་པར་ཇེ་ལེགས་སུ་བཏང་ནས་ཡུལ་སྐོར་བདེ་འཇགས་ཐད་འགན་ལེན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།...

    2023-05-06 08:50:54 མཚོ་སྔོན་པོ་དྲ་བ། 10817
  • རིག་བྷོ་ནི་གཏེར་ལམ་རྫོང་རྒུ་རུ་ཡུལ་ཚོ་སྦྲེ་ལུང་སྡེ་བའི་འབྲོག་མི་དཀྱུས་མ་ཞིག་ཡིན་ལ།ཤུག་སྡོང་ལུང་པ་ནི་ཁོང་རང་འཚར་ལོངས་བྱུང་ས་དང་འཚོ་རྟེན་བྱེད་ཡུལ་ཡིན།ལོ་ངོ་བཅུའི་སྔ་རོལ་ཞིག་ལ་ང་ཚོ་གནས་འདིར་བཅར་འདྲིར་ཡོང་དུས།རིག་བྷོ་བཟའ་ཟླ་གཉིས་ཀྱིས་ཡུལ་འདིའི་རི་སྐྱེས་སྲོག་ཆགས་རེ་འགའ་ཡོད་པ་རྣམས་རང་གི་སྒོ་ཕྱུགས་ལྟར་ལྟ་སྐྱོང་དང་སྲུང་སྐྱོབ་བྱེད་བཞིན་ཡོད་ལ།ཁོའི་ཆུང་མ་ཡང་རྒྱུན་དུ་རི་སྐྱེས་སྲོག་ཆགས་གཉོར་སྐྱོང་གི་ལས་ལ་བྲེལ་ཏེ།ཁོ་བཟའ་ཟླ་གཉིས་ཀྱིས་རི་སྐྱེས་སྲོག་ཆགས་ཀྱི་རྐང་རྗེས་འཚོལ་བཞིན་སྲུང་སྐྱོབ་ཀྱི་ལས་སུ་ཞུགས་ཤིང་།ཤུག་སྡོང་ལུང་པ་འདི་སྲོག་ཆགས་སྲུང་སྐྱོབ་ཀྱི་ས་ཚུགས་ཤིག་ཏུ་འགྱུར་བར་ཕུགས་འདུན་བཅངས་ཡོད།ལོ་ངོ་བཅུ་ཡི་རྗེས་ཀྱི་དེ་རིང་རིག་བྷོ་ཡི་ཐོག་མའི་ཕུགས་འདུན་དོན་སྨིན་བྱུང་སྟེ།གནས་འདི་ནི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ས་ཚུགས་སུ་གྱུར་ཡོད།...

    2023-04-19 08:30:48 བསོད་རྡོ། 11566
  • ཟླ4བའི་ཚེས3ཉིན།གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་བདེ་སྐྱིད་ཐང་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་དང་སྐྱེ་ཁམས་སྲུང་སྐྱོང་གི་ལས་སུ་འབད་ཀྱིན་འདུག་ལ།ཡུལ་དངོས་སུ་ལས་བྱེད་དཔུང་སྡེ་ཡིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་འཆར་འགོད་ཡོད་པ་དང་སྒྲིག་གཞི་ཡོད་པ།རང་རྟོགས་ཡོད་པ་བཅས་ཀྱི་སྒོ་ནས་ཆེད་ལས་མི་སྣའི་བཀོད་སྒྲིག་ལྟར་སྡོང་འཛུགས་ནགས་སྐྲུན་བྱེད་བཞིན་ཡོད།...

    2023-04-05 10:56:57 མཚོ་སྔོན་པོ་དྲ་བ། 12355
  • ཉེ་སྔོན།མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་།ཀྲུང་གུང་ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས»དྲིལ་སྒྲོག་བྱ་བའི་བྱེད་སྒོ་སྤེལ་ནས་ཁྲིམས་ཀྱི་མིང་ཐོག་ནས་རྨ་ཆུར་སྲུང་སྐྱོང་བྱེད་པར་གཏན་འཁེལ་བྱས།...

    2023-04-03 17:34:44 མཚོ་སྔོན་པོ་དྲ་བ། 12313
  • ཉེ་ལམ་མཚོ་སྔོན་པོའི་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ་དང་ཀྲུང་གོ་ཚན་རིག་གླིང་སྲོག་ཆགས་ཞིབ་འཇུག་ཁང་གིས་ཚན་རིག་ཞིབ་འཇུག་གི་མཉམ་ལས་གྲོས་མཐུན་བཀོད་པ་དང་།མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་ཉེན་ཚབ་ཆེ་བའི་རྩ་ཆེའི་དངོས་རིགས་སྲུང་སྐྱོབ་དང་སླར་གསོ་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་གཏན་འཇགས་རང་བཞིན།རྒྱུན་མཐུད་རང་བཞིན་མུ་མཐུད་མཐོར་འདེགས་བཏང་།...

    2023-03-24 08:33:06 མཚོ་སྔོན་པོ་དྲ་བ། 12777

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།