-
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ལ་མཐོང་ཆེན་བྱེད་ཅིང་།ཉེ་བའི་ལོ་འགའི་རིང་ལ་རང་ཞིང་གིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱེད་སའི་མཚོ་སྔོན་པོའི་དཔེ་སྟོན་ས་ཁུལ་གསར་འཛུགས་བྱེད་པ་གནད་དུ་བཟུང་སྟེ།བསྟུད་མར་སྲུང་སྐྱོབ་དང་སླར་གསོ།བཅོས་སྐྱོང་བཅས་ཀྱི་ཤུགས་ཚད་ཇེ་ཆེར་བཏང་བས།མཚོ་སྔོན་པོར་འཕར་བ་གསུམ་དང་འཕྲི་བ་གསུམ།མི་འགྱུར་བ་གཅིག་བཅས་ཀྱི་རྣམ་པ་བཟང་བོ་མངོན་ཡོད་ལ།རྩྭ་ཆུ་མཚོ་གསུམ་དང་ཉ་དང་བྱ་བཅས་མཉམ་གནས་བྱེད་པའི་སྐྱེ་ཁམས་དོ་མཉམ་བྱུང་ནས།སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་བཟང་དུ་འགྲོ་བཞིན་ཡོད།...
2023-11-08 08:30:47 མཚོ་སྔོན་པོ་དྲ་བ། 9649 -
མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རྣམ་པ་གསར་བའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་དང་གསའ་ཡིས་སྣེ་ཁྲིད་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྟོག་འཇལ་བརྟག་དཔྱད་མ་ལག་བཙུགས་ཤིང་།མིག་སྔར་མཚོ་སྔོན་གྱི་གསའི་ཁ་གྲངས1200ལ་སླེབས་ཡོད”ཅེས་བཤད།འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་དཔྱད་དཔོག་གསར་བ་ལྟར་ན།མཚོ་སྔོན་ཞིང་ཆེན་གྱི་གསའ་འཚོ་སྡོད་བྱེད་པར་འཚམ་པའི་ས་ལ་སྟོང་སྨི་གྲུ་བཞི་མ་ཁྲི47ཡོད་པ་དང་།དེས་མདོ་དབུས་མཐོ་སྒང་གི་གསའ་འཚོ་སྡོད་བྱེད་པར་འཚམ་པའི་སའི་རྒྱ་ཁྱོན་གྱི25%ཟིན་པ་རེད།...
2023-10-27 15:47:03 མཚོ་སྔོན་པོ་དྲ་བ། 9891 -
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཏུང་ཕུའུ་ཧའེ་ཡིས་འདི་སྐད།མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ།«མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད»བཟོས་ཏེ་འཐུས་ཚང་དུ་གཏོང་བ་དང་།རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་དང་ཡན་ལག་ཁུལ་མགྱོགས་མྱུར་གཏན་འཁེལ།མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དང་།ཐོན་སྐྱེད།འཚོ་བ་བཅས་ཀྱི་བར་མཐོངས་ཚན་རིག་དང་མཐུན་པའི་ངང་དབྱེ་འབྱེད་བཅས་བྱས་ནས2024ལོར་དུས་བཀག་ལྟར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་སྙན་ཞུ་ལ་བརྩོན་ལེན་བྱ་འཆར་ཡོད་ཅེས་ངོ་སྤྲོད་བྱས།...
2023-10-20 08:54:58 མཚོ་སྔོན་པོ་དྲ་བ། 7560 -
བོད་རིགས་ཕོ་རྒོད་དབང་ཆེན་བསྟན་འཛིན་གྱིས་མར་ཟོམ་ཞིག་ཕར་སྒུལ་ཚུར་སྒུལ་བྱེད་བཞིན་དུ་བྱེ་ཐང་བཅོས་སྐྱོང་བྱེད་རྒྱུ་ནི་མར་ལོ་དཀྲུག་པ་དང་འདྲ་བར་ངང་རྒྱུད་རིང་པོ་དགོས་ལ་དཀའ་སྡུག་བཟོད་ཐུབ་པར་མ་ཟད།ཕམ་ཁའི་ཚོད་བགམ་ཐེག་ཐུབ་དགོས།དེ་ལྟར་མ་བྱས་ཚེ་སྐྱུར་བ་དང་རུལ་ཏེ་ཞིམ་མངར་ལྡན་པའི་མར་ལོ་ཞིག་ཁ་ལ་རེག་ཐབས་མེད་ཟེར།སྐབས་དེ་དུས་ས་འདིའི་ཉེ་འཁོར་དུ་ཤིང་སྡོང་གཅིག་ཀྱང་མེད།ཕྱོགས་ཕྱོགས་སུ་བལྟས་ཚེ་བྱེ་ཐང་སེར་པོའི་ཁ་ལེབ་བརྒྱབ་པ་དང་མཚུངས་ཤིང་།རྩྭ་ཐང་བྱེ་མས་མནན་ཞིང་།བྱེ་མ་གཞུང་ལམ་དུ་ཁུར་བས།བྱེ་མའི་ནང་སྡོང་ཕྲུག་འདྲུད་རྒྱུ་ནི་ཧ་ཅང་ཁག་པོ་ཞིག་རེད།...
2023-10-10 14:30:54 མཚོ་སྔོན་པོ་དྲ་བ། 7489 -
[སྐྱེ་ཁམས་སྲུང་སྐྱོང་།]
མཚོ་སྔོན་པོར་ཆུ་བྱ་དང་གསེར་ཉ་མཉམ་འཚོའི་ལྗང་མདོག་སྐྱེ་ཁམས་ཀྱི་རི་མོ་གྲུབ་ཡོད།
ཟླ8པའི་ཚེས19ཉིན།བརྗོད་དོན་ལ་རྒྱལ་ཁབ་སྤྱི་གླིང།སེམས་ཅན་ཡོད་རྒུ་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ཁྱིམ་གཞིས་ཞེས་པའི་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་གཉིས་པ་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་བསྡུ་བ་ཡིན་པ་དང་།གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་ཏེ།ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན་ལ།ཐེངས་འདིའི་གླེང་སྟེགས་ནི་མགོ་རྩོམ་མཛད་སྒོ་དང་གླེང་སྟེགས་གཙོ་བོ།བརྗོད་དོན་གླེང་སྟེགས3།རྒྱལ་ཁབ་སྤྱི་གླིང་གི་བརྗོད་དོན་གཙོ་བོའི་འགྲེམ་སྟོན་བཅས་ཀྱིས་གྲུབ་ཡོད།...
2023-08-22 16:00:15 མཚོ་སྔོན་པོ་དྲ་བ། 7527 -
ཀྲུང་གོའི་ས་ཁྲའི་སྟེང་དུ།མཐོ་ཞིང་བརྗིད་པའི་རི་རྒྱུད་ཅིག་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བར་དུ་བརྐྱངས་ཏེ་རྨ་ནུབ་ཁྱམས་རིང་ལ་ཐུར་གཟིགས་གནང་ཡོད་ཅིང་།དེ་ནི་གནའ་དུས་སུ་མི་ཉག་པས“གནམ་གྱི་རི་བོ”རུ་འབོད་པའི་མདོ་ལ་རིང་མོ་རེད།མདོ་ལ་རིང་མོ་ནི་རྨ་ནུབ་ཁྱམས་རིང་ལ་ཆེས་གལ་འགངས་ཆེ་བའི་རི་བོ་ཞིག་ཡིན་ཏེ།འདི་ལས་འབབ་པའི་ཆུ་བོ་ཡིས་རྨ་ནུབ་ཁྱམས་རིང་གི་སྔོ་གླིང་བསྐྱངས་ཡོད་པ་རེད།མདོ་ལ་རིང་མོ་ནི་ས་ཁམས་དོན་སྙིང་སྟེང་གི་རི་མཐོན་པོ་ཞིག་ཁོ་ན་ཙམ་མིན་པར།མི་རིགས་མི་འདྲ་བའི་སྙིང་སྟོབས་ཀྱི་ཡང་རྩེ་ཡིན།...
2023-08-08 15:04:13 མཚོ་སྔོན་པོ་དྲ་བ། 7678 -
རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དང་བཀོལ་སྤྱོད་བརྒྱུད་དེ།གླིང་ཁུལ་གྱི་དགེ་མཚན་མི་འདྲ་བ་ཕན་ཚུན་ཁ་གསབ་དང་།ཐུན་མོང་ཁེ་ཕན་མཉམ་ཐོབ།མཉམ་བསྐྲུན་མཉམ་སྤྱོད་བཅས་ལ་སྐུལ་འདེད་དང་།འཛམ་གླིང་གི་ཆུ་བོ་ཆེན་པོའི་དཔལ་ཡོན་གྱི་རིག་གཞུང་རིག་གནས་བརྗེ་སྤེལ་གྱི་སྡིངས་ཆ་གསར་གཏོད་ལ་བརྟེན་ནས་རྨ་ཆུ་རིག་གནས“ཕྱི་རུ་བསྐྱོད”པ་དང་།འཛམ་གླིང་གི་གྲགས་ཆེ་བའི་ཆུ་བོའི་དཔལ་ཡོན“ནང་འདྲེན”ལ་སྐུལ་འདེད་གཏང་རྒྱུ་མ་ཟད།མཚོ་སྔོན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་རིག་གནས་ཐོན་ཁུངས་དང་སྐྱེ་ཁམས་ཐོན་ཁུངས་ཀྱི་ཁྱད་ཆོས་ཕྱོགས་ཡོངས་ནས་ལེགས་སྒྲིག་དབྱེ་ཞིབ་ཐོགརྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་འཛུགས་སྐྲུན་དང་།རྨ་ཆུ་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་དགོས་མཁོ་དམིགས་སུ་བཟུང་སྟེ།གནས་ངོས་རྒྱུད་གསུམ་མཉམ་འབྲེལ་གྱི་ལམ་ནས“རྒྱུད་གཅིག་ཁྱམས་ཅིག་ཚན་གཉིས་གླིང་དགུ”ཀྱི་བར་སྟོང་ཇུས་འགོད་བྱ་རྒྱུའོ།།...
2023-07-26 10:02:10 མཚོ་སྔོན་པོ་དྲ་བ། 7614 -
[སྐྱེ་ཁམས་སྲུང་སྐྱོང་།]
མཚོ་སྔོན་རྐང་ཚ་རུ་གཙང་བོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་ཡི་ངོ་མཚར་རྣམ་པ་ཡང་བསྐྱར་མངོན།
མཚོ་སྔོན་པོའི་བྱང་རྒྱུད་དང་མདོ་ལ་རི་བོའི་ལྷོ་རྒྱུད་དུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆགས་ཡོད།ཟླ་དྲུག་པ་དང་བདུན་པ་ནི་མཚོ་སྔོན་པོའི་འགྲམ་ངོགས་ཆེས་མཛེས་པའི་དུས་ཚིགས་ཡིན་ལ།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་མངའ་ཁོངས་སུ།ཁྱུ་དང་ཁྱུ་བྱས་པའི་གསེར་ཉའི་ཚོགས་ནི་མཚོ་སྔོན་པོར་འབབ་པའི་ཆུ་རྒྱུན་དེད་དེ་ཆུ་བོའི་མགོ་ཁུངས་སུ་རྐྱལ་ནས།ཚྭ་མེད་ཆུའི་ནང་ཉ་ཕྲུག་གསོ་བ་ཡིན་ཞིང་།གཙང་བོའི་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་ཡི་ངོ་མཚར་རྣམ་པ་ཡང་བསྐྱར་མངོན་ཡོད།...
2023-07-13 08:58:03 རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 7819 -
དབྱར་གཞུང་དུ་མཚོ་སྔོན་ཞིང་ཆེན་ཨ་ཆེན་གངས་རྒྱབ་ལྟེ་གནས་སུ་ཆགས་པའི་བྲག་ནག་མཚོ་དེ་ལྷིང་འཇགས་ངང་གནས་ཤིང་།གངས་རི་དང་མཚོ།མཚེའུ།རྩྭ་ཐང་དང་རི་སྐྱེས་སྲོག་ཆགས་བཅས་ཀྱིས་རྔམ་བརྗིད་ལྡན་ཞིང་ཡངས་ཤིང་རྒྱ་ཆེ་བའི་སྐྱེ་ཁམས་རི་མོ་ཞིག་ངང་གིས་གྲུབ་ཡོད།བྲག་ནག་མཚོ་ལ“གཙོད་ཕྲུག་བཙའ་ཁང”གི་མཚན་སྙན་ཡོད་པ་དང་།ལོ་རེའི་ཟླ5བ་ནས་ཟླ7པར་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་དང་ཞིན་ཅིང་ཨ་འུར་ཅིན་ཧྲན།བོད་ལྗོངས་བྱང་ཐང་ནས་གནས་སྤར་བའི་གཙོད་ཁྱུ་རིམ་བཞིན་བྲག་ནག་མཚོ་འགྲམ་རྒྱུད་དུ་ཡོང་ནས་གཙོད་ཕྲུག་བཙའ་མགོ་བརྩམས་པ་རེད།།...
2023-06-26 10:27:43 ལྷ་སྒྲོན་མཚོ་ཡིས་བསྒྱུར། 8603