ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་ཞིབ་འཇུག > ༄༅།།བོད་ལྗོངས་སུ་ཕྱེ་ལེབ་རིགས567ལ་བོད་རྒྱ་སྐད་གཉིས་ཀྱི་མིང་བཏགས།
༄༅།།བོད་ལྗོངས་སུ་ཕྱེ་ལེབ་རིགས567ལ་བོད་རྒྱ་སྐད་གཉིས་ཀྱི་མིང་བཏགས།
རྩོམ་པ་པོ།: གཡང་འབུམ་ཚེ་རིང་གིས་བསྒྱུར།
ཡོང་ཁུངས།:གངས་ལྗོངས་འཕྲིན་གསར།
དུས་ཚོད།:2020-06-03 09:04:06
ཀློག་གྲངས།:
ཚན་རིག་རྟོག་ཞིབ་ཞིབ་འཇུག་མི་སྣའི་མཉམ་པར། ཟླ་བས་པར་བླངས།
བོད་ལྗོངས་སུ་ཁྱབ་པའི་ཕྱེ་ལེབ། ཟླ་བས་པར་བླངས།
བོད་ལྗོངས་ས་མཐོའི་ས་རྒྱ་ཆེ་ལ་ས་བབ་རྙོག་འཛིང་ཆེ་བ། གནམ་གཤིས་སྣ་མང་ཡིན་པས་ཕྱེ་ལེབ་འཕེལ་འགྱུར་ལ་ཕུན་སུམ་ཚོགས་པའི་སྣོད་བཅུད་ཀྱི་གནས་ཤིག་མཁོ་འདོན་བྱས་ཡོད་ཅེས་ཟླ་བས་དེ་ལྟར་ངོ་སྤྲོད་བྱས། བོད་ལྗོངས་ནི་ཀྲུང་གོའི་རྒྱལ་ནང་གི་ཕྱེ་ལེབ་ཀྱི་སྣ་ཁ་མང་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། ཕྱེ་ལེབ་ཀྱི་སྣ་ཁ་མང་ཞིང་ཁྱབ་རྒྱ་ཆེ་བ་དང་། མཐོ་གྲང་ས་ཁུལ་ནས་ཚ་ཁུལ་ཕལ་བའི་ས་ཁུལ་ཚང་མར་ཕྱེ་ལེབ་ཡོད་པ་དང་། འཛམ་གླིང་གི་ཁྱབ་ཁོངས་ནས་བཤད་ན། ས་ཁུལ་གཅིག་ནས་གནམ་གཤིས་སྣ་མང་ལ་འཕྲོད་པའི་ཕྱེ་ལེབ་ནི་དཀོན་པོ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་ཕྱེ་ལེབ་སྣ་མང་རང་བཞིན་གྱི་ཞིབ་འཇུག་ནི་ས་ཁོངས་མི་འདྲ་བའི་འཕེལ་འགྱུར་ལམ་སྲོལ་གྱི་སྐར་ཁུང་ཞིག་ཡིན་པ་དང་ཕྱེ་ལེབ་ཞིབ་འཇུག་ནི་སྐྱེ་དངོས་རིག་པའི་རྣམ་པ་དང་འོད་རིག་པ། བཟའ་བཅའི་མུ་འབྲེལ། སྐྱེ་ཁམས་དོ་མཉམ། རིགས་ཁྱུའི་སྐྱེ་དངོས་རིག་པ་སོགས་འཕེལ་འགྱུར་སྐྱེ་དངོས་རིག་པའི་སྣང་ཚུལ་གཞན་དག་ལ་ཞིབ་འཇུག་བྱེད་པའི་རྨང་གཞི་ཞིག་རེད།ཀྲུང་གོ་གསར་བ་དབུ་བརྙེས་རྗེས། བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ཞིབ་འཇུག་ཁང་དང་རྒྱལ་ནང་གི་མཐོ་རིམ་སློབ་གྲྭ། རིམ་པ་ཁག་གི་ཚན་རིག་ཞིབ་འཇུག་ཁང་བཅས་ཀྱིས་བོད་ལྗོངས་ལ་ཆེད་དོན་དང་ཡོངས་ཁྱབ་ཞིབ་བཤེར་གྱི་རྣམ་པའི་ཚན་རིག་རྟོག་ཞིབ་ཐེངས་མང་བྱས་པ་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྟོང་ཆ་མང་བོ་གསབ་པ་དང་བོད་ལྗོངས་ཀྱི་འབུ་སྲིན་བྱ་གཞག་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号