ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་ཞིབ་འཇུག > ༄༅།།མཚོ་སྔོན་ནས་ཡང་བསྐྱར་ས་ཁམས་མཛེས་ལྗོངས་ངོ་མཚར་བ་ཞིག་བྱུང་བ།
༄༅།།མཚོ་སྔོན་ནས་ཡང་བསྐྱར་ས་ཁམས་མཛེས་ལྗོངས་ངོ་མཚར་བ་ཞིག་བྱུང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-01-20 09:05:33
ཀློག་གྲངས།:
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
འཛམ་གླིང་གི་ཆེས་ཆེ་བའི་དོང་སྔོན་པོ་སྟེ། ལི་པའོ་ཙི་དོང་སྔོན་པོ། པར་རིས་པའེ་ཏུའུ་ལས་དྲངས།
འཛམ་གླིང་གི་ཆེས་གཏིང་བའི་དོང་སྔོན་པོ་སྟེ། སན་ཧྲ་ཡོན་ལི། པར་རིས་མི་དམངས་དྲ་བ་ལས་དྲངས།“དོང་སྔོན་པོ”ཞེས་པ་འདི་ནི་ས་གཤིས་མཛེས་ལྗོངས་མཐོང་དཀོན་པ་ཞིག་གི་མིང་ཡིན་ལ། རྒྱུན་པར་སོལ་སྐྱུར་ཚྭ་(碳酸盐)བཅས་འཛོམས་པའི་ས་ཆ་ནས་བྱུང་ཞིང་། མང་ཤོས་ནི་ས་ངོས་དང་མཚོ་ངོས་ཀྱི་འོག་རོལ་ན་ཡོད། དེ་ལའང་རྒྱ་མཚོའི་དོང་སྔོན་པོ་(海洋蓝洞)དང་སྐམ་ས་ནང་ལོག་གི་དོང་སྔོན་པོ་(内陆蓝洞)ཞེས་རིགས་གཉིས་ཡོད།
ཏི་ཨན་སི་དོང་སྔོན་པོ། པར་རིས་རྒྱལ་ཁབ་ས་རྒྱུས་ལས་དྲངས།ཀ འཁྱགས་རོམ་དུས་སྐབས་སུ་མཚོ་ངོས་ཇེ་དམར་ཕྱིན་ནས་རྡོ་ཐལ་བྲག་(石灰岩)ལས་གྲུབ་པའི་གླིང་ཕྲན་ལ་ས་ངོས་ཆུ་ཡི་སིམ་བཞུ་(溶蚀)བྱུང་ནས་འོག་རོལ་དུ་དོང་ཆེན་པོའི་རིགས་ཆགས་པ་དང་། འཁྱགས་རོམ་གྱི་དུས་ཚིགས་རྫོགས་སྐབས། མཚོ་ཆུ་ཡང་བསྐྱར་འཕེལ་ནས་དོང་ནང་དུ་ཆུ་ཡིས་བཀང་བ་ལས་གྲུབ་པ་ཞིག་ཡིན།
ཀ་སི་ཁོ་ལེ་མཚེའུ། liu8666 ཅེས་པས་པར་བླངས།ག རྒྱ་མཚོའི་འགྲམ་ངོགས་སུ། ས་གཤིས་གྲུབ་ཚུལ་གྱི་འགུལ་སྐྱོད་དབང་གིས་ས་ངོས་ལ་སེར་ཀ་གས་པ་དང་། སེར་ཀའི་བར་དུ་ཆུ་ཡིས་བཀང་བ་ལས་གྲུབ་པ་བཅས་སོ།།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།དྲང་མོར་བཤད་ན། ཀ་སི་ཁོ་ལེ་མཚེའུ་(尕斯库勒湖)ནི་ལོ་མང་རིང་ལ་ཁ་བ་དང་ཆར་བ་ཡིས་བསླད་སྐྱོན་བྱུང་བ་དང་། དེའི་ཐོག་ས་འོག་གི་བ་ཚྭའི་ཆུ་ནི་དཔྱིད་དབྱར་དང་སྟོན་དགུན་གྱི་དུས་ལ་འཕེལ་འགྲིབ་བྱུང་བའི་དབང་གིས། སྔ་མོ་ཞིག་ནས་བཟུང་། ས་ངོས་སུ་བ་ཚྭའི་ཆུ་མིག་དང་བ་ཚྭའི་ཆུ་བོ་ཆེ་ཆུང་མི་འདྲ་བ་མང་པོ་ཆགས་ཡོད།
པར་རིས་ཚྭ་འདམ་རིག་གནས་ཞེས་པ་དྲངས།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
པར་རིས་རྒྱལ་ཁབ་ས་རྒྱུས་ལས་དྲངས།ཀྲུང་གོའི་ཚན་རིག་གླིང་གི་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་སུའོ་ཡི་གཞི་གྲངས་ལས་གསལ་བ་ལ་གཞིགས་ན། ཀ་སི་ཁོ་ལེ་མཚེའུ་ནི་རྡོ་ཚྭ་དང་ཚྭ་མཚོའི་གཏེར་ཁ་ཡོད་ས་ཧ་ཅང་ཆེ་བའི་རིགས་ཤིག་ཡིན་ལ། ས་ངོས་དང་ས་འོག་གི་བ་ཚྭའི་ཆུ་ནི་ཧ་ཅང་ཕུན་སུམ་ཚོགས་པར་མ་ཟད། ད་དུང་ཚྭའི་འདུས་ཚད་ཀྱང་ཧ་ཅང་སྟུག་པ་རེད།
སྲུང་སྐར་གྱིས་པར་དུ་བླངས་པའི་ཀ་སི་ཁོ་ལེ་མཚེའུ། པར་རིས་གའོ་གེལ་སའི་གོ་ལ་ཞེས་པ་ལས་དྲངས།
པར་རིས་མང་ནེ་ཁྱབ་སྒྲོག་ཅེས་པ་ལས་དྲངས།
པར་རིས་ཚྭ་འདམ་གྱི་རིག་གནས་ཞེས་པ་དྲངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།






青公网安备63252102000006号