༄༅།།མཚོ་ལྷོ་ཁུལ་གྱིས་འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས26པའམ་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་ཚོགས་འདུའི་བྱ་འགུལ་སྤེལ།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2021-04-23 11:50:20 ཀློག་གྲངས།:
      ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ100ལོན་པར་བསུ་མའི་བར་སྐབས་དང་བསྟུན་ནས།  ཟླ4བའི་ཚེས23ཉིན་མཚོ་ལྷོ་ཁུལ་གྱིས་ཏང་གི་དགའ་སྟོན་དང་མི་དམངས་ཀྱི་དུས་ཆེན་ཞེས་པ་བརྫོད་དོན་ཡིན་པའི་འཛམ་གླིང་དཔེ་ཀློག་ཉིན་མོ་སྐབས26པའམ་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་སྤེལ་ཚོགས་འདུའི་བྱ་འགུལ་སྤེལ།
ཚོགས་ཞུགས་འགོ་ཁྲིད་རྣམ་པ།
      ཐེངས་འདིའི་བྱ་འགུལ་ནི་མཚོ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གིས་འགན་སྒྲུབ་བྱས་པ་ཡིན་ཞིང་། ཚོགས་འདུ་ལ་མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པའམ་མཚོ་ལྷོ་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་བློ་མཐུན་ཀུ་ཝུན་ཅུན་དང་། ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་བློ་མཐུན་རིན་བྷེ། གསར་གཉིས་བྱ་བའི་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བློ་མཐུན་ཨོ་རྒྱན་ཚེ་རིང་། ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་གཟུགས་འདས་རིག་གནས་ཁུའོ་ཡི་ཁུའོ་ཀྲང་བློ་མཐུན་ཕུར་བ། ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་སྤྱི་བའི་ཞབས་ཕྱི་དང་སྒྱུ་རྩལ་ཁུའོ་ཡི་ཁུའོ་ཀྲང་བློ་མཐུན་སྐལ་བཟང་ཚེ་རིང་སོགས་ཞུགས་ཡོད།
ཤིེས་ཚིག་འབུལ་བཞིན་པ། 
གྲོས་འདོན་ཡི་གེ་བསྒྲགས་འདོན་བྱེད་བཞིན་པ།
ཕུལ་བྱུང་དཔེ་ཀློག་པ་རྣམ་པར་བྱ་དགའ་གནང་བཞིན་པ།
དྲི་བར་ལན་འདེབས་བཞིན་པ།
ལྟ་སྐོར་བྱེད་བཞིན་པ།
      ཐེངས་འདིའི་བྱ་འགུལ་ལ་སྡོམ་པས་གོ་རིམ་བཞི་ཡིས་གྲུབ་ཡོད་སྟེ། གོ་རིམ་དང་པོ་ནི་དཔེ་ཀློག་པའི་འཐུས་མིས་དམངས་ཡོངས་ལ་དཔེ་ཀློག་གི་འབོད་སྐུལ་གཏོང་བའི་གྲོས་འདོན་ཡི་གེ་བསྒྲགས་འདོན་བྱས་པ། གོ་རིམ་གཉིས་པ་ནི་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་གིས་ཤིས་ཚིག་འབུལ་བ། གོ་རིམ་གསུམ་པ་ནི་རིམས་ནད་འགོག་རྒོལ་གྱི་སྐབས་སུ་དཔེ་མཛོད་ཁང་ལ་དཔེ་ཆ་ཞལ་འདེབས་བཏང་མཁན་གྱི་བློ་མཐུན་སུང་ཞའོ་ཡན་ལ་ཞབ་འདེབས་དཔང་ཡིག་གནང་བ། དེ་དང་ཆབས་ཅིག་ཏུ། མཚོ་ལྷོ་ཁུལ་དཔེ་མཛོད་ཁང་གིས2020ལོའི་ཕུལ་བྱུང་དཔེ་ཀློག་པ་ལེགས་འདེམས་བྱས་པ། གོ་རིམ་བཞི་བ་ནི་ཡུལ་དངོས་ནས་ཏང་གི་ཤེས་བྱའི་སྐོར་གྱི་དྲི་བ་ལ་དྲིས་ལན་བཏབ་པ་དང་། དེ་ནས་དཔེ་མཛོད་ཁང་གི་སློབ་མའི་ཡུག་གཟུགས་དང་རི་མོའི་བརྩམས་ཆོས་ལ་ལྟ་སྐོར་དང་འགྲོས་ནས་བྱ་འགུལ་མཇུག་རྫོགས་སོང་།
      དཔེ་ཀློག་གིས་ང་ཚོའི་མིག་རྒྱང་རིང་དུ་བསྐྱེད་ཐུབ་པར་མ་ཟད། ང་ཚོའི་ཤེས་བྱ་ཕུན་སུམ་ཇེ་ཚོགས་སུ་གཏིང་ཐུབ་པ། རྨོངས་པའི་མུན་པ་སེལ་ཏེ་ཤེས་རབ་ཀྱི་སྒྲོན་མེ་འདེགས་པར་བྱེད་ཅིང་། ཕུགས་བསམ་མངོན་འགྱུར་ཡོང་བའི་རེ་བའི་མེ་ལྕེ་སྦར་ཐུབ་ངེས་ཡིན། དེ་བས་དམངས་ཡོད་ཀྱིས་དཔེ་ཀློག་གི་གོམས་སྲོལ་ཡག་པོ་ཞིག་ཆགས་རྒྱུར་འབད་པར་གལ་ལོ།།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།