ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > «གུང་ཧོའི་དྲན་ཤེས»དཔེ་ཚོགས་ཀྱི་རྩོམ་སྒྲིག་ཚོ་ཆུང་གྲོང་རྡལ་དང་ཡུལ་ཚོར་བསྐྱོད་པ།
«གུང་ཧོའི་དྲན་ཤེས»དཔེ་ཚོགས་ཀྱི་རྩོམ་སྒྲིག་ཚོ་ཆུང་གྲོང་རྡལ་དང་ཡུལ་ཚོར་བསྐྱོད་པ།
རྩོམ་པ་པོ།:«གུང་ཧོའི་དྲན་ཤེས»རྩོམ་སྒྲིག་ཚ
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-09-10 10:07:02
ཀློག་གྲངས།:
གུང་ཧོ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ལས་སྒྲུབ་མཛད་ཅིང་། རྫོང་སྲིད་གྲོས་ཀྱིས་གཙོ་སྒྲུབ་མཛད་པའི«གུང་ཧོའི་དྲན་ཤེས»དཔེ་ཚོགས་ཀྱི་རྩོམ་སྒྲིག་ཚོ་ཆུང་གི་འགོ་འཛིན། སྔོན་མའི་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་འབྲུག་འབུམ་རྒྱལ་གྱི་སྣེ་ཁྲིད་འོག 2025ལོའི་ཟླ9བའི་ཚེས4ནས་ཚེས9བར་རྩོམ་སྒྲིག་ཚོ་ཆུང་གུང་ཧོ་རྫོང་གི་གྲོང་རྡལ་དང་ཡུལ་ཚོ11དང་། སྡེ་བ99ཡི་འགན་འཛིན་མི་སྣ་དང་། སྡེ་གཙོ་སོ་སོའི་ལས་འཛིན་མི་སྣ་སོགས་ལ་མཐའ་མཇུག་གི«གུང་ཧོའི་དྲན་ཤེས»ཀྱི་ཡིག་ཆ་དག་སྒྲིག་དང་། འཕྲི་སྣོན། བསམ་འཆར་བརྗེ་རེས། རེ་བ་སོགས་ལ་ལྟ་ཞིབ་དང་རྟོགས་དཔྱོད་བྱེད་དུ་བསྐྱོད།

«གུང་ཧོའི་དྲན་ཤེས»དཔེ་ཚོགས་ནི2024ལོའི་ཟླ4བར་ཚལ་རྔ་འགག་གྲོང་རྡལ་ནས་ལས་མགོའི་འགོ་བརྩམས་ཏེ། ད་ལྟའི་བར་ལོ་གཅིག་ལྷག་འགོར་ཡོད་ལ། ལོ་གཅིག་གི་རིང་ལ་རྫོང་ཡོངས་ཀྱི་མང་ཚོགས་དང་མཉམ་དུ་རྒྱུ་ཆ་སྔོག་འདོན་དང་། ཞིབ་འཇུག་ཚོགས་འདུ་ཆེ་ཆུང་བཅུ་ཕྲག་འགའ་བསྡུས་ཤིང་ཐེངས་མང་པོར་གཞི་རིམ་དུ་བསྐྱོད་དེ་དཔེ་ཚོགས་འགྲུབ་ལ་ཉེ་ཡོད། དཔེ་ཚོགས་འདིར་བོད་ཡིག་གི་དཔེ་ཆ་སྣ་མི་འདྲ་བ32ཡོད་པ་དང་། རྒྱ་ཡིག་གི་དཔེ་ཆ5བཅས་བསྡོམས་པས་དཔེ་ཆ37ལས་གྲུབ་པའི་དཔེ་ཚོགས་ཞིག་སྟེ། གུང་ཧོ་ས་ཁུལ་གྱི་རིག་གནས་ལོ་རྒྱུས་དང་། རི་ཆུ་ནགས་གསུམ། ཡུལ་སྲོལ་རིག་གནས། ངག་རིག་སྒྱུ་རྩལ་སོགས་མང་ཚོགས་ཀྱི་དོན་དངོས་གནས་ཚུལ་གྲ་མ་ཉམས་པ་དང་གྲུ་མ་ཡལ་བའི་གཙང་མ་གཙང་རྐྱང་རྣམས་བསྡུ་ལེན་བྱས་ཏེ་ད་ལྟ་པར་དུ་བསྐྲུན་ལ་ཉེ་བའི་དུས་ལ་སླེབས་སྐབས། ཡང་བསྐྱར་གྲོང་རྡལ་དང་ཡུལ་ཚོ་སོ་སོར་བསྐྱོད་དེ་མཐའ་མཇུག་གི་བྱ་བའི་ཉམས་ཞིབ་ཞིག་བྱས་པ་ཡིན།

ཐེངས་འདིར་རྩ་དོན་བཞི་རྒྱུན་འཁྱོངས་ནན་མོ་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་དང་མཉམ་དུ་མང་ཚོགས་ཀྱི་རེ་འདུན་དང་སེམས་ཁོང་གི་སྐད་ཆ་ཅི་ཡོད་པ་རྣམས་ཡང་བསྐྱར་ཆད་ལུས་མེད་པར་སྔོག་འདོན་དང་འཚོལ་སྡུད་བྱས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།