«ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས»པོད༥༠ཡི(ཁྱོན་པོད༡༠༠)དེབ་གསར་འགྲེམ་སྤེལ་བྱས།

རྩོམ་པ་པོ།: ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2025-10-21 08:58:53 ཀློག་གྲངས།:
«ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས»པོད༥༠ཡི(ཁྱོན་པོད༡༠༠)དེབ་གསར་འགྲེམ་སྤེལ་མཛད་སྒོ་ཐེན་ཧྥུ་དཔེ་དེབ་འགྲེམ་སྟོན་གྱི་རྔ་བའི་འགྲེམ་སྟོན་ཁུལ་དུ་གཟབ་རྒྱས་ངང་སྤེལ།
 
       སྤྱི་ཟླ༡༠པའི་ཚེས༡༩ཉིན། རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་ཐེངས་བཅོ་ལྔ”པའི་མི་རིགས་སྐད་ཡིག་དཔེ་སྐྲུན་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་མི་རིགས་སྐད་ཡིག་དཔེ་སྐྲུན་གྱི་ཆེད་དམིགས་རོགས་དངུལ་རྣམ་གྲངས། «ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས»པོད༥༠ཡི(ཁྱོན་པོད༡༠༠)དེབ་གསར་འགྲེམ་སྤེལ་མཛད་སྒོ་ཐེན་ཧྥུ་དཔེ་དེབ་འགྲེམ་སྟོན་གྱི་རྔ་བའི་འགྲེམ་སྟོན་ཁུལ་དུ་གཟབ་རྒྱས་ངང་སྤེལ།
       དཔེ་ཚོགས་གཙོ་སྒྲིག་པ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྟོབས་ལྡན་དང་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྷ་བྱམས། དེ་མིན་སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྡོ་རྗེ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་སོགས་ཚོགས་འདུར་ཞུགས།
       དཔེ་ཚོགས་གཙོ་སྒྲིག་པ་དགེ་རྒན་ཆེན་མོ་ལྷ་བྱམས་ཀྱིས་དཔེ་ཚོགས་བསྡུ་སྒྲིག་གི་གོ་རིམ་དང་ཞིབ་འཇུག་དོན་སྙིང་སྐོར་ནས་བརྗོད་དོན། དཔེ་ཚོགས་འདི་ཉིད་ནི་མ་ལག་ལྡན་པའི་སྒོ་ནས་ཕྱི་རྒྱལ་དུ་ཉར་བའི་ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་སྟེ། ལག་བྲིས་དང་པར་དེབས་སོགས་པར་མ་སྣ་མང་བསྡུ་རུབ་བྱས་ཡོད་ཅིང་། དེ་ནི་ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་དུས་རབས་གསར་པར་བསྡུ་སྒྲིག་དང་ཞིབ་འཇུག་བྱས་པའི་ལམ་ཚད་ཀྱི་རྡོ་རིང་ལྟ་བུ་རེད།
       སི་ཁྲོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དཔལ་ཆེན་རྡོ་རྗེས་ཀློག་པ་པོའི་མཐོང་སྣེ་ནས་དཔེ་ཚོགས་ལ་འགྲེལ་བཤད་བྱས་ཤིང་། ཁོང་གིས་ཐེངས་འདིའི་དཔེ་ཚོགས་ཀྱི་དཔེ་སྐྲུན་གྱིས་ཞིབ་འཇུག་པའི་སྡེ་རུ་ཐོག་མའི་རྒྱུ་ཆ་གལ་ཆེན་མཁོ་འདོན་གནང་ཡོད་པ་མ་ཟད། སྤྱིར་བཏང་ཀློག་པ་པོ་ལའང་གནའ་བོའི་མི་རིགས་ཀྱི་རིག་གནས་འབྲེལ་འདྲེས་ལ་རྒྱུས་ལོན་བྱེད་པའི་སྒེའུ་ཁུང་ལྟ་བུ་ཡིན་པས། དེར་རིག་གནས་ཁྱབ་སྤེལ་དང་སློབ་གསོའི་དོན་སྙིང་གལ་ཆེན་ལྡན་པ་རེད།
       སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ་ཨ་སྔགས་ཚེ་རིང་བཀྲ་ཤིས་ཀྱིས་ཤིས་ཚིག་ཏུ་བརྗོད་དོན། «ཏུན་ཧོང་བོད་ཀྱི་གནའ་བོའི་ཡིག་ཆ་ཕྱོགས་བསྒྲིགས»དཔེ་སྐྲུན་བྱས་པར་རིན་ཐང་དང་དོན་སྙིང་ཆེན་པོ་ལྡན་ཡོད་དེ། དེ་ཉིད་ཀྱིས་ཞིབ་འཇུག་པའི་སྡེ་རུ་དུས་ཡུན་རིང་པོར་ཡིག་ཚང་སྔོག་བཤེར་བྱེད་མི་བདེ་བའི་བཀག་རྒྱ་བསལ་ནས་བོད་རིག་པ་དང་ཏུན་ཧོང་རིག་པ་སོགས་ཀྱི་ཁྱབ་ཁོངས་སུ་དབང་གྲགས་ལྡན་པའི་རྒྱུ་ཆ་མཁོ་འདོན་བྱས་ཡོད་པས། དུས་ཡུན་རིང་པོར་ཕྱི་ལ་ཤོར་བའི་ཤེས་རིག་གི་ནོར་བུ་བསྐྱར་བསྡུས་བྱས་ཏེ་ལོ་ངོ་སྟོང་ཕྲག་རིང་གི་ཡིག་ཚང་ཁྲོད་ཀྱི་རིག་གནས་ས་བོན་ལ་རྒྱུན་འཛིན་དང་། མི་རིགས་ཀྱི་བསམ་བློ་དར་སྤེལ་དང་རིག་གནས་ཀྱི་གདེང་མཐོ་རུ་གཏོང་བར་རྒྱབ་རྟེན་གལ་ཆེན་འདོན་སྤྲོས་བྱས་ཡོད།
       རང་རྒྱལ་ཀྱི་ཏུན་ཧོང་ཡིག་ཆའི་བསྡུ་སྒྲིག་གི་གྲུབ་འབྲས་གལ་ཆེན་འདི་ཉིད་ནི་སི་ཁྲོན་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་སློབ་ཆེན། ལྷ་ོནུབ་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་གང་མང་གིས་མཉམ་འབྲེལ་སྒོས་ཡིག་ཆའི་ཁ་བྱང་དང་ནང་དོན་ལ་དཔེ་བསྡུར་གང་ལེགས་བྱས་ཡོད་པ་དང་། མིག་སྔར་པོད༥༠དཔེ་སྐྲུན་དང་འགྲེམ་སྤེལ་བྱས་ཡོད་པ་དང་རྗེས་མར་ཡང་པོད༥༠བསྡུ་སྒྲིག་དང་ཁ་སྣོན་བྱས་ནས་དཔེ་སྐྲུན་བྱ་འཆར་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།