ངོས་དང་པོ > ཆེད་དོན། > ཉིན་རེའི་ཞལ་གསུང་། > «ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཡོད་དགོས།»
«ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཡོད་དགོས།»
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-13 07:58:52
ཀློག་གྲངས།:
ཀྲུང་གོ་ལ་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཡོད་དགོས། ང་ཚོས་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག། ཕྱི་ཕྱོགས་ལས་དོན་སྒྲུབ་པའི་འདུ་ཤེས་གྲ་རྒྱས་གོང་འཕེལ་བཏང་ནས་རང་རྒྱལ་གྱི་ཕྱི་ཕྱོགས་ལས་དོན་ལ་མངོན་གསལ་ཆེ་བའི་ཀྲུང་གོའི་ཁྱད་ཆོས་དང་། ཀྲུང་གོའི་གཤིས་ལུགས། ཀྲུང་གོའི་ཉམས་འགྱུར་ལྡན་པ་བྱེད་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་། རང་རྒྱལ་གྱི་གོང་འཕེལ་འགྲོ་ལམ་དང་། སྤྱི་ཚོགས་ལམ་ལུགས། རིག་གནས་སྲོལ་རྒྱུན། རིན་ཐང་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས། རང་བཙན་རང་བདག་གི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་དང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ངོས་སྟོབས་ཤུགས་ཀྱི་གནས་གཞིའི་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་རང་ཉིད་ཀྱི་འགྲོ་ལམ་ཐོག་སྐྱོད་པ་དང་། ཞི་བའི་གོང་འཕེལ་གྱི་འགྲོ་ལམ་དུ་སྐྱོད་པ་དང་ཆབས་ཅིག། ང་ཚོའི་ཚུལ་མཐུན་གྱི་ཁེ་དབང་གཏན་ནས་འདོར་མི་ཉན་ལ། རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་ཡང་གཏན་ནས་བློས་གཏོང་མི་ཉན། རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་ཡོང་རྒྱུ་རྒྱུན་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་རྒྱུན་འཁྱོངས། རྒྱལ་ཁབ་ཚང་མ་ཆེ་ཆུང་དང་དྲག་ཞན་དང་དབུལ་ཕྱུག་ལ་མ་བལྟོས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདྲ་མཉམ་ཁོངས་གཏོགས་ཡིན་པ་རྒྱུན་འཁྱོངས། འཛམ་གླིང་གི་ལས་དབང་དེ་ངེས་པར་དུ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་སྟངས་འཛིན་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་དགོས་པ་དང་། ལྷག་པར་དུ་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དོན་དུ་སྐད་ཆ་ཤོད་དགོས།
—«ཀྲུང་གོར་ངེས་པར་དུ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ཡོད་དགོས།» (༢༠༡༤ལོའི་ཟླ༡༡ཚེས༢༨ཉིན།) ཞི་ཅིན་ཕིང་གི«མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༡༨ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༢༠༠པ།

中国必须有自己特色的大国外交。我们要在总结实践经验的基础上,丰富和发展对外工作理念,使我国对外工作有鲜明的中国特色、中国风格、中国气派。要坚持中国共产党领导和中国特色社会主义,坚持我国的发展道路、社会制度、文化传统、价值观念。要坚持独立自主的和平外交方针,坚持把国家和民族发展放在自己力量的基点上,坚定不移走自己的路,走和平发展道路,同时决不能放弃我们的正当权益,决不能牺牲国家核心利益。要坚持国际关系民主化,坚持和平共处五项原则,坚持国家不分大小、强弱、贫富都是国际社会平等成员,坚持世界的命运必须由各国人民共同掌握,维护国际公平正义,特别是要为广大发展中国家说话。
—《中国必须有自己特色的大国外交》(2014年11月28日),习近平《论坚持推动构建人类命运共同体》,中央文献出版社2018年版,第200页
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།