«མང་ཚོགས་ལམ་ཕྱོགས་ནི་རང་གི་སྲོག་རྩ་དང་རྩ་བའི་བྱ་བའི་ལམ་ཕྱོགས་ཡིན»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-22 10:17:20 ཀློག་གྲངས།:
       ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་མི་ལ་གནོད་པ་ཆེན་པོ་སྐྱེལ་གྱི་ཡོད། 1933ལོའི་ཟླ8པར། བློ་མཐུན་མའོ་ཙེ་ཏུང་གིས«ངེས་པར་དུ་དཔལ་འབྱོར་གྱི་ལས་དོན་ལ་དོ་སྣང་བྱེད་དགོས»ཞེས་པའི་རྩོམ་ཡིག་ནང་དུ“མང་ཚོགས་སྐུལ་སློང་བྱེད་སྟངས་ཐད་ལ་དཔོན་ཉམས་རིང་ལུགས་འཛིན་མི་རུང་། གསར་བརྗེའི་ལས་དོན་མཐའ་དག་ལ་ཐོག་དཔོན་ཉམས་རིང་ལུགས་ཀྱི་མགོ་ཁྲིད་བྱེད་སྟངས་ཡོད་མི་རུང་ཞིང་། དེ་མཚུངས་དཔལ་འབྱོར་འཛུགས་སྐྲུན་གྱི་བྱ་བའི་ཐོག་ཏུའང་དཔོན་ཉམས་རིང་ལུགས་ཡོད་མི་རུང་། དཔོན་ཉམས་རིང་ལུགས་ཀྱི་བྱེད་སྟངས་ཆེས་ངན་པ་དེར་དགའ་མཁན་བློ་མཐུན་མི་གཅིག་ཀྱང་མེད་སྟབས་སྐྱག་དོང་ནང་དུ་དབྱུག་དགོས”ཞེས་གསུངས། 1980ལོའི་ཟླ8པར་བློ་མཐུན་ཏེང་ཞའོ་ཕིན་གྱིས«ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་ལམ་ལུགས་སྒྱུར་བཅོས་བྱ་རྒྱུའི་སྐོར»ཞེས་པའི་གསུང་རྩོམ་ནང“དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཁྱབ་པའི་གནད་དོན་ཆེན་པོ་ཞིག་ཡིན། དེའི་མངོན་ཚུལ་དང་གནོད་སྐྱོན་གཙོ་བོ་ནི། གོང་དུ་མཐོན་པོར་སྡོད་པ་དང་། དབང་ཆ་གང་བྱུང་དུ་སྤྱོད་པ། དོན་དངོས་དང་ཁ་བྲལ་བ། མང་ཚོགས་དང་ཁ་བྲལ་བ། འདྲ་ཆགས་པོ་བཟོ་རྒྱུར་དགའ་བ། སྐད་ཆ་སྟོང་པ་བཤད་རྒྱུར་དགའ་བ། བསམ་བློ་རེངས་པོར་གྱུར་པ། སྲོལ་རྙིང་མཁྲེགས་འཛིན་བྱེད་པ། སྒྲིག་གཞི་ཆེ་དྲགས་པ། བྱ་བ་ཉུང་ལ་མི་མང་བ། བྱ་བར་ནར་འགྱངས་བྱེད་པ། ལས་ཆོད་ལ་མི་ལྟ་བ། འགན་ཡག་པོ་མི་འཁུར་བ། ཁ་དན་ཚིག་ལ་མི་གནས་པ། གཞུང་ཡིག་གཏོང་རེས་རྐྱང་རྐྱང་བྱེད་པ། ལས་འགན་ཕན་ཚུན་དཀྲི་རེས་བྱེད་པ། ཐ་ན་དཔོན་ཉམས་ཆེན་པོས་རྟག་པར་གཞན་ལ་གཤེ་གཤེ་གཏོང་བ་དང་། འཁོན་ལན་སློག་པ། དམངས་གཙོ་གནོན་པ། གོང་ལ་མགོ་སྐོར་དང་འོག་ལ་སྦ་གསང་བྱེད་པ། བཙན་ཤེད་སྒེར་གཅོད་བྱེད་པ། ཉེར་ཕྱོགས་ལྐོག་རྔན་སྤྲོད་ལེན། རྒྱུ་ཟ་ཁྲིམས་འགལ་སོགས་རེད།” ང་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་མ་བྱས་ན་མི་དམངས་མང་ཚོགས་དང་ཁ་འབྲལ་ངེས་རེད། ང་ཚོས་བསམ་བློ་དང་སྤྱོད་ཚུལ་ཐད་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པར་མ་ཟད། ལམ་ལུགས་ཀྱི་ཐོག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱ་ཡན་དུ་མཆེད་ས་མེད་པར་བཟོ་དགོས།
—«ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་རྒྱུ་དཀྱུས་གཅིག་ཏུ་དོན་འཁྱོལ་བྱེད་དགོས།» (༢༠༡༨ལོའི་ཟླ༡ཚེས༥ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༡༡༢པ་ནས༡༡༣པའི་བར།
  形式主义、官僚主义害死人!一九三三年八月,毛泽东同志在《必须注意经济工作》一文中说:“动员群众的方式,不应该是官僚主义的。官僚主义的领导方式,是任何革命工作所不应有的,经济建设工作同样来不得官僚主义。要把官僚主义方式这个极坏的家伙抛到粪缸里去,因为没有一个同志喜欢它。”一九八〇年八月,邓小平同志在《党和国家领导制度的改革》一文中指出:“官僚主义现象是我们党和国家政治生活中广泛存在的一个大问题。它的主要表现和危害是:高高在上,滥用权力,脱离实际,脱离群众,好摆门面,好说空话,思想僵化,墨守陈规,机构臃肿,人浮于事,办事拖拉,不讲效率,不负责任,不守信用,公文旅行,互相推诿,以至官气十足,动辄训人,打击报复,压制民主,欺上瞒下,专横跋扈,徇私行贿,贪赃枉法等等。”我们不坚决反对形式主义、官僚主义,就会脱离人民群众!我们不仅要从思想上作风上坚决反对形式主义、官僚主义,而且要从制度上坚决反对形式主义、官僚主义,扫除形式主义、官僚主义滋生蔓延的土壤。
—《推进党的建设新的伟大工程要一以贯之》(2018年1月5日)《习近平著作选读》第二卷,人民出版社2023年版,第112-113页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།