ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ་ལགས་ལ་བཅར་འདྲི་བྱས་པ།
རྩོམ་པ་པོ།:ལོ་ཙཱ་པ། གསའ་ནག་པོ།
ཡོང་ཁུངས།:མི་རྒོད་རྩོམ་རིག་འཕྲིན་སྟེགས།
དུས་ཚོད།:2025-10-30 09:00:14
ཀློག་གྲངས།:
ནོ་བྷེལ་བྱ་དགའི་སྐྱེས་ཚིག
“ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་མིག་རྒྱང་རིང་བའི་ཁོང་གི་བརྩམས་ཆོས་ཀྱིས་དུས་མཐའ་ལྟ་བུའི་འཇིགས་སྣང་གི་ཁྲོད་ནས་སྒྱུ་རྩལ་གྱི་སྟོབས་ཤུགས་སླར་ཡང་ར་སྤྲོད་བྱས་འདུག”
B. སྒྲུང་གཏམ«སེ་ཐྲེན་ཐང་གྷོ»(བདུད་རྒན་གྱི་གོམ་སྟབས)གསར་རྩོམ་གྱི་ཐོག་མའི་བློས་བསླངས་སྐོར་གླེང་ན།
ལཱས་ཟི་ལོ། ངས་དུས་རབས་གོང་མའི་ལོ་རབས90པར། ཉིའུ་ཡོག་གྲོང་ཁྱེར་ནས་ལྕམ་སུའུ་ཧྲན་ལགས་ངོ་ཤེས་པ་དང་ཁོང་མོས«སེ་ཐྲེན་ཐང་གྷོ»ལ་རྒྱུས་ལོན་བྱེད་ཀྱི་འདུག ཁོང་མོས་སྐད་ཡིག་གཞན་ལ་བརྟེན་ནས་ཀྱང་སྒྲུང་འདི་ཀློག་ཐུབ་ཀྱི་ཡོད་ས་རེད། སྐབས་དེར«སེ་ཐྲེན་ཐང་གྷོ»འཇར་མན་གྱི་སྐད་དང་ཧྥ་རན་སིའི་སྐད་དུ་བསྒྱུར་འདུག ཁོང་མོའི་གདེང་འཇོག་དེས་ང་རང་ལས་བསོད་ཅན་ཞིག་ཡིན་པའི་ངེས་ཤེས་སྐྱེ་རུ་བཅུག ང་ལགས་ཤེ་ན། ཁོང་མོས། ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ“ཧང་ག་རིའི་རྩོམ་རིག་གི་བློ་འབྱེད་སློབ་དཔོན་ཡིན”ཞེས་བྲིས་འདུག སྐད་ཆ་འདི་ལ་ངོ་བསྟོད་ཀྱི་ཆ་ཅུང་ཟད་འདུག་སྟེ། ད་ལྟའང་དེ་ག་རང་རེད།
ལཱས་ཟི་ལོ། ང་ནམ་ཡང་ས་ལོན་སོགས་ལ་འགྲོ་གི་མེད། ལྷག་ཏུ་རྩོམ་རིག་ས་ལོན་ལ་འགྲོ་གི་མེད། ངས་ནམ་ཡང་དེ་ལྟ་བུའི་གནས་སུ་ཅི་ཡང་ལོན་མི་འདོད། ང་ལ་མཚོན་ན། རྩོམ་འབྲི་དང་རྩོམ་རིག་ནི་མི་སྒེར་གྱི་དོན་དག་ཅིག་ཡིན། སྐྱེས་པ་ཞིག་ཡིན་ཚེ་མི་སྒེར་གྱི་དོན་དག་ལ་བརྟེན་ནས་གཞན་ལ་ཁུར་པོ་བསྣན་མི་འོས། ལོ་མང་པོའི་རིང་ལ། ངས་གྲོགས་པོ་ཚོ་ལོ་རེར་ཐེངས་རེར་རང་ཁྱིམ་དུ་མགྲོན་འབོད་ཞུ་གི་ཡོད། འོན་ཀྱང་འདུ་འཛོམས་དེ་དག་གི་གལ་ཆེན་རང་བཞིན་ནི་རྩོམ་རིག་མཁས་པ་རྣམས་ཞུགས་ཏེ་རྩོམ་རིག་སྐོར་གླེང་བ་མ་ཡིན་པར། སྤྱིར་བཏང་གི་གྲོགས་པོ་མཉམ་འཛོམས་བྱས་པ་ཙམ་ཡིན།
B. སི་ལོ་ཝ་ཁེ་ཡི་མངའ་ཁོངས་སུ་ཁྱོད་ཀྱི་རུས་མིང་དང་འདྲ་བའི་རྫོང་མཁར་ཞིག་འདུག ཁྱོད་ཀྱིས་བལྟས་ན་ཁྱོད་རང་དེ་དང་འབྲེལ་བ་ཡོད་དམ།(རྫོང་མཁར་འདི་ལོ་འགའི་སྔོན་ལ་མེ་ཆེན་ཞིག་གིས་བརླགས་སོང་།)
ལཱས་ཟི་ལོ། ཧང་ག་རི་ན་ཀི་རས་ཟི་ན་ཧོར་ཀེ་ཞེས་པའི་རྫོང་མཁར་ཞིག་ཡོད་པ་དངོས་གནས་བདེན། དེ་ད་ལྟའི་སི་ལོ་ཝ་ཁེ་ཡི་མངའ་ཁོངས་སུ་ཡོད། དེ་ནི་ལོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་བཟོ་བཀོད་ཅིག་ཡིན་པར་མ་ཟད། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་དེ་ཉིད་ཧང་ག་རིའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་སི་ལོ་ཝ་ཁེ་ལ་བགོས། བཟོ་བཀོད་དེ་ཉིད་མཚོན་དོན་ཞིག་ཏུ་གྱུར། མི་ཞིག་གིས་དེའི་སྐོར་གྱི་གླུ་གཞས་ཤིག་བྲིས་ཡོད་པ་དེ་ཧང་ག་རིའི་རྒྱལ་ཡོངས་སུ་ཧ་ཅང་དར་ཁྱབ་ཆེ་མོད། ངས་དེ་གླུ་གཞས་ཡག་པོ་ཞིག་ཏུ་མཐོང་གིན་མེད་པས་ཉན་ཐེངས་རེར་སྒལ་གཞུང་རྔུལ་ཆུས་བརླན་འོང་བ་ཞིག་རེད།འོན་ཀྱང་། ངེད་ཚང་གི་སྤོ་ལགས་གླུ་གཞས་དེར་དགའ། ཐེངས་ཤིག་ཁོང་གིས་ཆང་ཁང་ཆུང་ཆུང་ཞིག་ཏུ་ཉིན་གང་གླུ་གཞས་དེ་བླངས་ཤིང་། ས་མིང་འདི་རང་ཉིད་ཀྱི་རུས་མིང་དུ་སྤྱོད་རྒྱུར་ཐག་བཅད་པ་རེད། དུས་དེ་ནས་བཟུང་ང་ཚོས་མིང་འདི་བཀོལ་གྱིན་ཡོད། ཉེ་ཆར། ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་གཡས་ལྷུང་གི་བསམ་བློ་ཡོད་པའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་ཚོས་ང་ལ་འཛིན་ཤོག་སྤྲོད་སྐབས། ངའི་མིང་དེ་ཤེས་མ་ཐག་གླུ་དབྱངས་དེ་ཉིད་ལེན་མགོ་བརྩམས། སྔོན་ཆད་དང་འདྲ་བར་ངས་གླུ་དབྱངས་འདིར་མཉན་མ་ཐག་སྒལ་བ་རྔུལ་ཆུས་བརླན་འོང་།
B. རྫོང་མཁར་དེ་ཕུད། ཁྱོད་ཀྱིས«སེ་ཐྲེན་ཐང་གྷོ»མ་བྲིས་གོང་ལས་ཀ་བྱས་མྱོང་སའི་གྲོང་རྡལ་ཆུང་ཆུང་དེའི་དཔེ་མཛོད་ཁང་ཡང་མེ་ཆེན་པོ་ཞིག་གིས་ཚིག་སོང་ཟེར་བ་ཨེ་བདེན།
ལཱས་ཟི་ལོ། «སེ་ཐྲེན་ཐང་གྷོ»མ་བྲིས་སྔོན། དཔེ་མཛོད་ཁང་ཞིག་ལ་མེ་ཤོར་བར་མ་ཟད། ངའི་ལག་པའང«སེ་ཐྲེན་ཐང་གྷོ»འབྲི་སྐབས་འཚིག་རྨས་ཕོག སྐབས་དེར་ངས་ཕལ་ཆེར་སྒྲུང་དེའི་གསུམ་ཆའི་གཅིག་ལྷག་བྲིས་ཚར་ཡོད་སྒང་ཡིན། ངས་གློ་བུར་དུ་བྲིས་ཚར་བ་དེ་དག་ཧ་ཅང་མི་ལེགས་པ་དང་། རྩོམ་རིག་བརྩམས་ཆོས་གཞན་དག་དང་དམིགས་བསལ་ཁྱད་པར་ཅི་ཡང་མེད་པས་འདི་ལྟ་བུ་ཞིག་བྲིས་ན་སྙིང་པོ་མི་འདུག་སྙམ་སྟེ། སྐབས་དེར་རང་ཉིད་སྡོད་སའི་ཁང་པར་མེ་ཐབ་ཅིག་ཡོད་པ་དེའི་ནང་དུ་གཡུགས་པ་ཡིན། དེ་རྗེས་ངའི་སེམས་སུ་འདི་འདྲ་ཞིག་འཁོར། རང་ཉིད་ཀྱིས་འདི་ལས་ཀྱང་ལྷག་པའི་བློས་གཏོང་ཞིག་བྱེད་དགོས་དྲན་ཏེ། ཡི་གེ་དེ་དག་འབྲི་བྱེད་ཀྱི་ལག་གཡས་པ་མེ་ཐབ་ཀྱི་ནང་དུ་བསྲིངས། ལག་པ་མེས་ཚིག་པ་ཧ་ཅང་ཚབས་ཆེན་ཡིན་པ་བཤད་མི་དགོས་ཏེ། ང་རང་ཁང་པའི་འགྲམ་གྱི་ཆུ་ཕྲན་ཆུང་ཆུང་ཞིག་ཡོད་པ་དེའི་འགྲམ་ལ་ཕར་ཚུར་ཆུ་ཚོད་འགའ་ལ་བརྒྱུགས་པ་ཡིན། གོམ་མཚམས་འཇོག་ཐབས་བྲལ་བ་ཞིག་རེད། རྒྱུ་མཚན་ན་ཟུག་དེ་དངོས་གནས་བཟོད་དཀའ་བ་ཞིག་རེད། ངའི་ཚོར་སྣང་ཞིག་ལ་ང་རང་ལམ་སང་དབང་པོ་ཤོར་རྒྱུ་ཡིན་པ་འདྲ་སྙམ། རྗེས་སུ། ན་ཟུག་གཏན་ནས་འཇགས་ཐབས་མ་བྱུང་བས་ང་རང་ཉེ་འཁོར་གྱི་སྨན་ཁང་ཞིག་ཏུ་སོང་བ་ཡིན། ཁོ་ཚོས་ང་རང་མར་སྡོད་དང་ཟེར་མོད། ངས་ང་རང་མར་སྡོད་ཐུབ་ཀྱི་མི་འདུག གལ་སྲིད་མར་བསྡད་ན་ང་ལམ་སང་དབང་པོ་ཤོར་འགྲོ་བར་ཐེ་ཚོམ་མེད་ཅེས་བཤད་པ་ཡིན། ངའི་དཔུང་པ་གཡས་པ་ཆ་ཚང་འཚིག་རྨས་བྱུང་རྐྱེན་དེ་སོས་རག་བར་དུས་ཚོད་རིང་པོ་འགོར། དེའི་རྗེས་སུ་ངས་སྒྲུང་འདི་འབྲི་མགོ་བརྩམས་པ་དང་། བྲིས་ཚར་རྗེས་འཚིག་རྨས་བྱུང་བའི་ལག་པའི་རྨ་ཤུལ་ཡང་རྦད་དེ་མི་སྣང་བར་གྱུར། ད་ལྟ་རྩ་བ་ནས་མཐོང་ཐུབ་ཀྱི་མི་འདུག
B. ཁྱོད་ཀྱིས་དེ་ལ་སྐྱོ་གདུང་གི་སྤྲོ་གར་ཞེས་འབོད་དོན་ཅི།
ལཱས་ཟི་ལོ། ལམ་ལྷོངས་མ་བྱུང་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན། དེ་ནི་སྐྱོ་གར་ཞིག་རེད། གང་ལགས་ཤེ་ན། ཁོ་ཚོས་རང་ཉིད་ཀྱི་འཚོ་བར་ཇི་ལྟར་ཁ་གཏད་གཅོག་དགོས་པ་མི་ཤེས་པས་རེད། དུས་མཚུངས་སུ། སྤྲོ་གར་ཞིག་ཀྱང་རེད། རྒྱུ་མཚན་ཁོ་ཚོས་རང་ཉིད་ཀྱི་འཚོ་བར་ཇི་ལྟར་ཁ་གཏད་གཅོག་དགོས་པ་མི་ཤེས་པས་རེད། འདི་ནི་སྐྱོ་གར་གྱི་རྒྱུ་རྐྱེན་ཡིན་ལ། སྤྲོ་གར་གྱི་རྒྱུ་རྐྱེན་ཡང་ཡིན། མཇུག་འབྲས་ཀྱིས་སོ་སོའི་ལམ་ཕྲན་གསལ་པོར་དབྱེ་ངེས།
B. དེར་བརྟེན་ཁྱོད་རང་ན་ནིང་ལོ་གཅིག་རིང་ཉིའུ་ཡོག་ཏུ་བསྡད་དེ་ཨ་རིའི་རྩོམ་པ་པོ་ཧེའར་མན·མེ་ཨེར་ཝེར(赫尔曼·梅尔维尔)གྱི་ཞབས་རྗེས་འཚོལ་ཞིབ་བྱས་ཤིང་། ཁོང་གིས་ཁྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འདྲ། དེ་དང་མཉམ་དུ། ཀྲུང་གོ་རུ་ཁྱོད་ལ་ཡང་ཁཱབ་ཁ་དང་ཧྥུ་ཁོ་ན་གཉིས་ཀྱི་གཅིག་བསྡུས་ཕུང་པོ་ཞེས་བརྗོད་ཀྱིན་འདུག
ལཱས་ཟི་ལོ། མེ་ཨེར་ཝེར་ནི་ང་ལ་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་པ་པོ་ཞིག་ཡིན། ཁོང་གི་སྒྲུང་རིང«ཆུ་སྲིན་དཀར་པོ»ཞེས་པ་དེ་ང་ལ་ཤུགས་རྐྱེན་ཆེན་པོ་ཡོད། སྐབས་དེར་ང་ཕལ་ཆེར་རང་ལོ་བཅུ་གསུམ་ཡས་མས་ཡིན་ཞིང་སྒྲུང་གཏམ་དེའི་ནང་ང་ཆེས་སྤྲོ་བ་འཕེལ་ས་ནི་ཆུ་སྲིན་མ་ཡིན་པར་གྲུ་དཔོན་ཡ་ཧ་ཡིན། ངས་རང་ཉིད་ཁོ་ཡིན་པར་ཆ་བཞག་སྟེ་རང་ཉིད་ཀྱི་གནས་སྟངས་ཁོའི་གནས་སྟངས་ལ་ཆ་བཞག ཉིན་མང་པོ་ཞིག་དང་གཟའ་འཁོར་ཁ་ཤས་རིང་ང་རང་གཅིག་པུ་སྒོ་ར་ཕྱི་མར་འགྲེང་སྟེ་དུས་ཡུན་རིང་པོར་བསྡད་པ་ཡིན། དེ་གར་ངས་མི་གཅིག་ཀྱང་མཐོང་མ་བྱུང་། དེ་ནི་གྲུ་དཔོན་ཡ་ཧ་ལགས་རྒྱ་མཚོའི་རླུང་འཚུབ་ཁྲོད་གྲུ་གཟིངས་སྟེང་ལངས་ཏེ་ཡོད་པ་དང་འདྲ། ཡིན་ཏེ། དེ་དུས་ངས་ཁཱབ་ཁ་བཀླགས་མྱོང་ཡོད། དེ་ནི་བདག་རང་ལས་ལོ་དྲུག་གིས་ཆེ་བའི་ཕུ་བོའི་གྲོགས་པོའི་ཚོམས་སུ་འཛུལ་རྒྱུའི་གོ་སྐབས་བྱུང་བ་དེར་ཐུགས་རྗེ་ཆེ་ཞུ་དགོས་ཡོད། སྐབས་དེར་ཁོ་ཚོས་ཁཱབ་ཁའི་སྒྲུང་གཏམ«མཁར་རྫོང»སྐོར་ལ་འཕྲོས་་མོལ་བྱེད་བཞིན་འདུག ཁཱབ་ཁའི་སྒྲུང་གཏམ་ངས་ཅི་ཡང་ཧ་མ་གོ། ང་རང་མི་སྣ་གཙོ་བོKལ་སྐྲག་གིན་པ་ངས་ཁས་ལེན་བྱེད། གང་ལྟར་ངས་རང་ཉིད་ཁོ་ཡིན་པར་ཆ་འཇོག་བྱེད་མི་ཕོད། སྐབས་དེར་ངས་གྲུ་དཔོན་ཡ་ཧ་བཀླགས་པས་ངས་ཁོ་ལ་རྒྱུས་ལོན་བྱེད་ཐུབ་པར་གྱུར་ཅིང་། ཁོས་ང་བསྐྱབས་བྱུང་བ་ལྟ་བུའི་ཚོར་བ་བྱུང་། དེ་ནི་དེ་རིང་གི་ཉམས་སྣང་དང་གཏན་ནས་མི་འདྲ། དེ་རིང་ངས་གྲུ་དཔོན་ཡ་ཧ་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག དེ་ལས་ལྡོག་སྟེ་ངས་རང་ཉིད་དངKགཉིས་ཀྱི་བར་དུ་བརྩེ་དུང་གི་བརྡ་རྟགས་ཤིག་ཡོད་པར་འདོད།
N. བརྩམས་ཆོས་ཐོག་མ་དེ་འདི་འདྲའི་ཆུ་ཚད་མཐོ་ཤོས་སུ་སླེབས་ཐུབ་ཀྱི་འདུག དེའི་གོང་གི་ཁྱེད་ཀྱི་རྩོམ་རིག་གི་གྲ་སྒྲིག་ནི་ཅི་འདྲ་ཞིག་ཡིན་ནམ།
ལཱས་ཟི་ལོ། ཧོ་མ་དང་ཨོའུ་ལི་ཕི་ཏེ་སི། ཐ་ཞི་ཐུའོ། ཧོ་ལ་སི། དེ་ནས་ཏན་ཏིན་དང་ཤིག་སི་ཕེར་བརྒྱུད་དེ་མེ་ཨེར་ཝེར་དང་། ཕུའུ་ལུའུ་སི་ཐེ། ཁཱབ་ཁ། ཆའོ་དབྱི་སི། པེ་ཁི་ཐེ། ཧྥུ་ཁི་ན་སོགས་ཀྱི་འཛམ་གླིང་རྩོམ་རིག་ལ་འཕྲད་པ་ཡིན། ངས་གཞོན་ནུའི་དུས་སྐབས་ནས་ད་ལྟའི་བར་ང་ལ་ཤུགས་རྐྱེན་ཐེབས་པའི་དེབ་དག་གསོག་གཉེར་གྱིས་གཞི་རྒྱ་ཆུང་བ་དང་མི་སྒེར་གྱི་ཉམས་དོད་པའི་དཔེ་མཛོད་ཁང་ཞིག་བཙུགས་ཡོད། ངས་དམིགས་བསལ་གྱི་ཚོགས་པ་འདི་ལ“ང་ལ་གལ་ཆེ་ཤོས་ཀྱི་དཔེ་ཆ་བརྒྱ”ཞེས་འབོད་ཀྱི་ཡོད། གལ་ཏེ་ཁཱབ་ཁ་མེད་ན། ངས་རང་ཉིད་རྩོམ་པ་པོ་བྱེད་རྒྱུ་ཡིད་ལ་དྲན་མི་སྲིད་ཅེས་བཤད་ཀྱང་ཆོག
N. «སེ་ཐྲེན་ཐང་གྷོ»ཡི་ལེའུ་དང་པོ་ཀློག་རྒྱུར་ཅུང་གོམས་ཐུབ་ཀྱི་མི་འདུག དེའི་རྒྱུ་མཚན་ནི་རང་བྱུང་ཚན་པ་ཕྱེ་མེད་པས་རེད་སྙམ། ལེའུ་གཉིས་པར་སླེབས་དུས་ཧ་ཅང་གོམས་ཐུབ་ཀྱི་འདུག ཁྱོད་ཀྱིས་འགྲོས་གདངས་གཅིག་ལྟར་བྲིས་འདུག་པའི་ཚོར་སྣང་ཡོང་གི་འདུག
ལཱས་ཟི་ལོ། ངས་པེ་ལཱ·ཐཱར་ལ་འཁྲབ་གཞུང་བྲིས་པར་མ་ཟད། ད་དུང་མཉམ་དུ་གློག་བརྙན་བཟོ་བཞིན་ཡོད། ང་ཚོ་མི་གསུམ་གྱིས་མཉམ་དུ་ལས་ཀ་འདི་སྒྲུབ་བཞིན་ཡོད། ང་དང་པེ་ལཱ·ཐཱར། ད་དུང་ཁོའི་ཆུང་མ(སྒྲིག་སྦྱོར་མཁན)བཅས་ཡོད། ཐག་གཅོད་བྱ་དགོས་རིགས་ལ་ང་ཚོས་གྲོས་ཁ་མཉམ་བསྡུར་བྱེད་ཀྱི་ཡོད། ང་ཚོས་མཉམ་དུ་འཁྲབ་སྟོན་པ་དང་ཡུལ་ལྗོངས་འདེམ་པ། བརྙན་ལེན་པ་བཅས་བྱེད་ཀྱི་ཡོད། མདོར་ན། ལས་ཀ་ཆ་ཚང་ང་ཚོས་མཉམ་དུ་ལེགས་གྲུབ་བྱས་པ་ཡིན། ངའི་ལས་ཀ་གལ་ཆེ་ཤོས་ནི་འཁྲབ་གཞུང་འབྲི་རྒྱུ་དེ་ཡིན། པེ་ལཱ·ཐཱར་གྱིས་དེའི་རིགས་འབྲི་མི་ཐུབ། ལོས་ཡིན། དེ་ནི་ང་རང་ཉིད་ཀྱིས་སྒྲུབ་དགོས་པའང་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། ང་ཚོའི་གློག་བརྙན་ཕབ་སྐྲུན་གྱི་རྒྱུད་རིམ་ཆ་ཚང་མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞིའི་སྟེང་བསྒྲུབས་པ་ཡིན། ང་ཚོ་ནི་གྲོགས་པོ་ཡིན་པ་ལས་ལས་གྲོགས་མིན།
B. པེ་ལཱ·ཐཱར་གྱི་བརྙན་མིག་རིང་མོའི་ནང་དུས་ཚོད་ནི་རྣམ་པ་གལ་ཆེན་ཞིག་ཡིན། སྒྲུང་གཏམ«སེ་ཐྲེན་ཐང་གྷོ»ཡང་དེ་འདྲ་ཞིག་ཡིན་ཏེ། དུས་ཚོད་ནི་འཁོར་སྐྱོད་ཀྱི་རྙི་ཞིག་དང་མཚུངས། ཁྱོད་ཀྱིས་དུས་ཚོད་ལ་གོ་བ་ཇི་ལྟར་ལེན་གྱིན་ཡོད།
ལཱས་ཟི་ལོ། པེ་ལཱ·ཐཱར་རམ། ཡང་ན་ངེད་ཚོ་གསུམ་པོས་ངའི་དཔེ་ཆ་གློག་བརྙན་དུ་ཕབ་སྐྲུན་བྱེད་དགོས་ཀྱི་མི་འདུག ངའི་དཔེ་ཆ་མ་གཞི་ནས་བཅོས་སྒྲིག་བྱེད་དགོས་ཀྱི་མི་འདུག དཔེ་ཆ་ལེགས་གྲུབ་བྱུང་འདུག་སྟེ། མཐར་ཐུག་གི་བརྩམས་ཆོས་ཡིན་པས་བཅོས་སྒྲིག་བྱེད་མི་དགོས་སྙམ་གྱིན་ཡོད། ང་ཚོས་ཕབ་སྐྲུན་བྱེད་དགོས་པའི་གློག་བརྙན་ནི། ངས་བྲིས་པའི་དཔེ་དེབ་འདི་དག་གི་ནང་ནས་འཆར་སྣང་འཚོལ་རྒྱུ་དེ་ཡིན་པར་འདོད། པེ་ལཱ·ཐཱར་ནི་ངའི་བརྩམས་ཆོས་ལ་དབྱིངས་ཞུགས་མཁན་ཞིག་ཡིན། 1985ལོ་ནས་མགོ་བརྩམས་ཏེ་ལོ་ངོ་ཉེར་ལྔའི་རིང་ལ་ངའི་བརྩམས་ཆོས་གཞིར་བཟུང་ནས་གློག་བརྙན་ཕབ་ཀྱི་ཡོད་ལ། ངའི་བརྩམས་ཆོས་ཀྱིས་ཁོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ངས་སྒྲུང་གཏམ་ཁྲོད་དུས་ཚོད་ཐག་གཅོད་བྱས་ཡོད་པ་དང་འདྲ་བར། པེ་ལཱ·ཐཱར་གྱིས་གློག་བརྙན་ནང་མངོན་འགྱུར་ཡག་པོ་བྱུང་དུ་བཅུག་ཡོད། ཁོས་གློག་བརྙན་ནང་ནས་དཔེ་ཀློག་ཁྲོད་རྙེད་པའི་དངོས་པོ་དེ་མཐོང་འདོད་པ་རེད། དུས་ཚོད་ཀྱི་གལ་ཆེན་རང་བཞིན་ནི་དེའི་རིང་ཚད་ལ་རག་ལས་པ་མིན་པར། གཙོ་བོ་དེའི་ནང་དོན་ལ་ཐུག་ཡོད། དོན་དག་ཅི་ཞིག་བྱུང་བའམ། འཛམ་གླིང་གི་གནས་སྟངས་དེ་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་། རྫོགས་རྒྱུ་མེད་པའི་དུས་ཚོད་ཅིག་གི་ནང་ལ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་ཡོད་པ་སོགས་ཁོས་ང་ཚོའི་རོགས་རམ་འོག་གློག་བརྙན་དུ་ཕབ་འདོད་པ་རེད། དེའི་ཕྱིར། ཁོས་ངེས་པར་དུ་མིག་ཤེས་ཀྱི་བརྡ་སྤྲོད་ཐབས་ཤིག་རྙེད་དགོས་པ་རེད། ཁོས་གནད་འདི་ཤེས་རྟོགས་བྱུང་རྗེས་ད་གཟོད་དཔེ་ཀློག་བྱེད་པ་དང་མྱོང་རོལ་བྱེད་པ། དཔེ་ཆ་དང་ལྷན་དུ་མདུན་ལ་གོམ་པ་སྤོ་བའམ་ཡང་ན་སྔར་མལ་དུ་ཁུ་སིམ་མེར་སྡོད་པ། རང་ཉིད་ཀྱི་ཐབས་ལམ་རྙེད་ཐབས་བྱས་ཏེ། བརྙན་ཡོལ་གྱི་ངོས་ནས་ལྟད་མོ་བ་རྣམས་ལ་ཐུན་མོང་གི་ཚོར་བ་སྐྱེ་རུ་འཇུག་དགོས། གལ་ཆེ་བ་ནི་འདི་ལྟ་བུའི་གནས་སྟངས་ཡིན་ཏེ། དེ་ནི་བྱ་དངོས་ཀྱི་གནས་སྟངས་ཡིན་པ་ལས་བྱུང་རིམ་མིན་ལ། གཏམ་རྒྱུད་ཀྱང་མིན།
N. ཁྱོད་སློབ་ཆེན་མཐར་ཕྱིན་རྗེས་གྲོང་གསེབ་ཏུ་དཔེ་དེབ་དོ་དམ་པ་བྱེད་དུ་སོང་ངམ།
ལཱས་ཟི་ལོ། ང་ནི་སློབ་ཆེན་གྱི་སྐབས་སུ་ཕྱིན་པ་ཡིན། དེ་དུས་ང་འཕྲིན་གཏོང་སློབ་ཆེན་ལ་འགྲོ་ཡི་ཡོད། ཟླ་རེར་ཉིན་གཉིས་གསུམ་ལ་མ་གཏོགས་སློབ་གྲྭའི་སློབ་ཁྲིད་ལ་འགྲོ་དགོས་ཀྱི་མེད། དེའི་ཕན་གྱི་དུས་ཚོད་ཆ་ཚང་ལ་ལས་ཀ་བྱ་ཆོག ངས་དཔེ་དེབ་མང་པོ་ཞིག་བཀླགས་པར་མ་ཟད་དགེ་རྒན་ཆེན་མོ་ཁག་ཅིག་གི་འཆད་ཁྲིད་ལའང་མཉན་མྱོང་། ཁོང་ཚོ་དང་ལྷན་དུ་གནད་དོན་ལ་བགྲོ་གླེང་དང་གྲོས་སྡུར་བྱས་མྱོང་། ཡིན་ནའང་། ང་སྐབས་དེའི་མཐོ་རིམ་སློབ་གསོའི་སྒྲིག་གཞི་ལ་དེ་འདྲའི་དགའ་བོ་མེད། དེ་ནི་སྐབས་དེའི་ཧང་ག་རིའི་སྤྱི་ཚོགས་ལ་མི་དགའ་བ་ནང་བཞིན་ཡིན། སྒྲིག་གཞི་དེ་འདྲ་ཞིག་གི་འོག་ཏུ་ཁྱོད་ལ་ཤེས་བྱའི་མ་ལག་ཆ་ཚང་ཞིག་འཐོབ་མི་ཐུབ། དེས་ད་དུང་ཁྱོད་ལ་གུ་དོག་པའི་བསམ་བློ་སྐྱེ་རུ་འཇུག་ངེས་ཡིན། ང་རང་སློབ་གྲྭར་འགྲོ་སྐབས་སྒྲིག་གཞི་དེ་ཅུང་ལྷོད་མགོ་བརྩམས། 1970ལོར། ནུབ་ཕྱོགས་ཀྱི་རྩོམ་པ་པོ་གྲགས་ཅན་ཁ་ཤས་ཀྱི་བརྩམས་ཆོས་པར་སྐྲུན་བྱེད་མགོ་བརྩམས། དེ་ནི་སྔོན་ཆད་དང་བསྡུར་ན་བསམ་ཡུལ་ལས་འདས་པ་ཞིག་རེད། སློབ་གསོའི་མ་ལག་ལྷོད་དུ་ཕྱིན་པ་ནི་གཙོ་བོ1980ལོར་རེད། དེ་ནས་བཟུང་སྟེ། གཞོན་ནུ་ཚོར་རང་དབང་ཅུང་ཟད་ཡོད་པར་གྱུར།
N. ཁྱོད་ཅིའི་ཕྱིར་གྲོང་ཁྱེར་དང་ཁ་བྲལ་ནས་གྲོང་གསེབ་ཏུ་འགྲོ་དགོས་བྱུང་བ་ཡིན།
ལཱས་ཟི་ལོ། དེའི་རྒྱུ་མཚན་ནི། གྲོགས་མེད་ཁེར་རྐྱང་དང་། སྐྱབས་མེད་རེ་ཆད། ཉམ་ཆུང་ནུས་མེད་ཀྱི་མི་ནི་གྲོང་གསེབ་དང་ལྷག་པར་དུ་རི་ལམ་ཀྱག་ཀྱོག་ཡིན་པའི་ཞིང་གྲོང་དུ་ཡོད། ཧང་ཀ་རི་ལ་མཚོན་ན“ཞིང་གྲོང”ཟེར་བ་ནི་གྲོང་ཚོ་མིན། ས་ཆ་ཧ་ཅང་རྒྱ་ཆེན་པོ་ཞིག་ཏུ་ཁྱིམ་ཚང་འགའ་ཐར་ཐོར་གྱི་ཚུལ་དུ་གཞིས་ཆགས་ཤིང་། བར་ཐག་སྤྱི་ལེ་གཉིས་ནས་གསུམ་ཡོད། ངས་ད་དུང་གྲོང་ཁྱེར་ཆུང་ཆུང་ཁ་ཤས་སུ་ལས་ཀ་བྱས་མྱོང་། ང་གཏེར་འདོན་དུ་སོང་མྱོང་། ངལ་རྩོལ་ནུས་ཤུགས་ལྕི་མོའི་རིགས་ལ་ཞུགས་མྱོང་། རྡོ་སོལ་གཏེར་འདོན་ནང་དུ་ཟོང་སྐྱེལ་འཁོར་ཆུང་དེད་མྱོང་། སྐབས་དེར་གཏེར་འདོན་བཟོ་པའི་གོ་གནས་ཧ་ཅང་དམིགས་བསལ་ཡིན་པས་སྲིད་གཞུང་གིས་གཏེར་འདོན་བཟོ་པར་གཟིགས་སྐྱོང་གི་ཐོབ་ཐང་མང་པོ་གནང་། དོན་དངོས་ཐོག གཏེར་འདོན་བཟོ་པ་རྣམས་ཀྱིས་རང་ཉིད་གཞན་གྱིས་མགོ་སྐོར་དང་བཀོལ་སྤྱོད་བྱེད་ཀྱིན་པའང་གསལ་པོ་ཤེས་ཡོད། དེའི་ཁྲོད་དུ་འཚོ་བ་སྐྱེལ་རྒྱུ་ནི་ཧ་ཅང་རྩ་ཆེན་དང་མཛེས་སྡུག་ལྡན་པའི་ཉམས་ལེན་ཞིག་རེད། གཏེར་འདོན་བཟོ་པ་རྣམས་ཀྱིས་ཕན་ཚུན་མཐུན་སྒྲིལ་དང་གཅེས་སྐྱོང་། རོགས་རམ་བྱེད་པ་དེ་ནི་ངས་ས་ཆ་གཞན་གང་དུའང་མཐོང་ཐབས་བྲལ་བ་ཞིག་རེད། ང་ས་ཆ་མང་པོར་སོང་མྱོང་། ལས་ཀའང་མང་པོ་བརྗེས་མྱོང་། མ་གཞི་ང་ལ་འཁྱམ་ཉུལ་བྱེད་པའི་སེམས་ཁམས་ཡོད་པས་ལམ་ཡིག་བླངས་མ་ཐག་ཡོ་རོབ་གླིང་གི་སྐམ་ས་ཧྲིལ་པོ་དང་འཛམ་བུ་གླིང་ལ་འཁྱམས་པ་ཡོད། ངས་དཔེ་ཆའི་ནང་དུ་མི་སྣ་གལ་ཆེན་ཞིག་བྲིས་མྱོང་ཞིང་། ཁོ་ནི་འཁྱམ་པོ་ཞིག་ཡིན། ཁོ་ནི་ཀྲུང་གོའི་སྙན་ངག་པ་ལི་པའེ་རེད། ང་ཁོང་ལ་ཧ་ཅང་དགའ། སྔོན་ཆད་དུས་ཡུན་རིང་པོ་ཞིག་བཀོལ་ནས་ཁོའི་སྙན་ངག་ལ་ཞིབ་འཇུག་བྱས་མྱོང་། རྩོམ་འབྲིའི་རྣམ་གྲངས་ཤིག་གིས་འཛམ་གླིང་ས་གནས་ཁག་གི་རྩོམ་པ་པོ12གདན་འདྲེན་ཞུས་ཤིང་རོགས་དངུལ་སྤྲད་དེ་ཁྱོད་ཅག་གིས་བསྒྲུབ་འདོད་པའི་བྱ་བ་ཞིག་འབྲི་རོགས་ཞེས་བཤད་མྱོང་། དེར་བརྟེན། ངས་ལི་པའེ་ཡི་ཞབས་རྗེས་སྙེག་གི་ཡིན་ཞེས་བྲིས་ཏེ་ཀྲུང་གོར་ཡུལ་སྐོར་བྱས། སྐབས་དེར་ངས་ཀྱང་ཨ་རག་མང་པོ་འཐུང་ཐུབ། ལི་པའེ་དང་ཕལ་ཆེར་གཅིག་མཚུངས་ཡིན།
B: 新京社 (པེ་ཅིང་ཚགས་གསར)
N:南方周末 (ལྷོ་ཕྱོགས་གཟའ་མཇུག)
རྩོམ་ཡིག «རྨ་ལྷོ་བོད་ཡིག་ཚགས་པར»༢༠༢༥ལོའི་ཟླ༡༠ཚེས༢༤ཉིན།
“ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་མིག་རྒྱང་རིང་བའི་ཁོང་གི་བརྩམས་ཆོས་ཀྱིས་དུས་མཐའ་ལྟ་བུའི་འཇིགས་སྣང་གི་ཁྲོད་ནས་སྒྱུ་རྩལ་གྱི་སྟོབས་ཤུགས་སླར་ཡང་ར་སྤྲོད་བྱས་འདུག”
B. སྒྲུང་གཏམ«སེ་ཐྲེན་ཐང་གྷོ»(བདུད་རྒན་གྱི་གོམ་སྟབས)གསར་རྩོམ་གྱི་ཐོག་མའི་བློས་བསླངས་སྐོར་གླེང་ན།
ལཱས་ཟི་ལོ། ང་རང་ལོ་ན་གཞོན་པའི་དུས་སྐབས་སུ། འཁྱམ་ཉུལ་གྱི་འཚོ་བ་བསྐྱལ་མྱོང་ཡོད། ཟླ་བ་གསུམ་མམ་བཞིའི་རིང་ལས་ཀ་རེ་བྱས་རྗེས་ལས་གནས་སྤོ་བ་དང་། ཡང་ན་གྲོང་ཁྱེར་གཞན་ཞིག་གམ་གྲོང་གསེབ་གཞན་ཞིག་ཏུ་བསྡད་དེ་འཚོ་བ་སྐྱེལ་གྱིན་ཡོད། ངས་དེ་སྔ་བསྒྲུབས་མྱོང་བའི་ལས་ཀ་གཅིག་ནི་བཞོན་མ་གསོ་སྤེལ་ར་བ་ཞིག་ཏུ་མཚན་ལ་ལས་ཀ་བྱས་པ་དེ་ཡིན། ང་ལས་ཀ་དེར་ཤིན་ཏུ་དགའ། མཚན་མོར། ང་གཅིག་པུས་བཞོན་མ་སུམ་བརྒྱ་ལྷག་བསྲུངས་ཏེ་བསྡད་པ་ཡིན་ལ། ང་རྟག་པར་སྐྱ་རེངས་འཆར་བའི་དུས་སུ་གོམ་པ་འཁྱར་འཁྱོར་ངང་ཐག་དེ་ཙམ་མི་རིང་བའི་མལ་ཁང་དུ་ལོག་པ་ཡིན། ཐེངས་ཤིག་ལ་ཁང་བདག་གིས་ཁྱོད་གཉིད་མི་ཆོག ཕག་ཕྲུག་ལ་བྱ་བྱེད་དགོས་པས་ཁྱོད་ངའི་ལག་རོགས་སུ་འགྲོ་དགོས་ཞེས་བཤད་བྱུང་། ངས་སྒོ་རའི་ནང་ཕག་ཕྲུག་གི་རྐང་པ་གཉིས་ནས་བཟུང་བ་དང་ཆབས་ཅིག སྨན་ལྭ་དཀར་པོ་གྱོན་ཞིང་སྐད་ཆ་ཚིག་གཅིག་ཀྱང་མི་བཤད་པར། མི་ལ་འཇིགས་སྣང་སྟེར་བའི་སྐྱེས་པ་སྣ་བོ་ཆེ་ཞིག་གིས་ཕག་ཕྲུག་གི་རྐང་སུག་གཉིས་ཀྱི་བར་དུ་པུས་མོ་བཙུགས་ཏེ། སྤུ་གྲི་ཞིག་གིས་ཕག་ཕྲུག་ལ་གཤགས་བཅོས་བྱས། ངས་དངོས་གནས་སྣང་བརྙན་དེ་ལ་བཟོད་བསྲན་བྱེད་ཐབས་མ་བྱུང་། ག་ལེར་མགོ་བོ་ཡར་བཀྱགས་པ་དང་། ངས་མགོ་བོ་ཇི་ལྟར་ཡར་བཀྱགས་པ་དེ་ལྟར་མཐོ་རུ་འགྲོ་ཞིང་ཆེས་མཐོ་བའི་ཁང་ཀླད་དེ་མཐོང་། ཏག་ཏག་དུས་དེར། ངས་དབང་ཕྱོགས་ཀྱི་རི་རྩེ་ནས་འཆར་མ་ཐག་པའི་ཉི་གཞོན་མཐོང་བྱུང་། ཉི་མ་དེ་ཧ་ཅང་ཆེན་པོ་འདུག ཁ་དོག་ཀྱང་རྒྱ་སྨུག་ཅིག་རེད། དེ་ནི་འཇིག་རྟེན་འདི་འཇིག་ལ་ཉེ་བའི་བརྡ་རྟགས་ཤིག་དང་འདྲ། ངེད་ཚོས་ལས་ཀ་བྱས་ཚར་རྗེས། ང་རང་གི་མལ་ཁང་དུ་ལོག་མོད། གཉིད་དུ་མ་ཡུར་བར། ངས«སེ་ཐྲེན་ཐང་གྷོ»འབྲི་མགོ་བརྩམས། རྒྱུ་མཚན་ནི་སྐབས་དེའི་སྣང་ཚུལ་གྱིས«སེ་ཐྲེན་ཐང་གྷོ»ཆ་ཚང་ངའི་ཀླད་པའི་ནང་བློས་བསླང་གྲུབ་ཚར་བས། ངས་དེ་ཉིད་ཡི་གེར་ཕབ་པས་ཆོག

«སེ་ཐྲེན་ཐང་གྷོ»
[ཧང་ག་རི] ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ་ཡིས་བརྩམས།
ཡུས་ཙེ་མིན་གྱིས་བསྒྱུར།
ལོ་ཙཱའི་གླིང་པར་སྐྲུན་ཁང་།
B. རྒྱལ་ཁབ་ཁག་སོ་སོའི་ཀློག་པ་པོའི་ངོས་ནས་བརྗོད་ན། ལོ་ཙཱ་ནི་རྩོམ་རིག་གིས་བརྒལ་དཀའ་བའི་ས་མཚམས་ཤིག་གམ་བར་ཐག་ཅིག་ཡིན་འདུག ཁྱོད་ཀྱི་སྒྲུང་གཏམ་གྱི་བརྗོད་པ་ནི་ལྷག་ཏུ་དེ་འདྲ་ཡིན་སྲིད། སུའུ་ཧྲན·སང་ཐ་ཀེ་ལགས་ནས་ཀྱང«སེ་ཐྲེན་ཐང་གྷོ»བཀླག་སྐལ་མ་རེག་པར་ཡུན་རིང་འགོར་ཞིང་། ལོ་གཉིས་སྔོན་ད་གཟོད་དབྱིན་འགྱུར་མའི་དེབ་བཀྲམ་ཡོད་ས་འདུག དེ་བཞིན་དུ། ཡུས་ཙེ་མིན་གྱིས་རྒྱ་ཡིག་ཏུ་བསྒྱུར་བའི་བརྒྱུད་རིམ་ནི་དེ་ལས་ཀྱང་དཀའ་ཚེགས་ཆེ་བ་ཞིག་ཡིན་སྲིད།[ཧང་ག་རི] ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ་ཡིས་བརྩམས།
ཡུས་ཙེ་མིན་གྱིས་བསྒྱུར།
ལོ་ཙཱའི་གླིང་པར་སྐྲུན་ཁང་།
ལཱས་ཟི་ལོ། ངས་དུས་རབས་གོང་མའི་ལོ་རབས90པར། ཉིའུ་ཡོག་གྲོང་ཁྱེར་ནས་ལྕམ་སུའུ་ཧྲན་ལགས་ངོ་ཤེས་པ་དང་ཁོང་མོས«སེ་ཐྲེན་ཐང་གྷོ»ལ་རྒྱུས་ལོན་བྱེད་ཀྱི་འདུག ཁོང་མོས་སྐད་ཡིག་གཞན་ལ་བརྟེན་ནས་ཀྱང་སྒྲུང་འདི་ཀློག་ཐུབ་ཀྱི་ཡོད་ས་རེད། སྐབས་དེར«སེ་ཐྲེན་ཐང་གྷོ»འཇར་མན་གྱི་སྐད་དང་ཧྥ་རན་སིའི་སྐད་དུ་བསྒྱུར་འདུག ཁོང་མོའི་གདེང་འཇོག་དེས་ང་རང་ལས་བསོད་ཅན་ཞིག་ཡིན་པའི་ངེས་ཤེས་སྐྱེ་རུ་བཅུག ང་ལགས་ཤེ་ན། ཁོང་མོས། ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ“ཧང་ག་རིའི་རྩོམ་རིག་གི་བློ་འབྱེད་སློབ་དཔོན་ཡིན”ཞེས་བྲིས་འདུག སྐད་ཆ་འདི་ལ་ངོ་བསྟོད་ཀྱི་ཆ་ཅུང་ཟད་འདུག་སྟེ། ད་ལྟའང་དེ་ག་རང་རེད།
ལོ་ཙཱའི་སྐོར་ལ། ངས་རང་ཉིད་དང་ལོ་ཙཱ་བའི་བར་ལ་ཐུན་མིན་གྱི་བརྡ་རྟགས་ཤིག་བྱུང་ཡོད་པ་དེ་ཁྱོད་ཅག་ལ་བསྟན་ཆོག་པར་ཞུ། ཐོག་མར་ཡུས་ཙེ་མིན་ལགས་ཀྱི་བརྡ་རྟགས་དེ་རེད། ང་རང་ཁོང་གི་ལོ་ཙཱ་ལ་ཡིད་ཆེས་ཡོད། སྐད་ཆ་འདིའི་ནང་དོན་ནི། ཁོང་གིས་ཧ་ཅང་ཟོར་ཡངས་སྒོས་རང་གི་བྱ་བ་ལེགས་གྲུབ་བྱུང་ཡོད་པར་ང་ལ་ཡིད་ཆེས་ཡོད། ངས་མི་མང་པོའི་ངག་ནས་རྒྱ་འགྱུར་མའི«སེ་ཐྲེན་ཐང་གྷོ»ནི་ཅི་འདྲའི་བཟང་བ་ལ་ཨང་ཞེས་པའི་དམིགས་བསལ་གྱི་བསྔགས་བརྗོད་ཐོས་མྱོང་ཡོད། ངས་འདིར་ངེས་པར་དུ་སྐད་ཆ་དྲང་མོ་ཞིག་བཤད་དགོས། ཁྱོད་ཅག་ཀྲུང་གོའི་ཀློག་པ་པོ་དག་གིས་བཀླགས་པའི«སེ་ཐྲེན་ཐང་གྷོ»ནི་ལོ་ཙཱ་བ་ཁོང་གི་བརྩམས་ཆོས་ཡིན་པ་ལས་ངའི་མིན། རྒྱ་ཡིག་གི«སེ་ཐྲེན་ཐང་གྷོ»ཞེས་པའི་ནང་གི་ཚིག་རེ་རེ་ནི་ཁོང་གིས་བྲིས་པ་རེད། དེ་ནི་ཁོང་གིས་དཔེ་ཆ་འདི་ལ་ཆེད་དུ་བཙལ་བའི་རྒྱ་ཡིག་གི་ཐ་སྙད་ཡིན། ཚིག་དེ་དག་ཚང་མ་ཁོང་གིས་བདམས་པ་དང་། ཁོང་གིས་དཔེ་ཆ་འདིའི་ཆེད་དུ་བརྩམས་པའི་ཚིག་སྦྱོར་གྱི་སྒྲིག་གཞི་ཡིན་པར་མ་ཟད། ཁོང་གིས་དཔེ་ཆ་འདིར་བསྩལ་བའི་ཉམས་སྣང་གསར་པ་ཞིག་ཀྱང་ཡིན། གལ་ཏེ་ཁྱེད་ཅག་དེབ་འདིར་དགའ་བོ་ཡོད་ན། ཡང་ན་མི་སུ་ཞིག་དེབ་འདིར་དགའ་བོ་ཡོད་ན། ཁྱོད་ཅག་ཡུས་ཙེ་མིན་གྱི་མདུན་དུ་བཅར་ཏེ་ཁོང་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་རོགས། ངའི་རེ་བའང་དེ་ཡིན།

2024ལོར། རྒྱའི་ལོ་ཙཱ་པ་ཡུས་ཙེ་མིན་ལཱས་ཟི་ལོ་ཡི་ཁྱིམ་དུ།
B. ཁྱོད་དང་ཧང་ག་རིའི་རྩོམ་པ་པོ་གཞན་དག་བར་འབྲེལ་འདྲིས་ཡོད་དམ། ཡང་ན་ཁྱོད་རང་རིག་གནས་ས་ལོན་སོགས་ལ་ཞུགས་ཀྱི་ཡོད་དམ།ལཱས་ཟི་ལོ། ང་ནམ་ཡང་ས་ལོན་སོགས་ལ་འགྲོ་གི་མེད། ལྷག་ཏུ་རྩོམ་རིག་ས་ལོན་ལ་འགྲོ་གི་མེད། ངས་ནམ་ཡང་དེ་ལྟ་བུའི་གནས་སུ་ཅི་ཡང་ལོན་མི་འདོད། ང་ལ་མཚོན་ན། རྩོམ་འབྲི་དང་རྩོམ་རིག་ནི་མི་སྒེར་གྱི་དོན་དག་ཅིག་ཡིན། སྐྱེས་པ་ཞིག་ཡིན་ཚེ་མི་སྒེར་གྱི་དོན་དག་ལ་བརྟེན་ནས་གཞན་ལ་ཁུར་པོ་བསྣན་མི་འོས། ལོ་མང་པོའི་རིང་ལ། ངས་གྲོགས་པོ་ཚོ་ལོ་རེར་ཐེངས་རེར་རང་ཁྱིམ་དུ་མགྲོན་འབོད་ཞུ་གི་ཡོད། འོན་ཀྱང་འདུ་འཛོམས་དེ་དག་གི་གལ་ཆེན་རང་བཞིན་ནི་རྩོམ་རིག་མཁས་པ་རྣམས་ཞུགས་ཏེ་རྩོམ་རིག་སྐོར་གླེང་བ་མ་ཡིན་པར། སྤྱིར་བཏང་གི་གྲོགས་པོ་མཉམ་འཛོམས་བྱས་པ་ཙམ་ཡིན།
B. སི་ལོ་ཝ་ཁེ་ཡི་མངའ་ཁོངས་སུ་ཁྱོད་ཀྱི་རུས་མིང་དང་འདྲ་བའི་རྫོང་མཁར་ཞིག་འདུག ཁྱོད་ཀྱིས་བལྟས་ན་ཁྱོད་རང་དེ་དང་འབྲེལ་བ་ཡོད་དམ།(རྫོང་མཁར་འདི་ལོ་འགའི་སྔོན་ལ་མེ་ཆེན་ཞིག་གིས་བརླགས་སོང་།)
ལཱས་ཟི་ལོ། ཧང་ག་རི་ན་ཀི་རས་ཟི་ན་ཧོར་ཀེ་ཞེས་པའི་རྫོང་མཁར་ཞིག་ཡོད་པ་དངོས་གནས་བདེན། དེ་ད་ལྟའི་སི་ལོ་ཝ་ཁེ་ཡི་མངའ་ཁོངས་སུ་ཡོད། དེ་ནི་ལོ་བརྒྱད་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་བཟོ་བཀོད་ཅིག་ཡིན་པར་མ་ཟད། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་དེ་ཉིད་ཧང་ག་རིའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པའི་ངོས་ནས་སི་ལོ་ཝ་ཁེ་ལ་བགོས། བཟོ་བཀོད་དེ་ཉིད་མཚོན་དོན་ཞིག་ཏུ་གྱུར། མི་ཞིག་གིས་དེའི་སྐོར་གྱི་གླུ་གཞས་ཤིག་བྲིས་ཡོད་པ་དེ་ཧང་ག་རིའི་རྒྱལ་ཡོངས་སུ་ཧ་ཅང་དར་ཁྱབ་ཆེ་མོད། ངས་དེ་གླུ་གཞས་ཡག་པོ་ཞིག་ཏུ་མཐོང་གིན་མེད་པས་ཉན་ཐེངས་རེར་སྒལ་གཞུང་རྔུལ་ཆུས་བརླན་འོང་བ་ཞིག་རེད།འོན་ཀྱང་། ངེད་ཚང་གི་སྤོ་ལགས་གླུ་གཞས་དེར་དགའ། ཐེངས་ཤིག་ཁོང་གིས་ཆང་ཁང་ཆུང་ཆུང་ཞིག་ཏུ་ཉིན་གང་གླུ་གཞས་དེ་བླངས་ཤིང་། ས་མིང་འདི་རང་ཉིད་ཀྱི་རུས་མིང་དུ་སྤྱོད་རྒྱུར་ཐག་བཅད་པ་རེད། དུས་དེ་ནས་བཟུང་ང་ཚོས་མིང་འདི་བཀོལ་གྱིན་ཡོད། ཉེ་ཆར། ཆབ་སྲིད་ཀྱི་ལངས་ཕྱོགས་ཐད་གཡས་ལྷུང་གི་བསམ་བློ་ཡོད་པའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་ཚོས་ང་ལ་འཛིན་ཤོག་སྤྲོད་སྐབས། ངའི་མིང་དེ་ཤེས་མ་ཐག་གླུ་དབྱངས་དེ་ཉིད་ལེན་མགོ་བརྩམས། སྔོན་ཆད་དང་འདྲ་བར་ངས་གླུ་དབྱངས་འདིར་མཉན་མ་ཐག་སྒལ་བ་རྔུལ་ཆུས་བརླན་འོང་།
B. རྫོང་མཁར་དེ་ཕུད། ཁྱོད་ཀྱིས«སེ་ཐྲེན་ཐང་གྷོ»མ་བྲིས་གོང་ལས་ཀ་བྱས་མྱོང་སའི་གྲོང་རྡལ་ཆུང་ཆུང་དེའི་དཔེ་མཛོད་ཁང་ཡང་མེ་ཆེན་པོ་ཞིག་གིས་ཚིག་སོང་ཟེར་བ་ཨེ་བདེན།
ལཱས་ཟི་ལོ། «སེ་ཐྲེན་ཐང་གྷོ»མ་བྲིས་སྔོན། དཔེ་མཛོད་ཁང་ཞིག་ལ་མེ་ཤོར་བར་མ་ཟད། ངའི་ལག་པའང«སེ་ཐྲེན་ཐང་གྷོ»འབྲི་སྐབས་འཚིག་རྨས་ཕོག སྐབས་དེར་ངས་ཕལ་ཆེར་སྒྲུང་དེའི་གསུམ་ཆའི་གཅིག་ལྷག་བྲིས་ཚར་ཡོད་སྒང་ཡིན། ངས་གློ་བུར་དུ་བྲིས་ཚར་བ་དེ་དག་ཧ་ཅང་མི་ལེགས་པ་དང་། རྩོམ་རིག་བརྩམས་ཆོས་གཞན་དག་དང་དམིགས་བསལ་ཁྱད་པར་ཅི་ཡང་མེད་པས་འདི་ལྟ་བུ་ཞིག་བྲིས་ན་སྙིང་པོ་མི་འདུག་སྙམ་སྟེ། སྐབས་དེར་རང་ཉིད་སྡོད་སའི་ཁང་པར་མེ་ཐབ་ཅིག་ཡོད་པ་དེའི་ནང་དུ་གཡུགས་པ་ཡིན། དེ་རྗེས་ངའི་སེམས་སུ་འདི་འདྲ་ཞིག་འཁོར། རང་ཉིད་ཀྱིས་འདི་ལས་ཀྱང་ལྷག་པའི་བློས་གཏོང་ཞིག་བྱེད་དགོས་དྲན་ཏེ། ཡི་གེ་དེ་དག་འབྲི་བྱེད་ཀྱི་ལག་གཡས་པ་མེ་ཐབ་ཀྱི་ནང་དུ་བསྲིངས། ལག་པ་མེས་ཚིག་པ་ཧ་ཅང་ཚབས་ཆེན་ཡིན་པ་བཤད་མི་དགོས་ཏེ། ང་རང་ཁང་པའི་འགྲམ་གྱི་ཆུ་ཕྲན་ཆུང་ཆུང་ཞིག་ཡོད་པ་དེའི་འགྲམ་ལ་ཕར་ཚུར་ཆུ་ཚོད་འགའ་ལ་བརྒྱུགས་པ་ཡིན། གོམ་མཚམས་འཇོག་ཐབས་བྲལ་བ་ཞིག་རེད། རྒྱུ་མཚན་ན་ཟུག་དེ་དངོས་གནས་བཟོད་དཀའ་བ་ཞིག་རེད། ངའི་ཚོར་སྣང་ཞིག་ལ་ང་རང་ལམ་སང་དབང་པོ་ཤོར་རྒྱུ་ཡིན་པ་འདྲ་སྙམ། རྗེས་སུ། ན་ཟུག་གཏན་ནས་འཇགས་ཐབས་མ་བྱུང་བས་ང་རང་ཉེ་འཁོར་གྱི་སྨན་ཁང་ཞིག་ཏུ་སོང་བ་ཡིན། ཁོ་ཚོས་ང་རང་མར་སྡོད་དང་ཟེར་མོད། ངས་ང་རང་མར་སྡོད་ཐུབ་ཀྱི་མི་འདུག གལ་སྲིད་མར་བསྡད་ན་ང་ལམ་སང་དབང་པོ་ཤོར་འགྲོ་བར་ཐེ་ཚོམ་མེད་ཅེས་བཤད་པ་ཡིན། ངའི་དཔུང་པ་གཡས་པ་ཆ་ཚང་འཚིག་རྨས་བྱུང་རྐྱེན་དེ་སོས་རག་བར་དུས་ཚོད་རིང་པོ་འགོར། དེའི་རྗེས་སུ་ངས་སྒྲུང་འདི་འབྲི་མགོ་བརྩམས་པ་དང་། བྲིས་ཚར་རྗེས་འཚིག་རྨས་བྱུང་བའི་ལག་པའི་རྨ་ཤུལ་ཡང་རྦད་དེ་མི་སྣང་བར་གྱུར། ད་ལྟ་རྩ་བ་ནས་མཐོང་ཐུབ་ཀྱི་མི་འདུག
B. ཁྱོད་ཀྱིས་དེ་ལ་སྐྱོ་གདུང་གི་སྤྲོ་གར་ཞེས་འབོད་དོན་ཅི།
ལཱས་ཟི་ལོ། ལམ་ལྷོངས་མ་བྱུང་བའི་མི་རྣམས་ཀྱི་ངོས་ནས་བརྗོད་ན། དེ་ནི་སྐྱོ་གར་ཞིག་རེད། གང་ལགས་ཤེ་ན། ཁོ་ཚོས་རང་ཉིད་ཀྱི་འཚོ་བར་ཇི་ལྟར་ཁ་གཏད་གཅོག་དགོས་པ་མི་ཤེས་པས་རེད། དུས་མཚུངས་སུ། སྤྲོ་གར་ཞིག་ཀྱང་རེད། རྒྱུ་མཚན་ཁོ་ཚོས་རང་ཉིད་ཀྱི་འཚོ་བར་ཇི་ལྟར་ཁ་གཏད་གཅོག་དགོས་པ་མི་ཤེས་པས་རེད། འདི་ནི་སྐྱོ་གར་གྱི་རྒྱུ་རྐྱེན་ཡིན་ལ། སྤྲོ་གར་གྱི་རྒྱུ་རྐྱེན་ཡང་ཡིན། མཇུག་འབྲས་ཀྱིས་སོ་སོའི་ལམ་ཕྲན་གསལ་པོར་དབྱེ་ངེས།
B. དེར་བརྟེན་ཁྱོད་རང་ན་ནིང་ལོ་གཅིག་རིང་ཉིའུ་ཡོག་ཏུ་བསྡད་དེ་ཨ་རིའི་རྩོམ་པ་པོ་ཧེའར་མན·མེ་ཨེར་ཝེར(赫尔曼·梅尔维尔)གྱི་ཞབས་རྗེས་འཚོལ་ཞིབ་བྱས་ཤིང་། ཁོང་གིས་ཁྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་འདྲ། དེ་དང་མཉམ་དུ། ཀྲུང་གོ་རུ་ཁྱོད་ལ་ཡང་ཁཱབ་ཁ་དང་ཧྥུ་ཁོ་ན་གཉིས་ཀྱི་གཅིག་བསྡུས་ཕུང་པོ་ཞེས་བརྗོད་ཀྱིན་འདུག
ལཱས་ཟི་ལོ། མེ་ཨེར་ཝེར་ནི་ང་ལ་ཤུགས་རྐྱེན་ཆེས་ཆེ་བའི་རྩོམ་པ་པོ་ཞིག་ཡིན། ཁོང་གི་སྒྲུང་རིང«ཆུ་སྲིན་དཀར་པོ»ཞེས་པ་དེ་ང་ལ་ཤུགས་རྐྱེན་ཆེན་པོ་ཡོད། སྐབས་དེར་ང་ཕལ་ཆེར་རང་ལོ་བཅུ་གསུམ་ཡས་མས་ཡིན་ཞིང་སྒྲུང་གཏམ་དེའི་ནང་ང་ཆེས་སྤྲོ་བ་འཕེལ་ས་ནི་ཆུ་སྲིན་མ་ཡིན་པར་གྲུ་དཔོན་ཡ་ཧ་ཡིན། ངས་རང་ཉིད་ཁོ་ཡིན་པར་ཆ་བཞག་སྟེ་རང་ཉིད་ཀྱི་གནས་སྟངས་ཁོའི་གནས་སྟངས་ལ་ཆ་བཞག ཉིན་མང་པོ་ཞིག་དང་གཟའ་འཁོར་ཁ་ཤས་རིང་ང་རང་གཅིག་པུ་སྒོ་ར་ཕྱི་མར་འགྲེང་སྟེ་དུས་ཡུན་རིང་པོར་བསྡད་པ་ཡིན། དེ་གར་ངས་མི་གཅིག་ཀྱང་མཐོང་མ་བྱུང་། དེ་ནི་གྲུ་དཔོན་ཡ་ཧ་ལགས་རྒྱ་མཚོའི་རླུང་འཚུབ་ཁྲོད་གྲུ་གཟིངས་སྟེང་ལངས་ཏེ་ཡོད་པ་དང་འདྲ། ཡིན་ཏེ། དེ་དུས་ངས་ཁཱབ་ཁ་བཀླགས་མྱོང་ཡོད། དེ་ནི་བདག་རང་ལས་ལོ་དྲུག་གིས་ཆེ་བའི་ཕུ་བོའི་གྲོགས་པོའི་ཚོམས་སུ་འཛུལ་རྒྱུའི་གོ་སྐབས་བྱུང་བ་དེར་ཐུགས་རྗེ་ཆེ་ཞུ་དགོས་ཡོད། སྐབས་དེར་ཁོ་ཚོས་ཁཱབ་ཁའི་སྒྲུང་གཏམ«མཁར་རྫོང»སྐོར་ལ་འཕྲོས་་མོལ་བྱེད་བཞིན་འདུག ཁཱབ་ཁའི་སྒྲུང་གཏམ་ངས་ཅི་ཡང་ཧ་མ་གོ། ང་རང་མི་སྣ་གཙོ་བོKལ་སྐྲག་གིན་པ་ངས་ཁས་ལེན་བྱེད། གང་ལྟར་ངས་རང་ཉིད་ཁོ་ཡིན་པར་ཆ་འཇོག་བྱེད་མི་ཕོད། སྐབས་དེར་ངས་གྲུ་དཔོན་ཡ་ཧ་བཀླགས་པས་ངས་ཁོ་ལ་རྒྱུས་ལོན་བྱེད་ཐུབ་པར་གྱུར་ཅིང་། ཁོས་ང་བསྐྱབས་བྱུང་བ་ལྟ་བུའི་ཚོར་བ་བྱུང་། དེ་ནི་དེ་རིང་གི་ཉམས་སྣང་དང་གཏན་ནས་མི་འདྲ། དེ་རིང་ངས་གྲུ་དཔོན་ཡ་ཧ་ལ་རྒྱུས་ལོན་བྱེད་ཐུབ་ཀྱི་མི་འདུག དེ་ལས་ལྡོག་སྟེ་ངས་རང་ཉིད་དངKགཉིས་ཀྱི་བར་དུ་བརྩེ་དུང་གི་བརྡ་རྟགས་ཤིག་ཡོད་པར་འདོད།
N. བརྩམས་ཆོས་ཐོག་མ་དེ་འདི་འདྲའི་ཆུ་ཚད་མཐོ་ཤོས་སུ་སླེབས་ཐུབ་ཀྱི་འདུག དེའི་གོང་གི་ཁྱེད་ཀྱི་རྩོམ་རིག་གི་གྲ་སྒྲིག་ནི་ཅི་འདྲ་ཞིག་ཡིན་ནམ།
ལཱས་ཟི་ལོ། ཧོ་མ་དང་ཨོའུ་ལི་ཕི་ཏེ་སི། ཐ་ཞི་ཐུའོ། ཧོ་ལ་སི། དེ་ནས་ཏན་ཏིན་དང་ཤིག་སི་ཕེར་བརྒྱུད་དེ་མེ་ཨེར་ཝེར་དང་། ཕུའུ་ལུའུ་སི་ཐེ། ཁཱབ་ཁ། ཆའོ་དབྱི་སི། པེ་ཁི་ཐེ། ཧྥུ་ཁི་ན་སོགས་ཀྱི་འཛམ་གླིང་རྩོམ་རིག་ལ་འཕྲད་པ་ཡིན། ངས་གཞོན་ནུའི་དུས་སྐབས་ནས་ད་ལྟའི་བར་ང་ལ་ཤུགས་རྐྱེན་ཐེབས་པའི་དེབ་དག་གསོག་གཉེར་གྱིས་གཞི་རྒྱ་ཆུང་བ་དང་མི་སྒེར་གྱི་ཉམས་དོད་པའི་དཔེ་མཛོད་ཁང་ཞིག་བཙུགས་ཡོད། ངས་དམིགས་བསལ་གྱི་ཚོགས་པ་འདི་ལ“ང་ལ་གལ་ཆེ་ཤོས་ཀྱི་དཔེ་ཆ་བརྒྱ”ཞེས་འབོད་ཀྱི་ཡོད། གལ་ཏེ་ཁཱབ་ཁ་མེད་ན། ངས་རང་ཉིད་རྩོམ་པ་པོ་བྱེད་རྒྱུ་ཡིད་ལ་དྲན་མི་སྲིད་ཅེས་བཤད་ཀྱང་ཆོག
N. «སེ་ཐྲེན་ཐང་གྷོ»ཡི་ལེའུ་དང་པོ་ཀློག་རྒྱུར་ཅུང་གོམས་ཐུབ་ཀྱི་མི་འདུག དེའི་རྒྱུ་མཚན་ནི་རང་བྱུང་ཚན་པ་ཕྱེ་མེད་པས་རེད་སྙམ། ལེའུ་གཉིས་པར་སླེབས་དུས་ཧ་ཅང་གོམས་ཐུབ་ཀྱི་འདུག ཁྱོད་ཀྱིས་འགྲོས་གདངས་གཅིག་ལྟར་བྲིས་འདུག་པའི་ཚོར་སྣང་ཡོང་གི་འདུག
ལཱས་ཟི་ལོ། ཁྱོད་རང་ཀློག་པར་མ་གོམས་པ་ནི་རྒྱུན་ལྡན་ཞིག་རེད། ཧང་ག་རིའི་ཀློག་པ་པོ་ཡིན་ནའང་སྒྲུང་གཏམ་འདི་ཉིད་ཀློག་མི་གོམས་པའི་ཚོར་བ་ཡོང་སྲིད། གང་ལགས་ཤེ་ན། དེ་ནི་སྒྲུང་འདི་ཉིད་དེང་གི་ཧང་ག་རིའི་རྩོམ་རིག་སྲོལ་རྒྱུན་དང་ཁ་བྲལ་བས་རེད། དུས་དེ་ནས་བཟུང་སྟེ། ངས་ལག་ཆ་ཞིག་ཏུ་བརྩིས་ནས་སྤྱོད་པའི་བརྗོད་པ་དེ་དེང་སྐབས་ཧང་ག་རིའི་རྩོམ་པ་པོས་སྤྱོད་པར་གོམས་པའི་སྐད་ཆ་དང་བར་ཐག་ཇེ་རིང་ཇེ་རིང་དུ་འགྱུར་བཞིན་ཡོད། ངས་བཀོལ་བའི་བརྗོད་པ་དེ་རིགས་ནི་ཀོ་ཐེ་རྣམ་པ་དང་ལྷག་བསམ་རང་བཞིན་གྱི་བསམ་གཞིག་བྱེད་སྟངས་དང་ཐག་ཉེ་བོ་ཡོད། ངའི་ཚིག་གྲུབ་ཇེ་རིང་ནས་ཇེ་རིང་ལ་འགྲོ་བཞིན་པར་མ་ཟད། དེ་ཉིད་ཞིབ་ཅིང་ཕྲ་ལ་ཚགས་དམ་པའི་སྒྲིག་གཞིས་བརྒྱན་ཡོད། དེ་ལྟར་བྱས་ཚེ་ད་གཟོད་བཤད་འདོད་པའི་སྐད་ཆ་དག་སྔར་ལས་ཀྱང་རང་བྱུང་གི་རྣམ་པས་ཡོང་ཐུབ་ཀྱི་འདུག མི་གང་ཞིག་གིས་སུ་ཞིག་ལ་གོ་སྐོན་བློ་འགུག་བྱ་ཆེད་སྐད་ཆའི་སྒྲིག་འཛུགས་ཞིབ་ཚགས་ཅན་དུ་བཟོས་ཏེ། དོགས་པ་མེད་པར་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་རང་བྱུང་གི་བསམ་གཞིག་གི་རྒྱུད་རིམ་དང་དེ་བས་ཐག་ཉེ་བ་ཡོད། ད་དུང་རྒྱུ་རྐྱེན་གལ་ཆེན་ཞིག་ཡོད་པ་སྨོས་མེད་མ་དགོས་ཏེ། ང་ཆུང་དུས་ནས་རོལ་ཚོགས་སུ་ཞུགས་པ་དང་། རོལ་ཆས་སྣ་ཚོགས་དཀྲོལ་ཤེས། ཐ་ན་པི་ཝང་རྒྱུད་གཉིས་མ་ཡང་དཀྲོལ་མྱོང་། ད་དུང་རྫ་བུག་ཀྱང་ཡོད།

གློག་བརྙན། «སེ་ཐྲེན་ཐང་གྷོ»
[ཧང་ག་རི] ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ།
B. ཁྱེད་ཀྱི་བརྩམས་ཆོས་མང་པོ་ཞིག་པེ་ལཱ·ཐཱར་གྱིས་གློག་བརྙན་དུ་ཕབ་སྐྲུན་བྱས་པར་མ་ཟད། ཁྱེད་ཚོས་ཀྱང་འཁྲབ་གཞུང་སྐོར་ནས་མཉམ་ལས་བྱས་མྱོང་འདུག ཁྱོད་ཀྱིས་གློག་བརྙན་དང་རྩོམ་རིག བརྙན་མིག་དང་སྐད་ཆའི་འབྲེལ་བར་ལྟ་སྟངས་གང་འདྲ་འཛིན་གྱི་ཡོད་དམ།[ཧང་ག་རི] ལཱས་ཟི་ལོ·ཀི་རས་ཟི་ན་ཧོར་ཀེ།
ལཱས་ཟི་ལོ། ངས་པེ་ལཱ·ཐཱར་ལ་འཁྲབ་གཞུང་བྲིས་པར་མ་ཟད། ད་དུང་མཉམ་དུ་གློག་བརྙན་བཟོ་བཞིན་ཡོད། ང་ཚོ་མི་གསུམ་གྱིས་མཉམ་དུ་ལས་ཀ་འདི་སྒྲུབ་བཞིན་ཡོད། ང་དང་པེ་ལཱ·ཐཱར། ད་དུང་ཁོའི་ཆུང་མ(སྒྲིག་སྦྱོར་མཁན)བཅས་ཡོད། ཐག་གཅོད་བྱ་དགོས་རིགས་ལ་ང་ཚོས་གྲོས་ཁ་མཉམ་བསྡུར་བྱེད་ཀྱི་ཡོད། ང་ཚོས་མཉམ་དུ་འཁྲབ་སྟོན་པ་དང་ཡུལ་ལྗོངས་འདེམ་པ། བརྙན་ལེན་པ་བཅས་བྱེད་ཀྱི་ཡོད། མདོར་ན། ལས་ཀ་ཆ་ཚང་ང་ཚོས་མཉམ་དུ་ལེགས་གྲུབ་བྱས་པ་ཡིན། ངའི་ལས་ཀ་གལ་ཆེ་ཤོས་ནི་འཁྲབ་གཞུང་འབྲི་རྒྱུ་དེ་ཡིན། པེ་ལཱ·ཐཱར་གྱིས་དེའི་རིགས་འབྲི་མི་ཐུབ། ལོས་ཡིན། དེ་ནི་ང་རང་ཉིད་ཀྱིས་སྒྲུབ་དགོས་པའང་ཐེ་ཚོམ་བྱེད་མི་དགོས་པ་ཞིག་རེད། ང་ཚོའི་གློག་བརྙན་ཕབ་སྐྲུན་གྱི་རྒྱུད་རིམ་ཆ་ཚང་མཛའ་གྲོགས་མཉམ་ལས་ཀྱི་རྨང་གཞིའི་སྟེང་བསྒྲུབས་པ་ཡིན། ང་ཚོ་ནི་གྲོགས་པོ་ཡིན་པ་ལས་ལས་གྲོགས་མིན།
B. པེ་ལཱ·ཐཱར་གྱི་བརྙན་མིག་རིང་མོའི་ནང་དུས་ཚོད་ནི་རྣམ་པ་གལ་ཆེན་ཞིག་ཡིན། སྒྲུང་གཏམ«སེ་ཐྲེན་ཐང་གྷོ»ཡང་དེ་འདྲ་ཞིག་ཡིན་ཏེ། དུས་ཚོད་ནི་འཁོར་སྐྱོད་ཀྱི་རྙི་ཞིག་དང་མཚུངས། ཁྱོད་ཀྱིས་དུས་ཚོད་ལ་གོ་བ་ཇི་ལྟར་ལེན་གྱིན་ཡོད།
ལཱས་ཟི་ལོ། པེ་ལཱ·ཐཱར་རམ། ཡང་ན་ངེད་ཚོ་གསུམ་པོས་ངའི་དཔེ་ཆ་གློག་བརྙན་དུ་ཕབ་སྐྲུན་བྱེད་དགོས་ཀྱི་མི་འདུག ངའི་དཔེ་ཆ་མ་གཞི་ནས་བཅོས་སྒྲིག་བྱེད་དགོས་ཀྱི་མི་འདུག དཔེ་ཆ་ལེགས་གྲུབ་བྱུང་འདུག་སྟེ། མཐར་ཐུག་གི་བརྩམས་ཆོས་ཡིན་པས་བཅོས་སྒྲིག་བྱེད་མི་དགོས་སྙམ་གྱིན་ཡོད། ང་ཚོས་ཕབ་སྐྲུན་བྱེད་དགོས་པའི་གློག་བརྙན་ནི། ངས་བྲིས་པའི་དཔེ་དེབ་འདི་དག་གི་ནང་ནས་འཆར་སྣང་འཚོལ་རྒྱུ་དེ་ཡིན་པར་འདོད། པེ་ལཱ·ཐཱར་ནི་ངའི་བརྩམས་ཆོས་ལ་དབྱིངས་ཞུགས་མཁན་ཞིག་ཡིན། 1985ལོ་ནས་མགོ་བརྩམས་ཏེ་ལོ་ངོ་ཉེར་ལྔའི་རིང་ལ་ངའི་བརྩམས་ཆོས་གཞིར་བཟུང་ནས་གློག་བརྙན་ཕབ་ཀྱི་ཡོད་ལ། ངའི་བརྩམས་ཆོས་ཀྱིས་ཁོ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད། ངས་སྒྲུང་གཏམ་ཁྲོད་དུས་ཚོད་ཐག་གཅོད་བྱས་ཡོད་པ་དང་འདྲ་བར། པེ་ལཱ·ཐཱར་གྱིས་གློག་བརྙན་ནང་མངོན་འགྱུར་ཡག་པོ་བྱུང་དུ་བཅུག་ཡོད། ཁོས་གློག་བརྙན་ནང་ནས་དཔེ་ཀློག་ཁྲོད་རྙེད་པའི་དངོས་པོ་དེ་མཐོང་འདོད་པ་རེད། དུས་ཚོད་ཀྱི་གལ་ཆེན་རང་བཞིན་ནི་དེའི་རིང་ཚད་ལ་རག་ལས་པ་མིན་པར། གཙོ་བོ་དེའི་ནང་དོན་ལ་ཐུག་ཡོད། དོན་དག་ཅི་ཞིག་བྱུང་བའམ། འཛམ་གླིང་གི་གནས་སྟངས་དེ་དུས་ཚོད་ངེས་ཅན་ཞིག་གི་ནང་ལ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བ་དང་། རྫོགས་རྒྱུ་མེད་པའི་དུས་ཚོད་ཅིག་གི་ནང་ལ་འགྱུར་ལྡོག་ཅི་འདྲ་ཞིག་བྱུང་ཡོད་པ་སོགས་ཁོས་ང་ཚོའི་རོགས་རམ་འོག་གློག་བརྙན་དུ་ཕབ་འདོད་པ་རེད། དེའི་ཕྱིར། ཁོས་ངེས་པར་དུ་མིག་ཤེས་ཀྱི་བརྡ་སྤྲོད་ཐབས་ཤིག་རྙེད་དགོས་པ་རེད། ཁོས་གནད་འདི་ཤེས་རྟོགས་བྱུང་རྗེས་ད་གཟོད་དཔེ་ཀློག་བྱེད་པ་དང་མྱོང་རོལ་བྱེད་པ། དཔེ་ཆ་དང་ལྷན་དུ་མདུན་ལ་གོམ་པ་སྤོ་བའམ་ཡང་ན་སྔར་མལ་དུ་ཁུ་སིམ་མེར་སྡོད་པ། རང་ཉིད་ཀྱི་ཐབས་ལམ་རྙེད་ཐབས་བྱས་ཏེ། བརྙན་ཡོལ་གྱི་ངོས་ནས་ལྟད་མོ་བ་རྣམས་ལ་ཐུན་མོང་གི་ཚོར་བ་སྐྱེ་རུ་འཇུག་དགོས། གལ་ཆེ་བ་ནི་འདི་ལྟ་བུའི་གནས་སྟངས་ཡིན་ཏེ། དེ་ནི་བྱ་དངོས་ཀྱི་གནས་སྟངས་ཡིན་པ་ལས་བྱུང་རིམ་མིན་ལ། གཏམ་རྒྱུད་ཀྱང་མིན།
N. ཁྱོད་སློབ་ཆེན་མཐར་ཕྱིན་རྗེས་གྲོང་གསེབ་ཏུ་དཔེ་དེབ་དོ་དམ་པ་བྱེད་དུ་སོང་ངམ།
ལཱས་ཟི་ལོ། ང་ནི་སློབ་ཆེན་གྱི་སྐབས་སུ་ཕྱིན་པ་ཡིན། དེ་དུས་ང་འཕྲིན་གཏོང་སློབ་ཆེན་ལ་འགྲོ་ཡི་ཡོད། ཟླ་རེར་ཉིན་གཉིས་གསུམ་ལ་མ་གཏོགས་སློབ་གྲྭའི་སློབ་ཁྲིད་ལ་འགྲོ་དགོས་ཀྱི་མེད། དེའི་ཕན་གྱི་དུས་ཚོད་ཆ་ཚང་ལ་ལས་ཀ་བྱ་ཆོག ངས་དཔེ་དེབ་མང་པོ་ཞིག་བཀླགས་པར་མ་ཟད་དགེ་རྒན་ཆེན་མོ་ཁག་ཅིག་གི་འཆད་ཁྲིད་ལའང་མཉན་མྱོང་། ཁོང་ཚོ་དང་ལྷན་དུ་གནད་དོན་ལ་བགྲོ་གླེང་དང་གྲོས་སྡུར་བྱས་མྱོང་། ཡིན་ནའང་། ང་སྐབས་དེའི་མཐོ་རིམ་སློབ་གསོའི་སྒྲིག་གཞི་ལ་དེ་འདྲའི་དགའ་བོ་མེད། དེ་ནི་སྐབས་དེའི་ཧང་ག་རིའི་སྤྱི་ཚོགས་ལ་མི་དགའ་བ་ནང་བཞིན་ཡིན། སྒྲིག་གཞི་དེ་འདྲ་ཞིག་གི་འོག་ཏུ་ཁྱོད་ལ་ཤེས་བྱའི་མ་ལག་ཆ་ཚང་ཞིག་འཐོབ་མི་ཐུབ། དེས་ད་དུང་ཁྱོད་ལ་གུ་དོག་པའི་བསམ་བློ་སྐྱེ་རུ་འཇུག་ངེས་ཡིན། ང་རང་སློབ་གྲྭར་འགྲོ་སྐབས་སྒྲིག་གཞི་དེ་ཅུང་ལྷོད་མགོ་བརྩམས། 1970ལོར། ནུབ་ཕྱོགས་ཀྱི་རྩོམ་པ་པོ་གྲགས་ཅན་ཁ་ཤས་ཀྱི་བརྩམས་ཆོས་པར་སྐྲུན་བྱེད་མགོ་བརྩམས། དེ་ནི་སྔོན་ཆད་དང་བསྡུར་ན་བསམ་ཡུལ་ལས་འདས་པ་ཞིག་རེད། སློབ་གསོའི་མ་ལག་ལྷོད་དུ་ཕྱིན་པ་ནི་གཙོ་བོ1980ལོར་རེད། དེ་ནས་བཟུང་སྟེ། གཞོན་ནུ་ཚོར་རང་དབང་ཅུང་ཟད་ཡོད་པར་གྱུར།
N. ཁྱོད་ཅིའི་ཕྱིར་གྲོང་ཁྱེར་དང་ཁ་བྲལ་ནས་གྲོང་གསེབ་ཏུ་འགྲོ་དགོས་བྱུང་བ་ཡིན།
ལཱས་ཟི་ལོ། དེའི་རྒྱུ་མཚན་ནི། གྲོགས་མེད་ཁེར་རྐྱང་དང་། སྐྱབས་མེད་རེ་ཆད། ཉམ་ཆུང་ནུས་མེད་ཀྱི་མི་ནི་གྲོང་གསེབ་དང་ལྷག་པར་དུ་རི་ལམ་ཀྱག་ཀྱོག་ཡིན་པའི་ཞིང་གྲོང་དུ་ཡོད། ཧང་ཀ་རི་ལ་མཚོན་ན“ཞིང་གྲོང”ཟེར་བ་ནི་གྲོང་ཚོ་མིན། ས་ཆ་ཧ་ཅང་རྒྱ་ཆེན་པོ་ཞིག་ཏུ་ཁྱིམ་ཚང་འགའ་ཐར་ཐོར་གྱི་ཚུལ་དུ་གཞིས་ཆགས་ཤིང་། བར་ཐག་སྤྱི་ལེ་གཉིས་ནས་གསུམ་ཡོད། ངས་ད་དུང་གྲོང་ཁྱེར་ཆུང་ཆུང་ཁ་ཤས་སུ་ལས་ཀ་བྱས་མྱོང་། ང་གཏེར་འདོན་དུ་སོང་མྱོང་། ངལ་རྩོལ་ནུས་ཤུགས་ལྕི་མོའི་རིགས་ལ་ཞུགས་མྱོང་། རྡོ་སོལ་གཏེར་འདོན་ནང་དུ་ཟོང་སྐྱེལ་འཁོར་ཆུང་དེད་མྱོང་། སྐབས་དེར་གཏེར་འདོན་བཟོ་པའི་གོ་གནས་ཧ་ཅང་དམིགས་བསལ་ཡིན་པས་སྲིད་གཞུང་གིས་གཏེར་འདོན་བཟོ་པར་གཟིགས་སྐྱོང་གི་ཐོབ་ཐང་མང་པོ་གནང་། དོན་དངོས་ཐོག གཏེར་འདོན་བཟོ་པ་རྣམས་ཀྱིས་རང་ཉིད་གཞན་གྱིས་མགོ་སྐོར་དང་བཀོལ་སྤྱོད་བྱེད་ཀྱིན་པའང་གསལ་པོ་ཤེས་ཡོད། དེའི་ཁྲོད་དུ་འཚོ་བ་སྐྱེལ་རྒྱུ་ནི་ཧ་ཅང་རྩ་ཆེན་དང་མཛེས་སྡུག་ལྡན་པའི་ཉམས་ལེན་ཞིག་རེད། གཏེར་འདོན་བཟོ་པ་རྣམས་ཀྱིས་ཕན་ཚུན་མཐུན་སྒྲིལ་དང་གཅེས་སྐྱོང་། རོགས་རམ་བྱེད་པ་དེ་ནི་ངས་ས་ཆ་གཞན་གང་དུའང་མཐོང་ཐབས་བྲལ་བ་ཞིག་རེད། ང་ས་ཆ་མང་པོར་སོང་མྱོང་། ལས་ཀའང་མང་པོ་བརྗེས་མྱོང་། མ་གཞི་ང་ལ་འཁྱམ་ཉུལ་བྱེད་པའི་སེམས་ཁམས་ཡོད་པས་ལམ་ཡིག་བླངས་མ་ཐག་ཡོ་རོབ་གླིང་གི་སྐམ་ས་ཧྲིལ་པོ་དང་འཛམ་བུ་གླིང་ལ་འཁྱམས་པ་ཡོད། ངས་དཔེ་ཆའི་ནང་དུ་མི་སྣ་གལ་ཆེན་ཞིག་བྲིས་མྱོང་ཞིང་། ཁོ་ནི་འཁྱམ་པོ་ཞིག་ཡིན། ཁོ་ནི་ཀྲུང་གོའི་སྙན་ངག་པ་ལི་པའེ་རེད། ང་ཁོང་ལ་ཧ་ཅང་དགའ། སྔོན་ཆད་དུས་ཡུན་རིང་པོ་ཞིག་བཀོལ་ནས་ཁོའི་སྙན་ངག་ལ་ཞིབ་འཇུག་བྱས་མྱོང་། རྩོམ་འབྲིའི་རྣམ་གྲངས་ཤིག་གིས་འཛམ་གླིང་ས་གནས་ཁག་གི་རྩོམ་པ་པོ12གདན་འདྲེན་ཞུས་ཤིང་རོགས་དངུལ་སྤྲད་དེ་ཁྱོད་ཅག་གིས་བསྒྲུབ་འདོད་པའི་བྱ་བ་ཞིག་འབྲི་རོགས་ཞེས་བཤད་མྱོང་། དེར་བརྟེན། ངས་ལི་པའེ་ཡི་ཞབས་རྗེས་སྙེག་གི་ཡིན་ཞེས་བྲིས་ཏེ་ཀྲུང་གོར་ཡུལ་སྐོར་བྱས། སྐབས་དེར་ངས་ཀྱང་ཨ་རག་མང་པོ་འཐུང་ཐུབ། ལི་པའེ་དང་ཕལ་ཆེར་གཅིག་མཚུངས་ཡིན།
B: 新京社 (པེ་ཅིང་ཚགས་གསར)
N:南方周末 (ལྷོ་ཕྱོགས་གཟའ་མཇུག)
རྩོམ་ཡིག «རྨ་ལྷོ་བོད་ཡིག་ཚགས་པར»༢༠༢༥ལོའི་ཟླ༡༠ཚེས༢༤ཉིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།








青公网安备63252102000006号