«མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ»གྱི་བཤེར་འབེབས་ཚོགས་འདུ་ཟི་ལིང་དུ་འཚོགས།

རྩོམ་པ་པོ།:མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-06-30 09:13:41 ཀློག་གྲངས།:
       ཟླ6པའི་ཚེས27ཉིན། «མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ»གྱི་བཤེར་འབེབས་ཚོགས་འདུ་ཟི་ལིང་དུ་འཚོགས།
       བཤེར་འབེབས་ཚོགས་འདུའི་ཐོག་དེ་སྔའི་སྤྱི་ཚོགས་ཚན་རིག་ཁང་གི་གླིང་གཙོ་གཞོན་པ་དང་། ཞིང་ཆེན་སྲིད་གཞུང་གི་བློ་འདོན་པ། བོད་རིག་པའི་ཆེད་མཁས་ཤེར་མཚོ་དང་། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུ་བོད་ཡིག་ཁང་གི་ཀྲུའུ་རེན་བློ་ཁོ། དེ་བཞིན་ཞིང་ཆེན་སྲིད་གཞུང་གི་གྲངས་ཉུང་མི་རིགས་སྐད་ཡིག་ཡིག་སྒྱུར་ཁང་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། ཞིང་ཆེན་རིག་གནས་ཐོན་རྫས་གསལ་འབྱེད་ལྟེ་གནས། ཁུལ་ཨུའི་དྲིལ་སྒྲོག་པུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་མགོ་ཁྲིད་དང་རྩོམ་སྒྲིག་ཨུ་ལྷན་གྱི་ཁོངས་མི་སོགས་ཁྱོན་སྡོམ་མི་སྣ40ལྷག་ཚོགས་འདུར་ཞུགས།
       ས་མིང་ནི་ས་ཁམས་ཀྱི་མཚོན་རྟགས་ཡིན་པ་མ་ཟད། རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཀྱང་ཡིན། དེས་ཡུལ་ལུང་གི་ཁ་ཕྱོགས་གསལ་པོར་སྟོན་ཐུབ་ལ། ལོ་ངོ་སྟོང་ཕྲག་རིང་གི་མི་རིགས་ཁག་གི་འབྲེལ་འདྲིས་འདྲེས་གསུམ་གྱི་ལོ་རྒྱུས་དང་མེས་པོ་ཚོས་རང་བྱུང་ཁམས་ངོས་འཛིན་དང་སྒྱུར་བཀོད་བྱས་པའི་བློ་གྲོས་ཀྱི་ཉིང་བཅུད་མཚོན་ཐུབ།
       «མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ»ནི་བོད་རྒྱ་ཤན་སྦྱར་ཅན་གྱི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ་སྐོར་གྱི་དེབ་ཅིག་ཡིན་ཞིང་། དེར་མ་ལག་རང་བཞིན་དང་ཉེར་སྤྱོད་རང་བཞིན་གྱི་ཁྱད་ཆོས་ལྡན། དེབ་འདི་ཉིད་སྲིད་འཛིན་ཁུལ་དབྱེ་དང་། འདུས་སྡོད་ཁུལ། མཁར་གྲོང་གི་སྒྲིག་བཀོད། འགྲིམ་འགྲུལ་སྒྲིག་ཆས། རང་བྱུང་རི་ཆུ་ལུང་ཐང་སོགས་ལེའུ་དགུ་ཡིས་གྲུབ་ཡོད་ཅིང་། ས་མིང3500ལྷག་ཙམ་གྱི་ལོ་རྒྱུས་རིག་གནས་བརྡ་འགྲེལ་བཀོད་ཡོད།
       ད་ཐེངས་ཀྱི་བཤེར་འབེབས་ཚོགས་འདུའི་ཐོག «བརྡ་འགྲེལ»རྩོམ་སྒྲིག་གྲུབ་འབྲས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་དབང་གྲགས་ལྡན་པའི་གཟིགས་ཞིབ་གནང་བ་མ་ཟད། ཚོགས་ཞུགས་ཆེད་མཁས་དག་གིས་ས་མིང་རེ་ཟུང་གི་ཡོང་ཁུངས་དང་། མི་རིགས་སྐད་ཡིག་གི་གོ་དོན་དབྱེ་ཞིབ། ས་མིང་འཕོ་འགྱུར་སོགས་ཀྱི་ནང་དོན་ལ་དམིགས་ནས་གྲོས་སྡུར་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད། «མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ»ནི་རིག་གཞུང་རང་བཞིན་དང་ཀློག་རུང་རང་བཞིན་ལྡན་པའི་ཤན་སྦྱར་མིང་མཛོད་ཅིག་ཡིན་ཞིང་། ས་མིང་རིག་གནས་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།