སྡེ་དགེ་པར་ཁང་གི་པར་ཤིང་ཡིག་ཚགས་མིང་ཐོ་འདིར་ཚུད་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཁམས་པའི་བརྙན་འཕྲིན་དྲ་བ།
དུས་ཚོད།:2024-05-09 08:26:18
ཀློག་གྲངས།:
ཟླ་བ་ལྔ་པའི་ཚེས་བརྒྱད་ཉིན། སོག་པོ་རྒྱལ་ཁབ་ཀྱི་ཝུའུ་ལན་པ་ཐུའོ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཀྲུང་གོའི་རྒྱལ་ཁབ་ཡིག་ཚགས་ཅུས་ཀྱིས་བདམས་སྐྱེལ་བྱས་པའི་སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་བདེ་བླག་ངང༼འཛམ་གླིང་དྲན་ཤེས་ལས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་མིང་ཐོའི༽ནང་བདམས་ཐོན་བྱུང་སྟེ། སྔར་ལས་གཞི་རྒྱ་ཆེ་བའི་ངང་ནས་རྒྱལ་སྤྱིའི་མཐོང་ལམ་དུ་མངོན་པ་རེད།
ཉིན་དེའི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་དྲན་ཤེས་ལས་གཞིའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་པའིMOWCAPཚོགས་ཆེན་ཉིན་གསུམ་པར་སླེབས་པ་དང་། ཉིན་དེའི་གྲོས་རིམ་ནི་རེས་སྐོར་གསར་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱི་དྲན་ཤེས་མིང་ཐོའི་ཡིག་ཐོག་སྙན་ཞུ་ལ་དཔྱད་འདེམས་བྱ་རྒྱུ་དེ་རེད། སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་ལ་ཀུན་གྱིས་དགའ་བསུ་ཐོབ་ནས། དཔྱད་འདེམས་ལས་རྣམ་པར་རྒྱལ་བ་རེད།
གངས་འདབས་ཀྱི་རིག་གནས་བང་མཛོད་འདི་ལ་དཀར་མཛེས་མི་དམངས་ཀྱིས་རིན་ཆེན་ནོར་བུ་ལྟ་བུའི་ཡིག་ཚགས་རྩ་ཆེན་ཏུ་བརྩིས་ཡོད། དེ་ལ་འཛམ་གླིང་དྲན་ཤེས་མིང་ཐོའི་རེ་ཞུ་རྒྱག་པའི་ཐོབ་ཐང་རག་པར་མ་ཟད། སི་ཁྲོན་ཞིང་ཆེན་གྱི་མིང་ཐོ་འདིའི་སྟོང་ཆ་བསྐངས་ནས། འཛམ་གླིང་མི་དམངས་ཀྱི་ཐུན་མོང་གི་དྲན་ཤེས་སུ་ཆགས་ཡོད་པ་རེད།
སྡེ་དགེ་པར་ཁང་གི་བོད་ཀྱི་པར་ཤིང་ཡིག་ཚགས་དེ་ད་ལྟ་སྤྱི་ལོ༡༧༢༩ལོར་བཞེངས་པའི་པའི་སྡེ་དགེ་པར་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། ༡༧༠༣ལོ་ནས་བཟུང་པར་བརྐོ་འགོ་ཚུགས་ཤིང་། ད་བར་གནའ་བོའི་པར་གཞི༢༢༨༨༡༤ཆ་ཚང་ཉར་ཚགས་བྱས་ཡོད། པར་ཤིང་འདི་དག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་ཡོད་པར་མ་ཟད། ད་དུང་གནམ་རིག་སྐར་རྩིས་དང་། སྐད་བརྡ། ལོ་རྒྱུས། གསོ་རིག་སོགས་རིག་གཞུང་ཚན་ཁག་གི་གསུང་རྩོམ་མང་པོ་ཡོད། མང་ཆེ་བ་བོད་ཡིག་ཡིན་ལ། ལཉྩ་དང་ཝརྟུ་ཡང་ཡོད། ཡིག་རིགས་པར་གཞི་རིགས་ཆེ་གྲས་དྲུག་ཡོད་པ་ཕུད། ད་དུང་ཐང་ག་སོགས་རི་མོའི་པར་གཞི་ཆེ་གྲས་གསུམ་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།