ངོས་དང་པོ > སྒྱུ་རྩལ། > མཛེས་རིས། > ༄༅། །མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟུགས་འདས་ཤུལ་བཞག་་རིག་གནས་ལས་ཐང་ག་འབྲི་སྟངས་སློབ་ཁྲིད་བྱས་པ།
༄༅། །མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟུགས་འདས་ཤུལ་བཞག་་རིག་གནས་ལས་ཐང་ག་འབྲི་སྟངས་སློབ་ཁྲིད་བྱས་པ།
རྩོམ་པ་པོ།:
ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར།
དུས་ཚོད།:2024-12-19 08:37:51
ཀློག་གྲངས།:
ཐང་ག་ནི་བོད་ཀྱི་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་རི་མོའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད་ལ། མཚོ་བོད་ས་མཐོའི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཤིག་ཀྱང་རེད། 2001ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་དམངས་ཁྲོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཐང་ག་འབྲི་སྟངས་དེ་མཐོ་རིམ་སློབ་གསོའི་མ་ལག་ནང་བཅུག་པས། ཐང་གའི་འབྲེལ་ཡོད་སློབ་ཚན་ཐེངས་དང་པོ་ཁྲིད་པའི་མཚོ་སྔོན་གྱི་མཐོ་རིམ་སློབ་གྲྭར་གྱུར་ཡོད། ཕྱིས་སུ་ཆེད་ལས་དེ་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་སུ་བདམས་རྗེས་དམངས་ཁྲོད་ཀྱི་དགེ་སློབ་ཀྱི་རྒྱུན་འཛིན་བྱེད་སྟངས་ནས་སློབ་གྲྭར་སློབ་ཁྲིད་བྱེད་སྟངས་བར་བསྒྱུར་ཏེ། སྲོལ་རྒྱུན་གྱི་མི་རིགས་རིག་གནས་ལ་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པས་མངོན་མིན་རིག་གནས་ཤུལ་བཞག་ཐང་ག་རྒྱུན་འཛིན་སྔར་བས་ལེགས་པ་ཐུབ་ཡོད།

འདི་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་བཟོ་རྩལ་མཛེས་རྩལ(ཐང་ག)གྱི་ཆེད་ལས་སློབ་མ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་ཐང་ག་འབྲི་སྟངས་སྦྱོང་བཞིན་པ།

འདི་ནི་མཚོ་སྔོན་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་བཟོ་རྩལ་མཛེས་རྩལ(ཐང་ག)གྱི་ཆེད་ལས་སློབ་མས་ཐང་ག་འབྲི་བཞིན་པ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།