བོད་སྐད་ཀྱི«ཧམ་ལེ་ཀྲི»ཕྱི་རྒྱལ་དུ་འཁྲབ་སྟོན་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2025-10-20 09:15:28 ཀློག་གྲངས།:
       ཨུ་རུ་སུའིས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས11དང12ཉིན། ཀྲུང་གོའི་ཟློས་གར་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི། འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཕུའུ་ཚུན་ཤིན་གྱིས་འཁྲབ་ཁྲིད་པ་གནང་ཞིང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་འཁྲབ་སྟོན་བྱས་པའི་བོད་སྐད་ཀྱི་གཏམ་བརྗོད་ཟློས་གར«ཧམ་ལེ་ཀྲི»ཞེས་པ་ཨུ་རུ་སུའི་ཧྲེང་པེ་ཏེ་པའོ་ཡི་སྐབས35པའི“པོ་ལའོ་ཏིས་མཚོའི་ཁྱིམ་གཞིས”རྒྱལ་སྤྱིའི་ཟློས་གར་དུས་ཆེན་གྱི་གར་སྟེགས་ཐོག་འཁྲབ་སྟོན་བྱས་ཤིང་། རྒྱལ་སྤྱིའི་གར་སྟེགས་སུ་གངས་ལྗོངས་ས་མཐོའི་གནའ་བོའི་སྐད་དང་ཧྲ་ཧྲི་པི་ཡའི་གཏམ་བརྗོད་ཟློས་གར་རྩེ་གྲ་གཉིས་མཉམ་འདྲེས་ཀྱིས་ངོ་མཚར་བརྩམས་ཆོས་ཤིག་བཏོད་ཡོད།
       ད་ཐེངས་ཀྱི་འཁྲབ་སྟོན་ནི་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ1962ལོར་བཙུགས་ཚུན། ཕྱི་རྒྱལ་དུ་བསྐྱོད་ནས་རིག་གནས་སྤེལ་རེས་བྱེད་ཐེངས་དང་པོ་དེ་རེད། “རིག་གནས་ལས་འདས་པའི་སྤེལ་རེས་དེ་རིགས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཞིང་། དེ་ལས་དར་རྒྱས་གོང་འཕེལ་བྱུང་བའི་བོད་ལྗོངས་གསར་པས་འཛམ་གླིང་རིག་གནས་ཀྱི་མཛེས་པ་མཐོང་ཐུབ་པར་མ་ཟད། འཛམ་གླིང་ལ་བོད་ལྗོངས་ཀྱི་རིག་གནས་དེང་རབས་ཕྱོགས་སུ་བསྐྱོད་པའི་ཡིད་དབང་འཕྲོག་ཤུགས་མཐོང་ཐུབ་པ་མ་ཟད། ཕུལ་བྱུང་གཞོན་ནུ་དེ་དག་གིས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཡང་བྱེད་ཐུབ”ཅེས་ཕུའུ་ཚུན་ཤིན་གྱིས་བརྗོད་པ་དང་། ཁོང་གིས་སླད་ཕྱིན“སའི་གོ་ལའི་གྲོང་ཚོའི”འཕེལ་ཕྱོགས་གཏིང་ཟབ་ཏུ་ཕྱིན་ནས་དམངས་ཁྲོད་རང་བཞིན་དང་དེང་རབས་ཅན་གཉིས་སྔར་བས་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་བ་བརྒྱུད། བོད་ལྗོངས་ཀྱི་རིག་གནས་སོགས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རིག་གནས་དག་འཛམ་གླིང་ཐོག་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། རིག་གནས་མཉམ་འདྲེས་ཀྱི་ཚོར་སྣང་གསར་པ།
       བོད་སྐད་ཀྱི«ཧམ་ལེ་ཀྲི»ཞེས་པ་དེས་ཧྲང་ཧའེ་ཟློས་གར་སློབ་གླིང་གི་རྒྱ་བོད་སྐད་གཉིས་པར་གཞིའི«ཧམ་ལེ་ཀྲིའི»སྒྱུ་རྩལ་གྱི་གཞི་རྒྱུ་རྒྱུན་མཐུད་བྱས་ཡོད། ཧྲང་ཧའེ་ཟློས་གར་སློབ་གླིང་འཁྲབ་སྟོན་ཚན་ཁག་གི2017ལོའི་བོད་ལྗོངས་འཛིན་གྲྭའི་སློབ་མ་ཚོས་ཕུའུ་ཚུན་ཤིན་གྱི་མཛུབ་ཁྲིད་འོག་གསར་རྩོམ་དང་འཁྲབ་སྟོན་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་པར་གཞིའི་གཏམ་བརྗོད་ཟློས་གར«ཧམ་ལེ་ཀྲི»ཞེས་པ2021ལོར་ཐོག་མར་བདེ་བླག་ངང་འཁྲབ་སྟོན་བྱས་པ་རེད། སློབ་མཐར་ཕྱིན་རྗེས་བོད་རིགས་སློབ་མ་དེ་དག་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་གཞོན་ནུ་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད།
       ཕུའུ་ཚུན་ཤིན་གྱི་ངོས་ནས་བརྗོད་ན། བོད་སྐད་ཀྱི«ཧམ་ལེ་ཀྲི»ལ་རྒྱལ་སྤྱིའི་ཟློས་གར་དུས་ཆེན་གྱི་དགའ་བསུ་ཆེན་པོ་ཐོབ་པ་དེ་ཐུན་མོང་མ་ཡིན་པའི་ཆ་གསུམ་དང་ཁ་འབྲལ་ཐབས་མེད་པ་སྟེ། གཅིག་ནས། ཀྲུང་གོའི་མི་རིགས56གི་ཁྲོད་ཐག་རིང་ལུང་ཁུག་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་གཏམ་བརྗོད་ཟློས་གར་ཚོགས་པས་ཧྲ་ཧྲི་པི་ཡའི་གསུང་རབ་འཁྲབ་སྟོན་བྱས་པ་དེ་རིག་གནས་མཉམ་འདྲེས་ཀྱི་ཚོར་སྣང་གསར་བ་ཞིག་ཡིན་པ་དང་། གཉིས་ནས། གསར་གཏོད་ཇུས་འགོད་ཀྱིས་ཐུན་མོང་མ་ཡིན་པའི་ཆ་བཏོད་ནས་ཐིག་རིམ་ལྟར་མིན་པའི་གནས་ཚུལ་ཞིབ་བརྗོད་བྱེད་སྟངས་ལ་བརྟེན་ནས་སྲོལ་རྒྱུན་གྱི་གྲུབ་ཆ་གཏོར་བ། གསུམ་ནས། བརྩམས་ཆོས་ཀྱི་ཉམས་འགྱུར་དེང་རབས་ཀྱི་སྟབས་བདེའི་ལམ་ཐིག་ཐོག་བསྐྱོད་ནས། གར་སྟེགས་དང་གློག་འོད་ལ་རྙོག་འཛིང་ཆེ་བའི་ཇུས་འགོད་མི་བྱེད་པ་དང་། རྒྱལ་པོ་དང་རྒྱལ་མོ་གཉིས་ཀྱི་འཁྲབ་གོས་ཁོ་ནར་ཁྱད་པར་ཕྲན་བུ་ཡོད་པ་ཕུད་དེ་མིན་གྱོན་ཆས་སྟབས་བདེ་ཙམ་བྱ་རྒྱུ་གཙོ་བོར་བྱས་ཏེ་རྒྱལ་སྤྱིའི་ལྟད་མོ་བས་བློ་རྩེ་གཅིག་སྒྲིམ་ངང་འཁྲབ་སྟོན་མྱོང་རོལ་བྱས་ཏེ་རིག་གནས་ཀྱི་འབྲེལ་གཏུག་བདེ་བླག་ཡོང་བར་བྱེད་ཐུབ་པ་བཅས་རེད།
       མི་ལ་ལས་གྲངས་ཉུང་མི་རིགས་སྐད་ཀྱི་གཏམ་བརྗོད་ཟློས་གར་ཕྱི་རྒྱལ་དུ་འཁྲབ་སྟོན་བྱས་ཚེ་རྒྱལ་སྤྱིའི་ལྟད་མོ་བ་ཚོས་དང་ལེན་བྱེད་དཀའ་བའི་སེམས་ཁྲལ་བྱེད་ཀྱི་ཡོད་པས། ཕུའུ་ཚུན་ཤིན་ཀྱིས་ལག་ལེན་ཁྲོད་ཐག་གཅོད་ཇུས་གཞི་རྙེད་ཡོད། ཧྲེང་པེ་ཏེ་པའོ་ཡི་འཁྲབ་སྟོན་ཁྲོད། དུས་མཉམ་སྐད་སྒྱུར་གྱིས་ཡིག་སྒྱུར་གྱི་ཚབ་བྱས་ནས། འཁྲབ་ཚིག་དེ་བས་ཁ་སྐད་ཅན་དུ་འགྱུར་ནས་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མི་འཕྲད་པར་བྱས་ཡོད། བོད་ལྗོངས་རིག་གནས་འཕེལ་རྒྱས་ཀྱི་མཐོང་རྒྱ་སྣ་མང་།
       “བོད་ལྗོངས་ཀྱི་རིག་གནས་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་ཆབས་ཅིག རང་ཡུལ་གྱི་ལྷད་མེད་བབ་ཆགས་དང་སྔར་ཡོད་རིག་གནས་ཀྱི་གཞི་རྒྱུ་དོར་མེད་པ་དེ་ནི་བོད་ལྗོངས་ཀྱི་རིག་གནས་རྒྱུན་མཐུད་གསོན་ཤུགས་རྒྱས་ཐུབ་པའི་འགག་རྩ་ཞིག་རེད”ཅེས་ཕུའུ་ཚུན་ཤིན་གྱིས་བརྗོད་པ་དང་། ཁོང་གིས། ད་ཐེངས་ཀྱི་བོད་སྐད་ཀྱི་ཧམ་ལེ་ཀྲིའི་གཏམ་བརྗོད་ཟློས་གར་ནི་བློ་ཁོག་ཆེན་པོས་མཉམ་འདྲེས་བྱེད་པའི་ལག་ལེན་ཞིག་ཡིན་པ་དང་། ཟློས་གར་ནང་གི་བོད་ལྗོངས་ཀྱི་རིག་གནས་ཀྱི་གཞི་རྒྱུ་མཉམ་འདྲེས་ཐད་ཇུས་འགོད་ཞིབ་ཚགས་བྱས་པ་སྟེ། དཔེར་ན། གཏམ་བརྗོད་ཟློས་གར་ནང་བོད་རིགས་ཀྱི་སྲོལ་རྒྱུན་སྒོར་གཞས་བཀོད་སྒྲིག་བྱས་ཡོད་ལ། འཁྲབ་སྟོན་པ་ཨའོ་ཧྥེ་ལི་ཡ་ཆུའི་ནང་ཟགས་པའི་ལྗོངས་རྣམ་ཁྲོད་བོད་རིགས་ཀྱི་དམངས་གཞས«ཁྲུང་ཁྲུང་དཀར་པོ»ཞེས་པ་མཉམ་འདྲེས་བྱས་ཡོད། “ཇུས་འགོད་འདི་རིགས་ཀྱིས་མི་རིགས་ཀྱི་གཞི་རྒྱུ་དང་འཛམ་གླིང་གི་གསུང་རབ་ཕན་ཚུན་གཅིག་ལ་གཅིག་རྒྱན་བྱས་ནས། རིག་གནས་ཀྱི་བླ་སྲོག་སོར་འཇོག་བྱས་ཡོད་ལ། འཛམ་གླིང་སྒྱུ་རྩལ་གྱི་མཛེས་དཔྱོད་གཏན་ཚིགས་དང་ཡང་མཐུན་ཡོད་པའི”ངོས་འཛིན་བྱེད་ཀྱི་ཡོད།
       ཕུའུ་ཚུན་ཤིན་གྱིས། བོད་ལྗོངས་ཀྱི་རིག་གནས་རྒྱལ་སྤྱིར་སྐྱོད་རྒྱུ་དེ་ཨུ་རུ་སུ་ཙམ་ལ་མཚམས་འཇོག་བྱེད་མི་སྲིད་ཅིང་། སྤེལ་རེས་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་བ་དང་བསྟུན་ནས། སླད་ཕྱིན་བོད་ལྗོངས་ཀྱི་རིག་གནས་སྤུས་ལེགས་དེ་བས་མང་བ་འཛམ་གླིང་གི་གར་སྟེགས་སུ་བསྐྱོད་ནས་འཛམ་གླིང་ལ་དངོས་ཡོད་དང་ཕྱོགས་ཡོངས་ཀྱི་བོད་ལྗོངས་གསར་པ་ཞིག་སྟོན་རྒྱུ་རེད་ཅེས་བརྗོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།