འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱི་གློག་བརྙན«སྨོན་ལམ་གཙང་བོའི་ཕ་རོལ»ལ“གསེར་གྱི་མེ་ཏོག”གི་གཟེངས་རྟགས་བྱ་དགའ་ཐོབ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-21 09:34:16 ཀློག་གྲངས།:
       ཉེ་ཆར། སྐབས་དྲུག་པའི་ཀྲུང་གོའི་པེ་ཅིང་རྒྱལ་སྤྱིའི་ན་ཆུང་གློག་བརྙན་དུས་ཆེན་ཉེ་ཆར་མཇུག་འགྲིལ་བ་དང་། བོད་རིགས་བུད་མེད་འཁྲབ་ཁྲིད་པ་བདུད་རྩི་སྐྱིད་ཀྱིས་འཁྲབ་གཞུང་བརྩམས་ཤིང་འཁྲབ་ཁྲིད་བྱས་པའི་གློག་བརྙན«སྨོན་ལམ་གཙང་བོའི་ཕ་རོལ»ལ“གསེར་གྱི་མེ་ཏོག་བྱ་དགའ”ཡི་གཟེངས་རྟགས་ཐོབ་འདུག
       རྒྱུས་ལོན་བྱུང་བ་ལྟར་ན། བྱ་དགའ་འདི་ནི་དགེ་རྒན་དང་སློབ་མ། ཁྱིམ་བདག དཔྱད་འདེམས་ཚོགས་པ་བཅས་ཀྱིས་དུས་ལྷན་དུ་འདེམས་ཤོག་འཕངས་ནས། མཇུག་མཐར་འདེམས་གྲངས་མཐོན་པོར་སླེབས་ཏེ་འགྲན་བསྡུར་སྡེ་ཚན་འདིའི་ལྟད་མོ་བའི་རྩེ་གྲས་ཀྱི་བྱ་དགའ་ཐོབ་པ་རེད། གློག་བརྙན་འགྲེམས་སྟོན་བྱེད་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་དཔྱད་འདེམས་པས་ཚད་མཐོའི་ཁས་ལེན་དཔྱད་འཇོག་ཐོབ་པ་དང་། གློག་བརྙན་འདི་ཡིས་བྱིས་པའི་གློག་བརྙན་གྱི་དོན་བརྗོད་བྱེད་སྟངས་ཐད་འཚོལ་ཞིབ་གསར་པ་བྱས་པ་དང་། གློག་བརྙན་གཅིག་ལས་གཏམ་རྒྱུད་ཀྱི་བརྒྱུད་རིམ་མི་འདྲ་བ་གཉིས་མཉམ་བརྗོད་བྱས་ཡོད་ལ། བརྙན་ལེན་དང་འཁྲབ་ཁྲིད་སྒྱུ་རྩལ་གྱི་མཚོན་ཚུལ་མི་འདྲ་བ་གསར་སྐྲུན་བྱས་ཏེ་བོད་འབྲེལ་གློག་བརྙན་ཕབ་སྐྲུན་ཐད་ཐོད་བརྒལ་ཅུང་ཆེན་པོ་ཐོན་ཡོད་པར་མ་ཟད། གློག་བརྙན་གསར་རྩོམ་ཐད་ལ་མཚོན་ཐབས་སྣ་མང་སྤྱོད་པར་འཚོལ་ཞིབ་ཐེངས་ཤིག་བྱས་ཡོད་པ་རེད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།