༄༅།།《ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་དངུལ་དཀར་མེ་ལོང》ཞེས་བྱ་བ་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-06-11 09:10:41 ཀློག་གྲངས།:
ཉེ་ལམ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྡེ་དགེ་རྫོང་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་ཤིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི《ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་རྒྱལ་རབས་དངུལ་དཀར་མེ་ལོང》ཞེས་བྱ་བ་ད་ལྟ་དངོས་སུ་འགྲེམ་སྤེལ་བྱས་ཡོད་ཅིང་། དེབ་འདིར་སྡེ་དགེ་ས་ཆའི་ས་དབྱིབས་དང་ས་གཤིས་ཀྱི་ཁྱད་ཆོས། སྡེ་དགེའི་རྒྱལ་རབས་མ་བྱུང་སྔོན་དུ་ཡུལ་འདིར་སྡེ་དཔོན་སུ་ཡིས་བདག་གིར་མཛད་ཚུལ། སྡེ་དགེའི་གདུང་རབས་དང་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས། གཞི་རིམ་སྲིད་འཛིན་གྱི་སྒྲིག་སྲོལ་དང་ཁྱིམ་རྒྱུད་ཀྱི་རིམ་པ། ཐེམ་དུད་དང་མི་གྲངས། ནང་བློན་གྲགས་ཅན་འགའ་ཡི་ལོ་རྒྱུས། ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་སྐོར། དཔལ་འབྱོར་དང་ཁྲལ་འུ་ལག་སྐོར། དམག་དོན་སྒྲིག་སྲོལ་དང་དམག་འཁྲུག་བྱུང་རིམ། ཁྲིམས་སྲོལ་ལམ་ལུགས་སྐོར། རིག་གནས་སྐོར། ཡུལ་སྲོལ་གོམས་གཤིས་སྐོར། ཆོས་སྲིད་ཀྱི་ལམ་ལུགས་དང་སྡེ་དགེའི་རྒྱལ་ས་ལྷུན་གྲུབ་སྟེང་དང་དབུ་བླ་ཁག་གི་ལོ་རྒྱུས། དགོན་སྡེ་ཁག་གི་མཚན་ཐོ། ཞར་བྱུང་བྱ་རྒོད་སྟོབས་ལྡན་དང་དེའི་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་རགས་རིམ་བཅས་བཀོད་ཡོད་པ་དང་། སྡེ་དགེའི་རྒྱལ་རབས་འདིའི་ཁུངས་གཏུགས་ས་ནི། སྡེ་དགེའི་ཆོས་རྒྱལ་ཚེ་དབང་རྡོ་རྗེ་རིག་འཛིན་གྱིས་བརྩམས་པའི་དཔལ་ས་སྐྱོང་སྡེ་དགེ་ཆོས་ཀྱི་རྒྱལ་པོ་རིམ་བྱོན་གྱི་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ། སི་ཏུ་ཆོས་འབྱུང་གིས་བརྩམས་པའི་སྡེ་དགེའི་བཀའ་འགྱུར་དཀར་ཆག ཨོ་རྒྱན་ཡེ་ཤེས་ཀྱིས་མཛད་པའི་འབུམ་གྱི་དཀར་ཆག ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་མཛད་པའི་སྡེ་དགེའི་བསྟན་འགྱུར་དཀར་ཆག ལྕགས་ར་གླིང་དཔོན་གྱིས་བཞེངས་པའི་འབུམ་རྙིང་བའི་དཀར་ཆག གླིང་ཚང་གདུང་རབས། སྟག་དགོན་གུ་རུ་བཀྲ་ཤིས་སམ་ཀུན་བཟང་ཆོས་དར་གྱིས་བརྩམས་པའི་སྔ་འགྱུར་གྱི་ཆོས་འབྱུང་། ལམ་འབྲས་སློབ་བཤད་ཀྱི་བླ་མ་བརྒྱུད་པའི་རྣམ་ཐར་ཀ་ནས་ཇ་བར་པོད་བདུན། ངོར་ཨེ་ཝཾ་པའི་གདན་རབས། མཁན་ཆེན་དཔལ་ལྡན་ཆོས་སྐྱོང་རྟོགས་བརྗོད་པོད་གཉིས། ཀོང་སྤྲུལ་གྱིས་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་རྣམ་ཐར། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་རང་རྣམ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་རང་རྣམ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོག་གི་རྣམ་ཐར། རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཁག ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་བཀའ་འབུམ། རྫོང་སར་མཁྱེན་བརྩེའི་དབང་པོ་དང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་འབུམ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་བཀའ་འབུམ། བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི་མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ། རླངས་ཀྱི་པོ་ཏི་བསེ་རུ། ཡེལ་བ་གྲུབ་ཐོབ་ཡེ་ཤེས་བརྩེགས་པའི་རྣམ་ཐར། སི་ཏུ་ཆོས་འབྱུང་གི་ཞལ་རྒྱུན་ཁམས་སྤྲུལ་བས་ཟིན་ཐོ་བཏབ་པ། ནམ་མཁའི་ནོར་བུའི་གཟི་ཡི་ཕྲེང་བ། དཀར་མཛེས་ཁུལ་སྲིད་གྲོས་ཀྱིས་རྩོམ་སྒྲིག་གནང་བའི་རིག་གནས་ལོ་རྒྱུས་ཀྱི་རྒྱུ་ཆ་བདམས་སྒྲིག་བོད་ཡིག་དེབ་གཉིས་པ་དང་བཞི་བ། ཀརྨ་རྒྱལ་མཚན་གྱི་སྡེ་དགེའི་རྒྱལ་རབས། ཐང་ཡིག་གསར་རྙིང་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་ཞེས་པ་དོན་གྲུབ་རྒྱལ་དང་ཁྲིན་ཆིན་དབྱིན་གཉིས་ཀྱིས་བསྒྱུར་བ། བདུད་འཇོམས་སྔ་འགྱུར་རྙིང་མའི་ཆོས་འབྱུང་། ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་ཀུན་བཏུས། དཔལ་ཡུལ་ལོ་རྒྱུས་སྔ་འགྱུར་འོད་གསལ་དང་། རྒྱ་ཡིག་སྐོར་ལ་སྡེ་དགེ་རྫོང་གི་ལོ་རྒྱུས་དེབ་ཐེར།(《德格县志》) ཀྲུང་གོ་བོད་ལྗོངས།༡༩༩༢ལོའི་དབྱར་དེབ།(《中国西藏》) སི་ཁྲོན་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་སྒྲིག་དེབ་ཞེ་གཉིས་པ།(《四川文史资料》第四十二辑) དཀར་མཛེས་ཁུལ་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་དེབ་བཅུ་གཉིས་པ།(《甘孜州文史资料》第十二辑) རྒྱ་ནག་གི་ཡིག་རྙིང་གི་སར་ཨར།(《唃厮啰》) ཀྲའོ་ཨེར་ཧྥང་གི་སི་ཁྲོན་མཐའ་མཚམས།(《赵尔丰川边奏牍) ཁམས་ཁུལ་བྱང་ཕྱོགས་ཀྱི་སྤྱི་ཚོགས་བརྟག་དཔྱད།(《康区北部社会调查》)རྒྱའི་ཚིག་མཛོད་ཆེན་མོ(《辞海》)སོགས་ལོ་རྒྱུས་ཀྱི་ཡིག་ཆ་མི་ཉུང་བ་ལ་དཔྱད་གཞི་བྱས་ནས་དེབ་གསར་འདི་གྲུབ་པའོ།།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།