བོད་ཀྱི་གསོ་རིག་དང་འབྲེལ་བའི་དེབ་གསར་གཉིས།
རྩོམ་པ་པོ།:
ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
དུས་ཚོད།:2025-05-29 10:32:22
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་ཀྲུང་བོད་ལུགས་སྨན་ཁང་གིས་བསྒྲིགས་པའི«དཔྱད་མཆོག་རྡོ་རྗེ་དབྱུག་པའི་བཅོས་ཐབས་ཀྱི་མན་ངག་ཕྱོགས་བསྒྲིགས»ཞེས་པ་དང་གཉལ་སྨན་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི«བོད་ལྗོངས་ས་ཁུལ་གྱི་ཉེ་རབས་བོད་སྨན་མཁས་དབང་གི་མིང་མཛོད་རྣམ་ཐར»ཅེས་པའི་དེབ་གསར་གཉིས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

བོད་ཀྱི་གསོ་བ་རིག་པ་ལས་འབྱུང་བ་མེ་དཔྱད་ཀྱི་ཁུངས་སུ་འདུ་བའི་རྡོ་རྗེ་དབྱུག་པའི་བཅོས་ཐབས་འདི་ནི་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་ནས་བཟུང་སྟེ། དུས་བཞིའི་དབྱེ་བ་རབ་ཏུ་གསལ་བའི་བསིལ་ལྡན་གངས་རིའི་ལྗོངས་འདིར་རིགས་ཀྱི་སྨན་པའི་རྗེ་བོ་གཡུ་ཐོག་ཡོན་ཏན་མགོན་པོའི་མཁྱེན་རབ་ཀྱི་རྩལ་ལས་འབྱུང་བ་ལུས་འཁྲུག་གི་སྐབས་སུ་བསྟན་ཏེ་རྗེས་རབས་འཚོ་བྱེད་རྣམས་ཀྱི་ཞིང་སར་ས་བོན་བཏབ། ཕྱིས་སུ་གྲུབ་ཐོབ་ཨོ་རྒྱན་པ་རིན་ཆེན་དཔལ་དང་རིམ་པར་བརྒྱུད་དེ་དེའུ་དམར་དགེ་བའི་བཤེས་གཉེན་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས་ཐོར་བ་ཕྱོགས་གཅིག་ཏུ་བསྡུས་ཏེ། མཐུས་ཚང་ཤིང་ཚད་ལྡན་གྱི་རྡོ་རྗེ་དབྱུག་པའི་མན་ངག་ནད་གདོན་ཀུན་འཇོམས་གནམ་ལྕགས་ཐོག་མདའ་ཞེས་བྱ་བའི་གཞུང་གི་རྨང་བཏིང་ནའང་མི་རྟག་པའི་རང་མཚང་གིས་ཉམས་དམས་སུ་འགྱུར་ལ་ཉེ་བའི་དུས་ཀྱི་ཆ་ན་མགོ་ལོག་དབང་ཆེན་འབུམ་གྱི་སྨན་རམས་པ། སློབ་དཔོན་ཆེན་མོ་ཏིང་འཛིན་མཆོག་གི་ཟླ་མེད་ཐུགས་བསྐྱེད་ཡངས་པོའི་མཐུ་ལ་བསྟེན་ཏེ་ཁྲིད་ལུང་ལག་ལེན་སོགས་སླར་གསོ་བྱས་ཤིང་དབྱུག་དཔྱད་རང་གཞུང་དང་མཐུན་པར་སྦྱར་བའི་གསང་དམིགས་བརྒྱ་དང་གྱ་དགུའི་རོ་བཀྲའི་དཔེ་རིས་དང་བཅས་པ་བརྩམས་གནང་མཛད་པའི་བཀའ་དྲིན་ལ་བསྟེན་ཏེ་དེང་གི་བར་དུ་དར་ཞིང་ཚེ་རིག་འཛིན་པ་དག་གི་བགོ་སྐལ་དུ་མ་ཉམས་པར་བསིལ་ལྡན་སྨན་གྱི་ཞིང་འདིར་འཕྲིན་ལས་རྟག་ཁྱབ་ཏུ་རྒྱས་བཞིན་ཡོད་དོ།།དེབ་འདིར་མཚོ་འཁྲུངས་ཨོ་རྒྱན་རིན་པོ་ཆེས་ཟབ་གཏེར་དུ་སྦས་པ། གཏེར་སྟོན་རཏྣ་གླིང་བས་གཏེར་ནས་བཏོན་པའི་དབྱུག་བཅོས་ཡིད་བཞིན་ནོར་བུ་དང་། པོད་དམར་ལས་ཁོལ་དུ་བཏོན་པའི་གྲུབ་ཆེན་ཨོ་རྒྱན་པའི་དབྱུག་པའི་མན་ངག ཁྱུང་པོ་རིན་པོ་ཆེའི་དབྱུག་པའི་མན་ངག གོང་སྨན་དཀོན་མཆོག་བདེ་ལེགས་ཀྱི་ནད་གདོན་དབྱུག་པའི་མན་ངག སྐ་བ་ཤཱཀྱ་དབང་ཕྱུག དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་སོགས་སྐྱེས་ཆེན་དུ་མས་མཛད་པའི་དབྱུག་དཔྱད་མན་ངག་དག་ཕྱོགས་གཅིག་ཏུ་བསྡུ་བསྒྲིགས་བྱས་ཏེ་པར་དུ་བསྐྲུན་པའོ། །

དེབ་འདིའི་བརྗོད་བྱ་གཙོ་བོ་ནི་རྒྱལ་སྨན་སློབ་དཔོན་ཆེན་མོ་བྱམས་པ་འཕྲིན་ལས་མཆོག་གིས་རྩོམ་སྒྲིག་མཛད་པའི་རིམ་བྱོན་གསོ་རིག་མཁས་དབང་གི་རྣམ་ཐར་ཕྱོགས་བསྒྲིགས་གནང་བ་དེའི་རྗེས་མཐུད་ནས་དུས་རབས་དེ་དང་མཉམ་པའི་སྐྱེས་བུ་དམ་པ་དང་། མཁས་པ། མཛད་རྗེས་ཅན་གྱི་མི་སྣ་སྐོར་ཞིག་བྱུང་ཡོད་པ་རྣམས་ཀྱི་མི་ཚེའི་མཛད་པ་ཇི་སྙེད་ཕྱོགས་གཅིག་ཏུ་བཏུས་ཡོད་ཅིང་། དེ་ནི་གཅིག་ནས་ཆེད་མཁས་མི་སྣ་ཚོས་སློབ་སྦྱོང་ཇི་ལྟར་གནང་ལུགས་དང་། བཤེས་གཉེན་ཇི་ལྟར་བསྟེན་ཚུལ། བྱ་བ་དངོས་ཀྱི་ཁྲོད་རང་དོན་དོར་ནས་བློ་གཅིག་སེམས་གཅིག་གིས་གཞན་ཕན་དགེ་བའི་ལས་ལ་གཞོལ་བའི་ཀུན་སྤྱོད་ལ་གདེང་འཇོག་ཐོབ་པ་བྱ་རྒྱུ་དང་། གཉིས་ནས་ཁོང་རྣམ་པ་ཚོའི་ཉམས་མྱོང་ལ་སློབ་སྦྱོང་བྱས་ནས་རང་ཅག་མི་རབས་གསར་བས་ཇི་ལྟར་བྱས་ཏེ་དམ་པའི་རྣམ་ཐར་གྱི་རྗེས་སུ་འཇུག་ནས་རང་ཉིད་ལ་རེ་བ་ནན་པོ་བཅོལ་སྟེ། ཐོག་མཐའ་བར་གསུམ་དུ་ཡ་རབས་གུས་སྲོལ་ལེགས་ལ་ལས་རིགས་ཀུན་སྤྱོད་ཀྱི་ཤེས་དཔལ་ལྡན་པའི་མི་ཞིག་ཏུ་འགྱུར་བ་གནང་ནས་རྒྱུན་མཐུད་དང་། ལྷོད་མེད་ཀྱི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་བྱ་བ་ཆེ་ཕྲ་ཀུན་ལ་གོ་སྐབས་མི་ཤོར་བའི་སྒོ་ནས་རྒྱུན་འཛིན་དང་། འཕེལ་རྒྱས། གསར་གཏོད་བཅས་ཀྱི་འགན་འཁྲི་ལྗིད་མོ་འཁུར་ཐུབ་པ་སོགས་ལ་དམིགས་ནས་དཔར་དུ་བསྐྲུན་པའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།