ངོས་དང་པོ > སྐབས་དོན། > སྐབས་བབ་སྲིད་དོན། > ལིས་ཀང་གིས་རྒྱལ་སྟོན་སྐབས་སུ་རྟོག་ཞིབ་དང་མཛུབ་སྟོན་གནང་།
ལིས་ཀང་གིས་རྒྱལ་སྟོན་སྐབས་སུ་རྟོག་ཞིབ་དང་མཛུབ་སྟོན་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2024-10-08 17:23:20
ཀློག་གྲངས།:
ཟླ10པའི་ཚེས1ཉིན་ནས་ཚེས3ཉིན་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གིས་མི་སྒྲུབ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ་གུང་ཧོ་རྫོང་དང་ཀོས་ནན་རྫོང་དུ་རྒྱལ་སྟོན་དུས་ཆེན་རིང་གི་ལས་རེས་དང་། དགོན་སྡེའི་དོ་དམ། རིག་གནས་ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་དང་ལས་གནས་བརྟན་སྲུང་བྱེད་མཁན་གྱི་རྒྱ་ཆེའི་ལས་བྱེད་པ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་ཞུས།
ཀྲང་ཅི་ཙུང་དང་། དགེ་འདུན་རྒྱལ། ཀུན་བཟང་པད་མ་རྣམ་རྒྱལ་བཅས་ཀྱིས་ཕེབས་རོགས་བྱས་པ་རེད།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྤྱིའི་ལས་རེས་ཁང་དང་། ཀོས་ནན་རྫོང་བྱ་མདོ་ཞང་སྲིད་གཞུང་དུ་ལིས་ཀང་གིས་ལས་རེས་བཀོད་སྒྲིག་དང་ཆ་འཕྲིན་སྙན་ཞུ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་ནས་བྱ་མདོ་ཞང་སྲིད་གཞུང་གིས་རྒྱལ་སྟོན་དུས་ཆེན་གྱི་ལས་རེས་དུས་ཚོད་སྤྱད་དེ་རང་འགུལ་ངང་ངོ་བཅར་རྩོད་གཞི་ཐག་གཅོད་བྱེད་པའི་བྱེད་ཐབས་ལ་ཁས་ལེན་བཟང་བོ་བྱས། ཆུ་ཚོད24ཡི་ལས་རེས་དང་མགོ་ཁྲིད་ལས་བྱེད་པས་ལས་རེས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། གནམ་གཤིས་འགྱུར་ལྡོག་དང་སྤྱི་ཚོགས་གནས་ཚུལ་ལ་གཞིགས་ནས་ལས་ཀར་བཀོད་གཏོང་དང་། སྔོན་འགོག གནད་དོན་བཅས་ལ་ཐག་གཅོད་བཟང་བོ་བྱེད་དགོས་པ་ནན་གྱིས་བསྟན།
པཎ་ཆེན་རིན་པོ་ཆེའི་མཆོད་རྟེན་དགོན་པ་དང་ཧོ་ལི་སུ་བཅས་སུ་ལིས་ཀང་གིས་དགོན་སྡེའི་བཅའ་སྡོད་ལས་བྱེད་པ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣར་ཁྲིམས་ལྟར་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མུ་མཐུད་དུ་མི་རིགས་བྱ་བ་དང་། ཆོས་ལུགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཆོས་ལུགས་ལས་རིགས་མི་སྣས་རང་ཁུལ་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་དང་། དཔེ་བཟང་མི་སྣ་མིག་དཔེར་བཟུང་ནས་ཆོས་ལུགས་ལུགས་ལ་དགའ་ན་རྒྱལ་ཁབ་ལ་གཅེས་པ་དང་། རྒྱལ་ཁབ་ལ་གཅེས་ན་ངེས་པར་དུ་ཏང་ལ་བློ་དཀར་བ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེན་གྱི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་གོ་མི་རིགས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛིན་སྟངས་ལ་ཁས་ལེན་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། ཆོས་ལུགས་དང་སྤྱི་ཚོགས། མི་རིགས་འཆམ་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་བྱས་ཏེ། རྒྱ་ཆེའི་དགེ་འདུན་པས་ཆོས་དད་མང་ཚོགས་ལ་ཞབས་འདེགས་བཟང་བོ་བསྒྲུབ་པ་དང་། མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་སྐོང་བ། སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འདོད་བློ་དང་བསྟུན་དགོས་པ་བསྟན།
ལིས་ཀང་གིས་གུང་ཧོ་རྫོང་གི་རིག་སྨོན་དང་། པཎ་ཆེན་ལབ་ཙེ། དུང་དཀར་ལྗོངས་ཁུལ། ཀོས་ནན་རྫོང་གི་ནས་འབྲུ་སྔོན་མོ་དམངས་སྲོལ་མགྲོན་ཁང་སོགས་སུ་རྒྱལ་སྟོན་དུས་ཆེན་སྐབས་སུ་ཡུལ་སྐོར་བའི་མི་གྲངས་དང་། ཚོང་གཉེར། ཡུལ་སྐོར་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་ཞིང་། ཁོང་གིས་མཚོ་སྔོན་པོ་དང་ཚལ་རྔ་འགག་ནི་མཚོ་ལྷོའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་ཞིག་ཡིན་པས། སྐྱེ་ཁམས་ཁུལ་འཛུགས་པ་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྣམ་ནས་མཚོ་སྔོན་པོ་དང་ཚལ་རྔ་འགག་མཚེའུ་ལ་སྤུས་ཚད་མཐོ་བའི་སྲུང་སྐྱོང་བྱེད་དགོས། ལྷག་པར་དུ་རིག་སྨོན་ལྗོངས་ཁུལ་དུ་རྟོག་ཞིབ་བྱེད་སྐབས། ལིས་ཀང་གིས་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་རིན་མེད་ངང་མི་རིགས་ཀྱི་རྒྱན་གོས་དང་། མི་རིགས་ཀྱི་ཟས་རིགས་ལོངས་སྤྱོད་བྱེད་སྟངས་ལ་ཁས་ལེན་བཟང་བོ་བྱས་པ་མ་ཟད། གུང་ཧོ་རྫོང་གིས་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ལྗོངས་ཁུལ་ཡུལ་སྐོར་དང་ཞབས་ཞུའི་མཉམ་སྦྲེལ་ལམ་སྲོལ་བཙུགས་ནས་རི་སྔོ་ཆུ་དྭངས་དང་། མི་རིགས་རྒྱན་གོས། ལོག་དཀར་མེ་ཏོག་བཅས་གཞི་གཅིག་ཏུ་འགན་སྲུང་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་དགོས།
སྐབས་དེར། ལིས་ཀང་རིག་སྨོན་གྲོང་རྡལ་མོང་གོལ་སྡེ་བར་སོང་ནས་ན་ནིང་གི་ཟླ11པའི་ཟླ་སྨད་ཀྱི་མང་ཚོགས་ངོ་བཅར་སྣེ་ལེན་ལ་རྟོག་ཞིབ་བྱས་ནས་མགོ་ཁྲིད་ལས་བྱེད་པས་མུ་མཐུད་དུ་ངོ་བཅར་ཡོང་མཁན་ལ་སྣེ་ལེན་ཞུ་བའི་ལས་དོན་ལ་སྐུལ་འདེད་གཏོང་བཏང་ནས་འགལ་བ་དང་རྩོད་གཞི་སེལ་ནས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྐྱིད་ལ་ཤུགས་སྣོན་བྱེད་དགོས་པ་བསྟན།ཀྲང་ཅི་ཙུང་དང་། དགེ་འདུན་རྒྱལ། ཀུན་བཟང་པད་མ་རྣམ་རྒྱལ་བཅས་ཀྱིས་ཕེབས་རོགས་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།