ལིས་ཀང་གིས་གུང་ཧོ་དང་ཁྲི་ཀ་རྫོང་གི་བྱ་བ་གཙོ་བོར་རྟོག་ཞིབ་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-07-24 10:52:42 ཀློག་གྲངས།:
       ཟླ7པའི་ཚེས18ཉིན་ནས་ཚེས20ཉིན་བར། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་གུང་ཧོ་རྫོང་རིག་སྨོན་དང་ཅང་སི། རྟ་ནག་མ། སྤྲེལ་ནག་གྲོང་རྡལ། ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་དང་རྨ་ཤར་ཤང་། ཀ་རིང་ཤང་བཅས་སུ་སོང་ནས། འབྲུབ་འགོག་དང་ཡུལ་སྐོར་ཞབས་ཞུའི་འགན་སྲུང་། ཉེན་ཁ་ཆེ་སའི་མང་ཚོགས་གནས་སྤོར་སོགས་བྱ་བ་གཙོ་བོར་རྟོག་ཞིབ་བྱེད་སྐབས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་སྦྱོང་སློབ་གསོ་ལས་བསྟན་པའི་བྱ་བ་བསྒྲུབ་ན་གསར་གཏོད་ཀྱི་སྙིང་སྟོབས་དགོས་ཞེས་པ་དེ་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ལས་འགན་ལེགས་འགྲུབ་འབྱུང་པའི་ནུས་ཤུགས་སུ་བསྒྱུར་པ་དང་། འབྲུབ་འགོག་དང་ཨར་ལས། ཡུལ་སྐོར་བ་མང་བའི་གནད་འགག་གི་དུས་སྐབས་འདིར་བྱ་བར་དམ་འཛིན་དང་བདེ་འཇགས་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
       འབྲེལ་ཡོད་ཤང་དང་གྲོང་རྡལ་གྱི་ས་གཤིས་གནོད་འཚེ་འབྱུང་བའི་ཉེན་ཁ་ཆེ་སར་ལིས་ཀང་གིས་འབྲུབ་འགོག་གི་བྱ་བ་སོ་སོ་དང་སྐབས་བསྟུན་གྱི་དངོས་པོ་གསོག་འཇོག ཉེན་ཁ་འབྱུང་སར་ཞིབ་བཤེར་དང་སྔོན་འགོག་ཇི་ལྟར་བྱེད་པ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཤིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲུབ་འགོག་གནོད་སེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མིག་སྔའི་འབྲུབ་འགོག་གི་གནས་ཚུལ་ཚབས་ཆེན་ཡིན་ལ་རྙོག་འཛིང་ཆེ་བ་ངེས་དགོས་ཤིང་། ཞིང་ཆེན་དང་ཁུལ་གྱི་འབྲུབ་འགོག་གི་བྱ་བ་སོ་སོར་བཀོད་སྒྲིག་ནན་མོ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ནས་འབྲུབ་འགོག་དང་གནོད་འཚེ་སྔོན་འགོག་གི་བྱ་བ་གཙོར་བཟུང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་སྲུང་སྐྱོབ་དང་རྒྱུ་ནོར་ཕྱོགས་གྱོང་གུད་མི་ཐེབས་པར་འགན་སྲུང་བྱ་དགོས། གནམ་གཤིས་ཀྱི་གནོད་འཚེའི་ཉེན་བརྡ་བཏང་ཚེ། དཔུང་སྡེ་མི་སྣ་མྱུར་མགྱོགས་སྒོས་རྩ་འཛུགས་བྱས་ཏེ་ཡུལ་དངོས་སུ་བསྐྱོད་ནས་དུས་ལྟར་ཉེན་ཁ་སྲུང་ཐུབ་པར་ཁག་ཐེག་བྱ་དགོས། འཕྲལ་སྡོམ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་འབྲུབ་འགོག་ཉེན་སེལ་དཔུང་ཁག་མི་སྣ་རྩ་འཛུགས་བྱས་ཏེ། བྱ་བའི་འགན་འཁྲི་ཁ་གསལ་བཟོ་བ། འབྲུབ་འགོག་གནོད་སེལ་གྱི་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དུས་བཅད་ལྟར་བབ་བསྟུན་སྦྱོང་བརྡར་བྱེད་པ་བཅས་བྱས་ནས་འགག་རྩའི་དུས་སུ་འགན་ལེན་བྱ་དགོས། མཁོ་བསྟུན་དངོས་ཟོག་དོ་དམ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངོས་ཟོག་གི་རྩིས་ཁྲ་དང་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། མི་དང་འགན་འཁྲི་ལས་གནས་སུ་ཡོད་པ། བཀོད་འདོམས་བྱེད་པ་བཅས་ཁ་གསལ་བཟོས་ནས་དོ་དམ་མི་སྣའི་ལས་གནས་ཐོག་ཕན་ཚུན་ལ་ཆ་རྒྱུས་ཡོད་པར་འགན་ལེན་བྱ་དགོས། འགན་འཁྲི་སྟོང་པར་ལུས་པ་དང་བཀོད་གཏོང་རྙོག་འཛིང་ཆེ་བ། དངོས་ཟོག་བེད་མེད་དུ་འཇོག་པ་བཅས་མཐའ་གཅིག་ཏུ་གཏན་འགོག་བྱས་ནས། ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་དང་། ཨར་ལས་ཀྱི་བདེ་འཇགས་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཉེན་གཡོལ་སྤོ་སྒྱུར་གྱི་བྱ་བར་ཤུགས་སྣོན་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ལོག་སྔོན་འགོག་དང་འདམ་ཆུ་ཕྱིར་འབུད་ཀྱི་གནད་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བདེ་འཇགས་དང་འབྲུབ་འགོག་འགན་ལེན་བྱ་དགོས་ཞེས་བསྟན།
       འབྲེལ་ཡོད་ལྗོངས་ཁུལ་དུ་ལིས་ཀང་གིས་ཡུལ་སྐོར་བའི་ཐོབ་ཐང་ལ་བརྟེན་ནས་ཞབས་ཞུ་མྱོང་རོལ་དང་། ཡུལ་སྐོར་བའི་མི་གྲངས་དང་ཡོང་འབབ་ལ་རྒྱུས་ལོན་བྱསཤིང་། ཡུལ་སྐོར་བའི་གདེང་འཇོག་ནི་མཚོ་ལྷོ་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་བསྐྲུན་པར་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་འདེགས་ཤུགས་དང་ཡུལ་སྐོར་བ་དང་མང་ཚོགས་ཀྱི་ཡོང་འབབ་དགོས་མཁོ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་ཞབས་ཞུ་བཟང་བོར་བསྒྲུབ་པའི་རྨང་གཞིའི་སྟེང་། སྐྱེ་ཁམས་ཀྱི་རིན་ཐང་དང་། རིག་གནས་ཀྱི་དོན་སྙིང་། དམངས་སྲོལ་བཅས་ལ་བརྟེན་ཏེ། མི་རིགས་ཀྱི་རྒྱན་གོས་ཡུལ་སྐོར་པར་ལེན་དེ་གློག་བརྙན་ཡུལ་སྐོར་དང་མཉམ་དུ་བསྐྱོད་ཅེས་པ་དམ་འཛིན་སྒོས་ཡུལ་སྐོར་བ་རྣམས་ཀྱི་གདེང་འཇོག་ཐོབ་པར་འབད་བརྩོན་བྱ་དགོས། གནས་སྤོར་བཀོད་སྒྲིག་བྱ་ཡུལ་དང་ཨར་ལས་ཐོན་སྐྱེད་རྟེན་གཞི། གནས་སྤར་མང་ཚོགས་ཀྱི་ཁྱིམ་ཚང་བཅས་སུ་ལིས་ཀང་གིས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་དང་མང་ཚོགས་ཀྱི་དཀའ་ངལ་ལ་རྒྱུས་ལོན་ཟབ་མོ་བྱས། མཚོ་སྔོན་པོའི་ཆུ་རྒྱས་གནོད་ཐེབས་རོང་འབྲོག་མང་ཚོགས་གནས་སྤོར་ལས་གཞིའི་དམིགས་ཡུལ་ནི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་དང་། རྐང་འཛུགས་ས་ནི་མཚོ་སྔོན་པོའི་ལྷོ་རྒྱུད་དེང་རབས་ཅན་དུ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ལས་གཞི་འདིའི་ཆབ་སྲིད་དང་དངོས་ཡོད་ཀྱི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་སྒོས་མགོ་ཁྲིད་ཀྱི་འགན་ལེན་ལམ་སྲོལ་དོན་འཁྱོལ་ནན་མོ་དང་། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཕྱོགས་གང་ཅིའི་ཐད་ཀྱི་ལས་ཆོད་ཆེ་བ་བཅས་ཀྱི་སྒོ་ནས་མཐུན་སྦྱོར་བཟང་བོ་ཡོང་བར་སྐུལ་འདེད་གཏོང་བ། གནས་སྤོར་གྲོས་མཐུན་འཇོག་པ་དང་། ཁང་པ་བཤིག་སྤོ། ཨར་ལས་ཐོན་སྐྱེད་དང་ཇུས་འགོད། ཐོན་ལས་ནང་འདྲེན་བྱེད་པ་སོགས་སྔ་མོ་ནས་བསྒྲུབ་པ་དང་ནུས་པ་གང་ལེགས་ཐོན་པར་བྱ་དགོས་ཞེས་བསྟན།
       རྟོག་ཞིབ་སྐབས་སུ། ལིས་ཀང་གིས་ཁུལ་འབྲུབ་འགོག་བཀོད་འདོམས་པུའུ་ཡི་བརྙན་རིས་བརྒྱུད་ནས་རྫོང་ལྔའི་འབྲུབ་འགོག་བྱ་བར་བཀོད་འདོམས་དང་། ཆུ་ལོག་གི་གནོད་འཚེ་ཐེབས་པའི་རིག་སྨོན་གྲོང་རྡལ་གྱི་ཡུལ་དངོས་སུ་གཞུང་ལམ་འདམ་ཆུས་བཀང་བའི་གནད་དོན་ཐག་གཅོད་བྱས།
       ཀྲང་ཅི་ཙུང་གིས་འགྲོ་རོགས་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།