བོད་ཀྱི་གནའ་བོའི་གསོ་རིག་གསུང་འབུམ་པར་སྐྲུན་དེ་ཞལ་འདེབས་སུ་གནང་།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-03 10:58:18
ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་ལ་བོད་ཀྱི་གནའ་བོའི་གསོ་རིག་གསུང་འབུམ་ལེགས་སྒྲིག་པར་སྐྲུན་གྱི་གྲུབ་འབྲས་ཞལ་འདེབས་སུ་གནང་།
ཟླ3པའི་ཚེས29ཉིན། «བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»དང«བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས»སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོ་དེ་རྒྱལ་ཁབ་དཔེ་མཛོད་ཁང་དུ་སྤེལ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་ཚབ་བྱས་ཏེ་རྒྱལ་ཁབ་དཔེ་མཛོད་ཁང་ལ་དཔེ་ཆའི་ཞལ་འདེབས་གནང་། རྒྱལ་ཁབ་དཔེ་མཛོད་ཁང་གི་རྒྱུན་ཨུའི་འགོ་བ་གཞོན་པ་དང་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་ཀྲི་ཆིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཚབ་བྱས་ཏེ། ཞལ་འདེབས་དང་ལེན་དང་ཞལ་འདེབས་དཔང་ཡིག་གནང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་རྒྱལ་ཡོངས་གྲངས་ཉུང་མི་རིགས་གནའ་བོའི་གསུང་རབ་ལེགས་སྒྲིག་ཞིབ་འཇུག་ཁང་གི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཧྲའོ། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཐར། ཁྲིན་ཏུའུ་ལེན་ཐུའུ་ཚན་རྩལ་ཚད་ཡོད་འགན་ལེན་ཀུང་ཟིའི་སྤྱི་ཁྱབ་འགན་འཛིན་པ་ལུའུ་ཡཱ་ཧྥུན་སོགས་དཔེ་ཆའི་ཞལ་འདེབས་བྱེད་སྒོར་ཞུགས། ཞལ་འདེབས་བྱེད་སྒོ་དེར་རྒྱལ་ཁབ་གནའ་བོའི་གསུང་རབ་སྲུང་སྐྱོབ་ལྟེ་གནས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཝང་ཧོང་ལའེ་ཡིས་མདོ་འཛིན་བྱས།
ཞལ་འདེབས་བྱེད་སྒོའི་ཚོགས་འདུའི་སྟེང་གླིང་གཙོ་མཁའ་འགྲོ་སྐྱབས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གི་རྩ་བའི་གནས་ཚུལ་དང«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»སོགས་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་གི་གནས་ཚུལ་ངོ་སྤྲོད་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང1979ལོར་གསར་འཛུགས་བྱས་པ་ནས་བཟུང་སྟོབས་ཤུགས་གང་ཡོད་བཏོན་ནས་བོད་ཀྱི་གསོ་རིག་ཡིག་ཆ་འཚོལ་སྡུད་དང་ལེགས་སྒྲིག པར་སྐྲུན་བརྒྱུད། ད་བཟོད«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»དང«བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས»སོགས་རིམ་སྟར་དཔེ་ཆ་དག་ནི་ཞིབ་འཇུག་གླིང་གིས་ལོ་ངོ30ཡི་རིང་ལ་ལེགས་སྒྲིག་བྱས་པའི་བོད་ཀྱི་གསོ་རིག་ཡིག་ཆ་པར་སྐྲུན་བྱས་པའི་གྲུབ་འབྲས་ཡིན་པས། བོད་ཀྱི་གསོ་རིག་གཞུང་ལུགས་ལག་ལེན་དང་ལོ་རྒྱུས་གྲུབ་འབྲས་བཅས་འཐུས་ཚང་དུ་བཏང་པའི་གསུང་རབ་ཕྱོགས་བསྒྲིགས་ཐེངས་ཤིག་ཀྱང་ཡིན། གསུང་རབ་ནི་ཤེས་བྱའི་བསྡུས་གཟུགས་ཡིན་ལ། མིའི་རིགས་འཕེལ་རྒྱས་ཀྱི་ཐེམ་སྐམ་ཡང་ཡིན། རྒྱལ་ཁབ་དཔེ་མཛོད་ཁང་ནི་ཤེས་བྱའི་ཚོམས་ཆེན་ཡིན་པས་ཤེས་ཡོན་རྒྱུན་འཛིན་དང་རིག་གནས་དར་སྤེལ་ཐད་ཆེས་བླ་ན་མ་མཆིས་པའི་འགན་འཁྲི་དང་དུ་བླངས་ཡོད། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་ལ་གསུང་རབ་འདི་ཞལ་འདེབས་སུ་གནང་བ་དེས། མི་རིགས་གསོ་རིག་རིག་གནས་ཀྱི་བརྗེ་རེས་དང་དར་སྤེལ་ལ་སྔར་ལས་སྐུལ་འདེད་ཐེབས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་ཐད་བྱས་རྗེས་ཀྱི་སྟོབས་ཤུགས་ངེས་ཅན་ཞིག་ཕུལ་ཡོད་ཟེར།
ཀྲང་ཀྲི་ཆིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཚབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གི་གསུང་རབ་ཞལ་འདེབས་བྱེད་སྒོར་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུས་ཤིང་། རྒྱལ་ཁབ་དཔེ་མཛོད་ཁང་གིས་གྲངས་ཉུང་མི་རིགས་ཀྱི་ཡིག་ཆ་བསྡུ་རུབ་གསོག་ཉར་བྱས་པའི་གནས་ཚུལ་ངོ་སྤྲོད་གནང་། ཁོས་བསྟན་དོན། རྒྱལ་ཁབ་དཔེ་མཛོད་ཁང་གིས་དུས་ནམ་ཡང་མི་རིགས་ཀྱི་ཚད་ལྡན་ཡིག་ཆ་བསྡུ་རུབ་དང་སྲུང་སྐྱོབ་ཐད་མཐོང་ཆེན་བྱས་ཏེ། ཡུའུ་ཏའོ་ཆོན་སོགས་མཁས་པ་སྐད་གྲགས་ཅན་དག་གཙོ་བོ་ཡིན་པའི་རྒྱལ་ཁབ་དཔེ་མཛོད་ཁང་གི་རྒན་རབས་པ་དག་གིས་བོད་ཡིག་གི་གནའ་བོའི་གསུང་རབ་འཚོལ་སྡུད་དང་ལེགས་སྒྲིག སྲུང་སྐྱོབ་བཅས་ཀྱི་ཁྲོད་དཀའ་སྡུག་གྲངས་མེད་མྱངས་མཐར་གྲུབ་འབྲས་གཡུར་དུ་ཟ་བ་བླངས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་སྔ་ཕྱིར«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»སོགས་ཚད་ལྡན་ཡིག་ཆ་པར་སྐྲུན་བྱས་པ་ནི། རང་རྒྱལ་གྱི་མི་རིགས་གསོ་རིག་གནའ་བོའི་གསུང་འབུམ་ལེགས་སྒྲིག་གི་གྲུབ་འབྲས་ཡིན་པ་མ་ཟད། ཀྲུང་ཧྭའི་གནའ་རབས་གསོ་རིག་སྲུང་སྐྱོབ་བྱ་བའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་ཡིན་ཟེར།
ཐེངས་འདིའི་ཞལ་འདེབས་བྱེད་སྒོ་དེས་རྒྱལ་ཁབ་དཔེ་མཛོད་ཁང་གི་གསུང་རབ་ཉར་ཚགས་སྔར་ལས་ཕུན་སུམ་ཚོགས་པར་བཏང་ལ། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཞལ་འདེབས་དཔེ་ཆའི་དཀར་ཆག་ལེགས་སྒྲིག་བྱས་རྗེས། གང་མགྱོགས་སྒོས་འབྲེལ་ཡོད་ཤེས་ལྡན་པ་དང་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་ཞིབ་འཇུག་བེད་སྤྱོད་ཐད་མཁོ་སྤྲོད་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཐེངས་འདིའི་གོ་སྐབས་སྤྱད་ནས་འབྲེལ་ཡོད་ལས་ཁུངས་དག་གིས་མི་རིགས་ཡིག་ཆ་ལེགས་སྒྲིག་དང་ཞིབ་འཇུག་གི་ཁྱབ་ཁོངས་སུ་མཉམ་འབྲེལ་དང་བརྗེ་རེས་བྱེད་རྒྱུར་ཤུགས་སྣོན་སྒོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་ཐད་བྱས་རྗེས་འཇོག་པའི་སྟོབས་ཤུགས་འབུལ་རྒྱུའི་རེ་བ་ཡང་བཅངས་ཡོད།
ཐེངས་འདིའི་ཞལ་འདེབས་ལ་ཁྱོན་བསྡོམས་པས་དེབ་ཉིས་བརྒྱ་ལྷག་ཡོད་ལ། བོད་ཀྱི་གསོ་རིག་ལོ་རྒྱུས་དང་གནའ་བོའི་གསོ་རིག་དཔེ་ཚོགས། གསོ་རིག་རྒྱུད་བཞི། ནད་ཐོག་ལག་ལེན་གྱི་གསོ་རིག་བརྩམས་ཆོས། སྨན་རྫས་ངོས་འཛིན་དང་སྨན་ཐོ། སྨན་རྫས་རྒྱུ་ཆ་འདུལ་སྟངས་སོགས་ཀྱི་ནང་དོན་འདུས་ཡོད། དེའི་ཁྲོད«བོད་ཀྱི་གསོ་རིག་ཀུན་བཏུས་ཀྱི་དཀར་ཆག»ལ་མཚོ་སྔོན་ཞིང་ཆེན་ཚན་རྩལ་འཕེལ་རྒྱས་ཀྱི་བྱ་དགའ་ཨང་དང་པོ་དང་སྐབས་གསུམ་པའི་ཀྲུང་གོ་པར་སྐྲུན་ཁང་གི་སྲིད་གཞུང་བྱ་དགའི་གསུང་རབ་བྱ་དགའ། རྒྱལ་ཁབ་མི་རིགས་གསོ་རིག་ཚན་རིག་ལག་རྩལ་གྱི་བྱ་དགའ་ཨང་དང་པོ་སོགས་བྱ་དགའ་ཆེན་པོ་གསུམ་འཐོབ་མྱོང་། «བོད་ཀྱི་གསོ་རིག་རྒྱུད་བཞིའི་སྨན་ཐང་རིས་འགྲེལ»དེ2023ལོའི་ལོ་འཁོར་དཔེ་ཆ་ལེགས་པོ་བརྒྱའི་མིང་ཐོའི་ཁྲོད་བདམས།
མཚར་སྡུག་རྣམ་པར་བཀྲ་བའི་བོད་ཀྱི་གསོ་རིག་ཡིག་ཆ་ནི་ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་བྲལ་བའི་རིག་གནས་ཀྱི་ཚེ་ནོམ་ཡིན་པས། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཅན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་རྒྱུན་འཁྱོངས་དང་མཛུབ་སྟོན་དུ་བཟུང་སྟེ། བོད་ཀྱི་གསོ་རིག་ཡིག་ཆའི་ཞིབ་འཇུག་དང་ལེགས་སྒྲིག ཡིག་ཆ་ཆ་འཕྲིན་ཅན་བཅས་ཀྱི་ཐད་ལྷོད་གཡེང་ཙམ་ཡང་མེད་པར་རྒྱུན་འཛིན་བྱས་ནས། བོད་ཀྱི་གསོ་རིག་ཕུལ་བྱུང་སྲོལ་རྒྱུན་རིག་འཛིན་རྒྱུན་འཛིན་སྒོས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན་གཏོང་བའི་ཐད། བོད་ཀྱི་གསོ་རིག་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་སྟོབས་ཤུགས་གསར་པའི་བྱས་རྗེས་བཞག་ཡོད།
ནང་དོན་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
ནང་དོན་ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།