རལ་པའི་འཁྲབ་སྟོན་འདི་གཉིས་ལ་བྱ་དགའ་ཆེན་པོ་ཐོབ་འདུག
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་བརྙན་འཕྲིན་ལས་ཁུངས་བོད་སྐད་རླུང་འཕྲིན།
དུས་ཚོད།:2025-07-29 07:58:31
ཀློག་གྲངས།:
ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་དང་བྱིས་པའི་ལྟེ་གནས་སུ་གཉེར་བའི2025ལོའི་ཐའོ་ལི་བུམ་པའི་ཞབས་བྲོའི་སྒྱུ་རྩལ་འགྲེམས་འཁྲབ་བོད་ལྗོངས་ས་ཚིགས་ཀྱི་འགྲན་བསྡུར་ནང་། བོད་ལྗོངས་ས་གནས་ཁག་ནས་ཡོང་བའི་ཞབས་བྲོར་དགའ་བའི་མི200ལྷག་མཉམ་དུ་འཛོམས་ནས། རལ་པ་དང་ལྷ་མོ་སོགས་བོད་ལྗོངས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་དང་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོ། དེ་བཞིནHip Hop རྗེ་སི་ཁྲོམ་བྲོ་སོགས་དེང་རབས་ཞབས་བྲོའི་རིགས་སྣ་ཚོགས་འདུས་པའི་སྲོལ་རྒྱུན་དང་དར་སོ་གཉིས་ལྡན་གྱི་སྒྱུ་རྩལ་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་ཡོད།

རྒྱལ་ཁབ་རིམ་པའི་ཞབས་བྲོའི་འགྲེམས་འཁྲབ་སྟེགས་བུ་ཞིག་ཡིན་པའི་ཆ་ནས་ཐའོ་ལི་བུམ་པའི་ཞབས་བྲོའི་འགྲན་བསྡུར་གྱིས་བོད་ལྗོངས་སུ་ཆེད་དོན་འགྲེམས་འཁྲབ་གཉེར་ཐེངས་དང་པོ་ཡིན་པ་དང་། ད་ཐེངས་ཀྱི་འཁྲབ་སྟོན་དེས་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་ཞབས་བྲོའི་སྒྱུ་རྩལ་ལས་དེང་རབས་ཀྱི་གསོན་ཤུགས་རྒྱས་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། 2025ལོའི་ཐའོ་ལི་བུམ་པའི་ཞབས་བྲོའི་སྒྱུ་རྩལ་འགྲེམས་འཁྲབ་ཀྱི་བོད་ལྗོངས་ས་ཚིགས་སུ་གཙོ་བོ་དངོས་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་དང་དེང་རབས་ཞབས་བྲོའི་ཚན་ཁག་ཆེ་བ་གཉིས་དང་ནང་གསེས་ཚོགས་ཆུང་བཞི་རུ་བགོས་ཡོད།

དེའི་ཁྲོད། དངོས་མིན་རིག་གནས་ཤུལ་བཞག་སྒྱུ་རྩལ་གྱི་ཚན་ཁག་དེའི་ནང་རལ་པ་དང་ལྷ་མོ་སོགས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་མིང་ཐོའི་ནང་ཚུད་པའི་སྲོལ་རྒྱུན་སྒྱུ་རྩལ་གཅིག་སྡུད་ཐོག་འགྲེམས་འཁྲབ་བྱས་པ་དང་། འཁྲབ་སྟོན་པས་གསར་གཏོད་གསར་རྐྱང་དང་། བརྩམས་ཆོས་ལེགས་སྒྲིག དེ་བཞིན་འཁྲབ་སྟངས་གསར་གཏོད་སོགས་ཀྱི་རྣམ་པ་བརྒྱུད་སྲོལ་རྒྱུན་ཞབས་བྲོ་ལས་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་རྒྱས་པར་བྱས་ཡོད།
ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་དབྱངས་བསྟོད་བཀྲ་ཤིས་རལ་པ་ཞེས་པ་དང་། དབྱངས་བྲོ་ཉི་ཟེར་དགའ་འཁྱིལ་ཞེས་པའི་བརྩམས་ཆོས་གཉིས་ཀྱིས་ས་ཡུལ་དངོས་ཀྱི་གཟིགས་མོ་བ་དང་དཔྱད་འདེམས་པའི་ཡིད་དབང་བཀུག་ནས། བརྩམས་ཆོས་གཉིས་ཀར་འགྲན་བསྡུར་གྱི་གཟི་བརྗིད་ཆེ་ཤོས་ཡིན་པའི་གསེར་གྱི་བྱ་དགའ་ཐོབ་ཡོད།

ཐེངས་འདིའི་འགྲན་བསྡུར་གྱི་དཔྱད་འདེམས་པ་ཡིན་པའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བྱམས་པ་ཆོས་རྒྱལ་ལགས་ཀྱིས་དབྱངས་བསྟོད་བཀྲ་ཤིས་རལ་པ་ཞེས་པའི་སྒྱུ་རྩལ་གྱི་རིན་ཐང་སྐོར་ལ་གསལ་འགྲེལ་ཞིབ་ཕྲ་གནང་བ་མ་ཟད་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། བརྩམས་ཆོས་ཀྱི་ཁྱད་ཆོས་ཆེ་ཤོས་དང་དགའ་བསུ་ཐོབ་ཤོས་ཀྱི་ཆ་དེ་ནི་བོད་ཀྱི་རྩ་ཆེའི་སྲོལ་རྒྱུན་ཞབས་བྲོའི་རིགས་གཉིས་སུ་གཏོགས་པའི་བཀྲ་ཤིས་ཞོལ་པ་དང་རལ་པ་གཉིས་གསར་གཏོད་རང་བཞིན་ཐོག་ནས་མཉམ་འདྲེས་བྱས་ཡོད་པས། རང་སོ་སོའི་ཆེས་རྩ་བའི་ཁྱད་ཆོས་སོར་འཇོག་བྱས་ཁར། གསར་གཏོད་ཀྱི་ཁྱད་ཆོས་ཀྱང་མངོན་གྱི་འདུག་པས། དེ་ནི་དོན་ངོ་མའི“རྒྱུན་འཛིན་ལ་རྩ་བ་ཡོད་པ་དང་། གོང་འཕེལ་ལ་གཞི་འཛིན་ས”ཞེས་པ་དེ་རེད་ཅེས་གསུངས་ཡོད།

བརྩམས་ཆོས་དེ་གཉིས་བོད་རང་སྐྱོང་ལྗོངས་ཀྱི་འཐུས་ཚབ་ཐོག་ནས2025ལོའི་ཟླ8པར་ཧྲེན་ཀྲེན་དུ་གཉེར་རྒྱུའི་ཐའོ་ལི་བུམ་པའི་རྒྱལ་ཡོངས་ཀྱི་སྤྱིའི་འགྲེམས་འཁྲབ་ནང་ཞུགས་རྒྱུ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།