• 2020ལོའི་ཟླ2པའི་ཚེས20ཉིན་ནས་བཟུང་།གསེར་ཆེན་ནས་ཟི་ལིང་དང་ཁྲི་ཀ།འབའ་རྫོང་།བྲག་དཀར།མགོ་མང་གཞོངས།མང་རྫོང་།རྨ་སྟོད།སྣེའུ་སྣ།ཚལ་རྔ་འགག་བཅས་སུ་རྒྱུན་ལྡན་གྱི་དུས་ཚོད་ལྟར་འགྲུལ་སྐྱེལ་རླངས་འཁོར་གཏང་རྒྱུ་རེད།...

    2020-02-19 14:43:57 མི་གསལ། 11624
  • ཟླ2པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད11དང་སྐར་མ40ཡི་ཐོགཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ཕོག་པའི་ནད་པ་ཞིག་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་རུ་ཁག་གིས་སྨན་བཅོས་དང་ནད་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད།སྨན་ཁང་ནས་ཕྱིར་བུད་ཆོག་པའི་ཚད་གཞི་དང་མཐུན་པས་སྨན་ཁང་ནས་ཕྱིར་བུད་པ་རེད།...

    2020-02-19 14:43:06 མི་གསལ། 11569
  • ཟླ2པའི་ཚེས18ཉིན་གྱི་ཆུ་ཚོད0ནས24ཡི་རིང་།ཞིང་ཆེན31(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་སྙན་ཞུ་ལྟར་ན།ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ1749ཡིས་མང་དུ་ཕྱིན་པ་དང་།ནད་པ་ལྕི་མོ236གིས་མང་དུ་ཕྱིན།ཚེ་འདས་ནད་པ136(ཧུའུ་པའེ་རུ132དང་།ཧོས་ལུང་ཅང་།ཧྲན་ཏུང་།ཀོང་ཏུང་།ཀོས་ཀྲིག་བཅས་སུ1རེ་ཡོད།)གིས་མང་དུ་ཕྱིན་ཡོད།དོགས་ཡོད་ནད་རྟགས་ཡོད་པའི་ནད་པ1185ཡིས་མང་དུ་ཕྱིན་ཡོད།ཉིན་དེར་ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པ1824ཡིས་མང་དུ་ཕྱིན་ཡོད་པ་དང་།འབྲེལ་འདྲིས་ཡོད་མཁན་མི25014ལ་སྨན་བཅོས་ལྟ་ཞིབ་བྱེད་མཚམས་བཞག...

    2020-02-19 10:22:17 ཀླུ་འབུམ་ཚེ་རིང་གིས་བསྒྱུར། 11587
  • 2020ལོའི་ཟླ2པའི་ཚེས18ཉིན་གྱི་ཆུ་ཚོད0ནས24བར།མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ནད་བྱུང་བའི་ནད་པ་གསར་བ་མེད་ལ།ནད་པ་ལྕི་མོ0དང་།ཚེ་འདས་ནད་པ0།ནད་དྲག་སྟེ་སྨན་ཁང་ལས་སྒོར་བུད་པའི་ནད་པ2ཡོད།ཉིན་དེར་ནད་ཐག་བཅད་པའི་ནད་པ་དང་དོགས་ཡོད་གསར་བྱུང་ནད་པ་གཅིག་ཀྱང་མེད། ...

    2020-02-19 10:21:40 མི་གསལ། 11558
  • ༄༅།།འབའ་རྫོང་ཐང་མགོ་ཁྲིམས་འཛིན་ཁང་གིས་རིམས་འགོག་གི་འཐབ་ར་དང་པོ་རུ་འབད་བརྩོན་བྱས་པ། 

    ཉེ་བའི་ཉིན་ཁ་ཤས་ཀྱི་རིང་ལ་འབའ་རྫོང་ཁྲིམས་འཛིན་ཅུའུ་ཐང་མགོ་ཁྲིམས་འཛིན་ཁང་གི་ལས་བྱེད་པས།ཐང་མགོ་གྲོང་རྡལ་མི་དམངས་སྲིད་གཞུང་གི་རིམས་འགོག་དྲིལ་སྒྲོག་རླངས་འཁོར་རུ་ཁག་དང་མཉམ་དུ་གྲོང་རྡལ་ཉེ་འཁོར་གྱི་ཚོང་ར་དང་།མི་མང་འདུས་སྡོད་བྱེད་སའི་སྡེ་ཁུལ་གཉིས་ལ་ཟུར་མང་ཞིང་ཁྱབ་རྒྱ་ཆེ་ལ།ནུས་ཕྱོད་མཐོ་བའི་རིམས་འགོག་དྲིལ་སྒྲོག་སོགས་ཀྱི་བྱེད་ཐབས་སྤྱད་ནས།རིམས་འགོག་གི་ཤེས་བྱ་དང་།རིམས་འགོག་གི་བྱེད་ཐབས།རིམས་འགོག་དང་འབྲེལ་བའི་སྲིད་ཇུས།རིམས་འགོག་སྐབས་སུ་དོགས་ཟོན་བྱེད་དགོས་པའི་ཁྲིམས་ལུགས་སོགས་གང་ལ་གང་མཁོ་ལྟར་དྲིལ་སྒྲོག་བྱས་ནས།ནུས་ཤུགས་ཡོད་རྒུས་རིམས་འགོག་དྲིལ་སྒྲོག་དང་གླེང་ཕྱོགས་ཚོད་འཛིན་གྱི་བྱ་བ་ལེགས་པོར་སྒྲུབ།...

    2020-02-19 09:58:12 འབའ་རྫོང་ཐང་མགོ་ཁྲིམས་འཛིན་ཁང་ 7348
  • 2020ལོའི་ཟླ2པའི་ཚེས16ཉིན་གྱི་ཆུ་ཚོད24:00བར།རིམ་རྩིས་ལྟར་ན་སྤྱི་ཚོགས་ཀྱི་ཞལ་འདེབས་དངུལ་ཟོག་བསྡོམས་པས་མི་དམངས་སྒོར་ཁྲི554.62ཡིན།དེའི་ཁྲོད།མི་དམངས་སྒོར་ཁྲི509.32(ཁུལ་རིམ་པའི་སྒོར་ཁྲིད190.06དང་གསེར་ཆེན་རྫོང་གི་སྒོར་ཁྲི114.7།ཁྲི་ཀ་རྫོང་གི་སྒོར་ཁྲི21.69།བྲག་དཀར་རྫོང་གི་སྒོར་ཁྲི132.15།མང་རྫོང་གི་སྒོར་ཁྲི49.62།འབའ་རྫོང་གི་སྒོར་ཁྲི1.1)ཡིན།དངོས་པོའི་ཞལ་འདེབས་དམངས་སྒོར་ལ་བཀུག་ན་སྒོར་ཁྲི45.3(དེའི་ཁྲོད་ཁུལ་རིམ་པའི་སྒོར་ཁྲི45.1དང་ཁྲི་ཀ་རྫོང་གི་སྒོར་ཁྲི0.2)ཡིན།...

    2020-02-19 09:50:24 མི་གསལ། 11579
  • སྤྱི་ཟླ2པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད14:00སྟེང།མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ1དྲག་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་སྒོར་བུད། ...

    2020-02-18 14:44:19 མི་གསལ། 11609
  • སྤྱི་ཟླ2པའི་ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད10:00སྟེང།མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཕོག་པའི་ནད་པ1དྲག་སྟེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་བ་ནས་སྒོར་བུད། ...

    2020-02-18 11:44:51 མི་གསལ། 11581
  • 2020ལོའི་ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད0ནས24བར།མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་ནད་རྟགས་ཐག་བཅད་པའི་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་ཕྱིན་མེད་པ་དང་།ནད་པ་ལྕི་མོའང་མེད་ལ།ཚེ་འདས་ནད་པ་ཡང་གཅིག་ཀྱང་མེད།ནད་དྲག་ནས་སྨན་ཁང་ནས་ཕྱིར་བུད་པའི་ནད་པའང་མེད། ཉིན་དེར་ནད་རྟགས་ཐག་བཅད་པའི་ནད་པ་དང་དོགས་ཡོད་གསར་བྱུང་ནད་པ་གཅིག་གིས་ཀྱང་ཇེ་མང་དུ་ཕྱིན་མེད།...

    2020-02-18 10:01:07 མི་གསལ། 11533
  • ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད0ནས་བཟུང་།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མཇུག་སྒྲིལ་རེག་བར་དུ།རྒྱལ་ཡོངས་ཀྱི་ལམ་གླ་བསྡུ་བའི་གཞུང་ལམ་ཐོག་རླངས་འཁོར་རིན་མེད་ངང་བསྐྱོད་ཆོག་པ་དང་།རིན་བསྡུ་བའི་དུས་ཚོད་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད། ...

    2020-02-18 09:58:36 མི་གསལ། 11501

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།