ངོས་དང་པོ > སློབ་གསོ། > ཚན་རྩལ་ཤེས་བྱ། > མཚོ་སྔོན་ནས་སྙེ་ཅན་རྩི་ཤིང་ཚན་གྱི་ཤུན་བཏུམ་བུལ་རྩྭའི་ཁོངས་གཏོགས་ཀྱི་དངོས་རིགས་གསར་བ་ཞིག་རྙེད།
མཚོ་སྔོན་ནས་སྙེ་ཅན་རྩི་ཤིང་ཚན་གྱི་ཤུན་བཏུམ་བུལ་རྩྭའི་ཁོངས་གཏོགས་ཀྱི་དངོས་རིགས་གསར་བ་ཞིག་རྙེད།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2024-12-03 10:27:37
ཀློག་གྲངས།:
ཉེ་ལམ། མཚོ་སྔོན་སློབ་ཆེན་ཕྱུགས་སྨན་སློབ་གླིང་རྩྭ་ཐང་ཞིབ་འཇུག་སུའོ་ཡི་མདོ་དབུས་མཐོ་སྒང་གི་སྤུས་ལེགས་ཕྱུགས་རྩྭའི་སོན་རྒྱུའི་ཐོན་ཁུངས་བེད་སྤྱོད་ཞིབ་འཇུག་རུ་ཁག་གིས་མདོ་དབུས་མཐོ་སྒང་གི་ནུབ་བྱང་རྒྱུད་དུ་ཡོད་པའི་གཏེར་ལེན་ཁ་གྲོང་ཁྱེར་གྱི་བྱང་རྒྱུད་རི་ཁུལ་ནས་སྙེ་ཅན་རྩི་ཤིང་ཚན་གྱི་ཤུན་བཏུམ་བུལ་རྩྭའི་ཁོངས་སུ་གཏོགས་པའི་དངོས་རིགས་གསར་བ་སྟེ། ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་ཞེས་པ་གསར་རྙེད་བྱུང་།

ངོ་སྤྲོད་བྱས་པ་ལྟར་ན། མདོ་དབུས་མཐོ་སྒང་ལ“འཛམ་གླིང་གི་ཡང་རྩེ”ཞེས་པའི་མཚན་སྙན་ཡོད་ཅིང་། གནས་འདིའི་ས་བབ་མཐོ་ལ་ནམ་ཟླ་རྙོག་འཛིང་ཆེ་བ་དང་། ལོའི་ཆ་སྙོམས་ཀྱི་མཁའ་དབུགས་དྲོད་ཚད་དམའ་ཞིང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཉམས་ཞན་ཡིན། མདོ་དབུས་མཐོ་སྒང་དུ་ཤུན་བཏུམ་བུལ་རྩྭའི་ཁོངས་གཏོགས་རྩི་ཤིང་གི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང། མཐོ་གྲང་ན་སྤང་དང་རྩྭ་ཐང་། རི་ཁུལ་སོགས་སུ་རྒྱ་ཆེར་ཁྱབ་ཡོད་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་འགན་སྲུང་གི“ལྗང་མདོག་སྲུང་ཡོལ”ཡིན། ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་ཡི་དམིགས་བསལ་ཁྱད་ཆོས་ནི་སྙེ་དབྱིབས་བརྩེགས་མའི་མེ་ཏོག་གི་བང་རིམ་ཡོད་པ་དེ་ཡིན་ལ། ཁྱད་ཆོས་འདི་ནི་ཁོངས་གཅིག་པའི་དངོས་རིགས་གཞན་དག་དང་ཁྱད་པར་མངོན་གསལ་ཡོད། སྲོལ་རྒྱུན་གྱི་ཤུན་བཏུམ་བུལ་རྩྭའི་མེ་ཏོག་གི་བང་རིམ་ཅུང་སྟབས་བདེ་ཡིན་ནའང་། ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་ཡི་སྙེ་མའི་གཞུང་རྐང་གཙོ་བོའི་རྟིང་རིམ་ནས་སྙེ་མ་ཆུང་ངུ་དང་འདྲ་བའི་ཡན་ལག་མང་པོ་བསྲིངས་ཡོད་པར་མ་ཟད། ཡན་ལག་འདི་དག་གི་རིང་ཚད་ནི་རྩེ་མོ་ནས་བར་གཞུང་དུ་རིམ་བཞིན་ཇེ་རིང་ལ་ཕྱིན་ཏེ། དམིགས་བསལ་གྱི་མཉམ་འདུས་གྲུབ་ཚུལ་ཆགས་ཡོད། གྲུབ་ཚུལ་འདི་ཡིས་སྙེ་ཅན་རྩི་ཤིང་གི་མེ་ཏོག་བང་རིམ་གྱི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་མཐོང་སྣེ་གསར་བ་ཞིག་འདོན་སྤྲོད་བྱས་པར་མ་ཟད། རྩི་ཤིང་སྣ་མང་རང་བཞིན་ལའང་ཚོས་གཞི་གསར་བ་ཞིག་བསྣན་ཡོད།
གླེང་དགོས་པ་ཞིག་ལ། ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་ནི་མིག་སྔར་མཚོ་སྔོན་ཞིང་ཆེན་གཏེར་ལེན་ཁ་གྲོང་ཁྱེར་བྱང་རྒྱུད་རི་ཁུལ་གྱི་ས་ཁུལ་ཆུང་ངུ་ཞིག་ཏུ་མ་གཏོགས་རྙེད་མེད་པ་དང་། དེ་ནི་མཚོ་འཕགས་ལ་སྨི3722ཡོད་པའི་ཐན་སྐམ་ཆེ་བའི་བྲག་རྡོའི་ས་ཁུལ་དུ་སྐྱེས་ཡོད། གནས་འདིའི་ནམ་ཟླའི་ཆ་རྐྱེན་ཧ་ཅང་སྡུག་པ་དང་ལོའི་ཆ་སྙོམས་མཁའ་དབུགས་དྲོད་ཚད0℃མན་ཡིན་ལ། ཆར་ཆུ་འབབ་ཚད་ཧ་ཅང་ཉུང་། ཚན་ཞིབ་མི་སྣ་ལྟར་ན། འདི་ལྟ་བུའི་ཐལ་མཐའི་ཁོར་ཡུག་ནི་ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་གྲུབ་པ་དང་ཁོར་ཡུག་ལ་འཕྲོད་མཐུན་ཐུབ་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་སྲིད།ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭ་གསར་རྙེད་བྱུང་བ་ཡིས་མདོ་དབུས་མཐོ་སྒང་གི་རྩི་ཤིང་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། སྙེ་ཅན་རྩི་ཤིང་གི་མེ་ཏོག་བང་རིམ་གྱི་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན། མིག་སྔར། ཞིབ་འཇུག་འདི་ལ་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་མདོ་དབུས་མཐོ་སྒང་གི་ཁྱད་ལྡན་རྩྭ་རིགས་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་ཐད་ཀྱི་རྒྱལ་ཁབ་ས་གནས་མཉམ་འབྲེལ་ལས་གཞིའི་ཚོད་ལྟ་ཁང་དང་མཚོ་སྔོན་ཞིང་ཆེན་མདོ་དབུས་མཐོ་སྒང་སྤུས་ལེགས་ཕྱུགས་རྩྭའི་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་གཙོ་གནད་ཚོད་ལྟ་ཁང་གི་སྟེགས་བུའི་རྒྱབ་སྐྱོར་ཐོབ་ཡོད་ཅིང་། མདོ་དབུས་མཐོ་སྒང་གི་སོན་རྒྱུའི་ཐོན་ཁུངས་ཞིབ་འཇུག་དང་བེད་སྤྱོད་ཚོད་ལྟ་ཁང་ལ་སོགས་པའི་གྲོན་དངུལ་གྱི་རྒྱབ་སྐྱོར་ཡང་ཐོབ་ཡོད། གཞན་ཤུན་བཏུམ་བུལ་རྩྭའི་ཁོངས་གཏོགས་ཀྱི་རྩི་ཤིང་ནི་མཐོ་གྲང་རྩྭ་སའི་ཕྱུགས་རྩྭའི་ཁྱབ་ཁོངས་སུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་རིན་ཐང་ལྡན་པས། ཡན་ལག་མང་བའི་ཤུན་བཏུམ་བུལ་རྩྭའི་འབྲེལ་ཡོད་ཁྱད་གཤིས་ཀྱིས་མ་འོངས་པར་ཕྱུགས་རྩྭའི་སྤུས་ཀ་ལེགས་སྒྱུར་དང་ཐོན་ཁུངས་གསར་སྤེལ་གྱི་ཐད་ཁ་ཕྱོགས་དང་ཐོད་བརྒལ་བྱེད་ས་གསར་བ་འདོན་སྤྲོད་བྱེད་ཐུབ་པའི་རེ་བ་ལྡན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།