ངོས་དང་པོ > རྩོམ་རིག > དམངས་ཁྲོད་རྩོམ་རིག > དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བཤད་པ་གངས་ཕྲུག་སྟོང་གི་རེ་སྨོན།
དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བཤད་པ་གངས་ཕྲུག་སྟོང་གི་རེ་སྨོན།
རྩོམ་པ་པོ།:ལྷ་ཆེན་ཚེ་རིང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-05-29 10:29:26
ཀློག་གྲངས།:
ཡ་ད། དེ་རིང་གལ་ཆེན་གྱི་ཉི་མ། །
དོན་ཆེན་གྱི་དུས་ཚོད། །
ཟླུམ་གཟུགས་གོ་ལ་གོར་མོའི་ཡང་སྟེང་། །
གླིང་བདུན་མཚོ་བཞིའི་བརྒྱན་པའི་ཞིང་བཀོད། །
དཀར་ནག་སེར་གསུམ་མི་ཡི་རིགས་སྲས། །
ན་མཉམ་མེ་ཏོག་སྟོང་གི་སྨོན་འདུན། །
ལོ་ཆུང་བྱིས་པ་དགའ་བའི་དགའ་སྟོན། །
དེ་རིང་། དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉི་མ་འདི་ལ། །
དབུ། མཆོད་བསྟོད་དུང་གི་སྒྲ་དབྱངས་བྱས་ནས། །
མཇུག བཀྲ་ཤིས་གཡང་གི་འབོད་པ་བྱས་ནས། །
ངས་ཚིག་ཀ་གསུམ་གི་ཁ་བརྡ་ཞིག་བྱས་ན། །
ཡ་ད། མཆོད་མཆོད་མཆོད་ལ་དགུང་སྔོན་མཆོད། །
དགུང་སྔོན་པོའི་བང་རིམ་མཐོན་པོ་ནས། །
གསེར་གྱི་ཉི་མ་སེར་པོ་མཆོད། །
དུང་གི་ཟླ་བ་དཀར་པོ་མཆོད། །
སྐར་ཆུང་གཟི་མཆོང་ཁྲ་མོ་མཆོད། །
དགུང་ཨ་སྔོན་ལྷ་ཡི་ཕོ་བྲང་ཡིན། །
ལྷ་དང་ལྷ་མོའི་བྲོ་ར་ཡིན། །
ལྷ་ཕྲུག་སྟོང་གི་རྩེད་ར་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་བར་སྣང་མཆོད། །
བར་སྣང་ཡངས་པའི་གུར་ནང་ནས།
ལྷོ་སྤྲིན་དཀར་པོའི་ལྡིང་ཁང་མཆོད། །
ཆར་སྤྲིན་ནག་པོའི་རྟེན་རྫོང་མཆོད། །
དམར་པོ་གློག་གི་ཟི་ར་མཆོད། །
འབྲུག་ཆུང་དར་མའི་ཕོ་བྲང་ཡིན། །
སྦྲང་ཆར་ཟིལ་མའི་འབྱུང་ཁུངས་ཡིན། །
འཇའ་ཚོན་འོད་ཀྱི་ཞིང་ཁམས་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་ས་གཞི་མཆོད། །
གྲུ་བཞི་ས་ཡི་དཀྱིལ་འཁོར་ནས། །
རི་རབ་གསེར་གྱི་ལྷུན་པོ་མཆོད། །
གླིང་བཞི་ནོར་བུ་འོད་ལྡན་མཆོད། །
རོལ་མཚོ་བདུད་རྩི་འཁྱིལ་བ་མཆོད། །
ས་རྒྱལ་གཡང་གི་ར་བ་ཡིན། །
གཡང་རྒྱལ་ཕྱུག་གི་རུ་མ་ཡིན། །
སྐྱེ་འགྲོ་ཀུན་གྱི་སྐྱེད་ཡུམ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་བོད་ཡུལ་མཆོད། །
བོད་ཡུལ་གངས་རི་རྩེ་དགུ་ནས། །
འདབ་དྲུག་ཁ་བའི་མེ་ཏོག་མཆོད། །
འབྲུ་དྲུག་ནས་ཀྱི་སྙེ་མ་མཆོད། །
གདུང་དྲུག་བོད་པའི་མེས་པོ་མཆོད། །
དཔའ་མཛངས་བཙན་པོའི་སྙིང་སྟོབས་ཡིན། །
ཐབས་མཁས་ཐོན་མིའི་བློ་རིག་ཡིན། །
ཞི་དུལ་ཆོས་ཀྱི་བྱིན་རླབས་ཡིན། །
མཛེས་སྡུག་འཛམ་གླིང་ཡང་རྩེ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་ཕ་ཡུལ་མཆོད།།
ཕ་ཡུལ་གཡང་གི་རུ་སྡེ་ནས། །
གངས་རི་དུང་གི་འོད་ལྡན་མཆོད།
ནགས་རི་གཡུ་ཡི་ལྡིང་ཁང་མཆོད། །
སྤང་རི་མར་གད་ཕྱུག་མོ་མཆོད། །
ཆུ་བོ་ཡན་ལག་བརྒྱད་ལྡན་མཆོད། །
སྐྱིད་ཕ་ས་གསེར་གྱི་ལུང་པ་ཡིན། །
དྲིན་ཕ་མ་ཉི་ཟླ་ཆ་འགྲིག་ཡིན། །
སྤུན་ན་ཟླ་ན་ལུང་མེ་ཏོག་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་གླིང་མཆོད། །
སློབ་གླིང་རིག་པའི་དོ་ར་ནས། །
སྐད་ཡིག་སྲོག་གི་ཀ་བ་མཆོད། །
རྩིས་ཡིག་འཕྲུལ་གྱི་མེ་ལོང་མཆོད། །
རྒྱ་ཡིག་གསེར་གྱི་ཟམ་པ་མཆོད། །
དབྱིན་ཡིག་རིག་པའི་འོད་སྣང་མཆོད། །
བརྒྱ་ཕྲག་རིག་པའི་སྒོ་མོ་ཡིན། །
སྟོང་ཕྲག་ནོར་བུའི་རྟེན་མཛོད་ཡིན། །
འབུམ་ཕྲག་ཤེས་བྱའི་དཀྱིལ་འཁོར་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་དཔོན་མཆོད། །
ཁྲིད་སྟེགས་ནོར་བུའི་ཁྲི་སྟེང་ནས། །
བཤེས་གཉེན་མུན་སེལ་སྒྲོན་མེ་མཆོད། །
བློ་གྲོས་གསེར་གྱི་ལྡེ་མིག་མཆོད། །
བྱམས་བརྩེ་ཉི་ཟླའི་འོད་སྣང་མཆོད། །
རྨོངས་སེལ་རིག་པའི་དེད་དཔོན་ཡིན། །
ཤེས་བྱའི་གཏེར་སྒྲོམ་སྨུག་པོ་ཡིན། །
ཀུན་ཕན་བདུད་རྩིའི་བུམ་པ་ཡིན། །
མཆོད་མཆོད་མཆོད་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་གྲོགས་མཆོད། །
སྐྱིད་སྡུག་བསྣོལ་མའི་སློབ་ར་ནས། །
དགའ་དུས་གླུ་ཆུང་ལེན་རོགས་མཆོད། །
སྐྱིད་དུས་བྲོ་གར་འཁྲབ་རོགས་མཆོད། །
སྡུག་དུས་མིག་ཆུ་འདོན་རོགས་མཆོད། །
རེ་བའི་ལྗང་མྱུག་ཕྲ་མོ་ཡིན། །
མཛེས་སྡུག་སྣ་བརྒྱའི་མེ་ཏོག་ཡིན། །
འདྲིས་པའི་བྱ་ཁྱུ་དཀར་པོ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། དེ་རིང་བཀྲ་ཤིས་ཉི་མ་ལ། །
བཀྲ་ཤིས་གཡང་གི་སྨོན་འདུན་ཞུ། །
དྲིན་ཅན་དགེ་རྒན་དམ་པ་རྣམས། །
སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག།
འདང་ཆེན་སློབ་གྲོགས་ཕོ་མོ་ཀུན། །
མདུན་ལམ་ཡངས་པའི་བཀྲ་ཤིས་ཤོག།
མ་ཡུམ་སློབ་གྲྭའི་བྱ་གཞག་ཀུན། །
གོང་དུ་འཕེལ་བའི་བཀྲ་ཤིས་ཤོག།
འཛམ་གླིང་སྒང་གི་བྱིས་པ་རྣམས། །
བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །
བཀྲ་ཤིས་བདེ་ལེགས་ཡང་ནས་ཡང་དུ་ཤོག །
དོན་ཆེན་གྱི་དུས་ཚོད། །
ཟླུམ་གཟུགས་གོ་ལ་གོར་མོའི་ཡང་སྟེང་། །
གླིང་བདུན་མཚོ་བཞིའི་བརྒྱན་པའི་ཞིང་བཀོད། །
དཀར་ནག་སེར་གསུམ་མི་ཡི་རིགས་སྲས། །
ན་མཉམ་མེ་ཏོག་སྟོང་གི་སྨོན་འདུན། །
ལོ་ཆུང་བྱིས་པ་དགའ་བའི་དགའ་སྟོན། །
དེ་རིང་། དྲུག་གཅིག་བྱིས་པའི་དུས་ཆེན་གྱི་ཉི་མ་འདི་ལ། །
དབུ། མཆོད་བསྟོད་དུང་གི་སྒྲ་དབྱངས་བྱས་ནས། །
མཇུག བཀྲ་ཤིས་གཡང་གི་འབོད་པ་བྱས་ནས། །
ངས་ཚིག་ཀ་གསུམ་གི་ཁ་བརྡ་ཞིག་བྱས་ན། །
ཡ་ད། མཆོད་མཆོད་མཆོད་ལ་དགུང་སྔོན་མཆོད། །
དགུང་སྔོན་པོའི་བང་རིམ་མཐོན་པོ་ནས། །
གསེར་གྱི་ཉི་མ་སེར་པོ་མཆོད། །
དུང་གི་ཟླ་བ་དཀར་པོ་མཆོད། །
སྐར་ཆུང་གཟི་མཆོང་ཁྲ་མོ་མཆོད། །
དགུང་ཨ་སྔོན་ལྷ་ཡི་ཕོ་བྲང་ཡིན། །
ལྷ་དང་ལྷ་མོའི་བྲོ་ར་ཡིན། །
ལྷ་ཕྲུག་སྟོང་གི་རྩེད་ར་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་བར་སྣང་མཆོད། །
བར་སྣང་ཡངས་པའི་གུར་ནང་ནས།
ལྷོ་སྤྲིན་དཀར་པོའི་ལྡིང་ཁང་མཆོད། །
ཆར་སྤྲིན་ནག་པོའི་རྟེན་རྫོང་མཆོད། །
དམར་པོ་གློག་གི་ཟི་ར་མཆོད། །
འབྲུག་ཆུང་དར་མའི་ཕོ་བྲང་ཡིན། །
སྦྲང་ཆར་ཟིལ་མའི་འབྱུང་ཁུངས་ཡིན། །
འཇའ་ཚོན་འོད་ཀྱི་ཞིང་ཁམས་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་ས་གཞི་མཆོད། །
གྲུ་བཞི་ས་ཡི་དཀྱིལ་འཁོར་ནས། །
རི་རབ་གསེར་གྱི་ལྷུན་པོ་མཆོད། །
གླིང་བཞི་ནོར་བུ་འོད་ལྡན་མཆོད། །
རོལ་མཚོ་བདུད་རྩི་འཁྱིལ་བ་མཆོད། །
ས་རྒྱལ་གཡང་གི་ར་བ་ཡིན། །
གཡང་རྒྱལ་ཕྱུག་གི་རུ་མ་ཡིན། །
སྐྱེ་འགྲོ་ཀུན་གྱི་སྐྱེད་ཡུམ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་བོད་ཡུལ་མཆོད། །
བོད་ཡུལ་གངས་རི་རྩེ་དགུ་ནས། །
འདབ་དྲུག་ཁ་བའི་མེ་ཏོག་མཆོད། །
འབྲུ་དྲུག་ནས་ཀྱི་སྙེ་མ་མཆོད། །
གདུང་དྲུག་བོད་པའི་མེས་པོ་མཆོད། །
དཔའ་མཛངས་བཙན་པོའི་སྙིང་སྟོབས་ཡིན། །
ཐབས་མཁས་ཐོན་མིའི་བློ་རིག་ཡིན། །
ཞི་དུལ་ཆོས་ཀྱི་བྱིན་རླབས་ཡིན། །
མཛེས་སྡུག་འཛམ་གླིང་ཡང་རྩེ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་ཕ་ཡུལ་མཆོད།།
ཕ་ཡུལ་གཡང་གི་རུ་སྡེ་ནས། །
གངས་རི་དུང་གི་འོད་ལྡན་མཆོད།
ནགས་རི་གཡུ་ཡི་ལྡིང་ཁང་མཆོད། །
སྤང་རི་མར་གད་ཕྱུག་མོ་མཆོད། །
ཆུ་བོ་ཡན་ལག་བརྒྱད་ལྡན་མཆོད། །
སྐྱིད་ཕ་ས་གསེར་གྱི་ལུང་པ་ཡིན། །
དྲིན་ཕ་མ་ཉི་ཟླ་ཆ་འགྲིག་ཡིན། །
སྤུན་ན་ཟླ་ན་ལུང་མེ་ཏོག་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་གླིང་མཆོད། །
སློབ་གླིང་རིག་པའི་དོ་ར་ནས། །
སྐད་ཡིག་སྲོག་གི་ཀ་བ་མཆོད། །
རྩིས་ཡིག་འཕྲུལ་གྱི་མེ་ལོང་མཆོད། །
རྒྱ་ཡིག་གསེར་གྱི་ཟམ་པ་མཆོད། །
དབྱིན་ཡིག་རིག་པའི་འོད་སྣང་མཆོད། །
བརྒྱ་ཕྲག་རིག་པའི་སྒོ་མོ་ཡིན། །
སྟོང་ཕྲག་ནོར་བུའི་རྟེན་མཛོད་ཡིན། །
འབུམ་ཕྲག་ཤེས་བྱའི་དཀྱིལ་འཁོར་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་དཔོན་མཆོད། །
ཁྲིད་སྟེགས་ནོར་བུའི་ཁྲི་སྟེང་ནས། །
བཤེས་གཉེན་མུན་སེལ་སྒྲོན་མེ་མཆོད། །
བློ་གྲོས་གསེར་གྱི་ལྡེ་མིག་མཆོད། །
བྱམས་བརྩེ་ཉི་ཟླའི་འོད་སྣང་མཆོད། །
རྨོངས་སེལ་རིག་པའི་དེད་དཔོན་ཡིན། །
ཤེས་བྱའི་གཏེར་སྒྲོམ་སྨུག་པོ་ཡིན། །
ཀུན་ཕན་བདུད་རྩིའི་བུམ་པ་ཡིན། །
མཆོད་མཆོད་མཆོད་ཨོཾ་ཨཱ་ཧཱུཾ། །
ཡ་ད། མཆོད་མཆོད་མཆོད་ལ་སློབ་གྲོགས་མཆོད། །
སྐྱིད་སྡུག་བསྣོལ་མའི་སློབ་ར་ནས། །
དགའ་དུས་གླུ་ཆུང་ལེན་རོགས་མཆོད། །
སྐྱིད་དུས་བྲོ་གར་འཁྲབ་རོགས་མཆོད། །
སྡུག་དུས་མིག་ཆུ་འདོན་རོགས་མཆོད། །
རེ་བའི་ལྗང་མྱུག་ཕྲ་མོ་ཡིན། །
མཛེས་སྡུག་སྣ་བརྒྱའི་མེ་ཏོག་ཡིན། །
འདྲིས་པའི་བྱ་ཁྱུ་དཀར་པོ་ཡིན། །
མཆོད་མཆོད་མཆོད་ལ་ཨོཾ་ཨཱ་ཧཱུཾ། །
ཡ་ད། དེ་རིང་བཀྲ་ཤིས་ཉི་མ་ལ། །
བཀྲ་ཤིས་གཡང་གི་སྨོན་འདུན་ཞུ། །
དྲིན་ཅན་དགེ་རྒན་དམ་པ་རྣམས། །
སྐུ་ཚེ་བརྟན་པའི་བཀྲ་ཤིས་ཤོག།
འདང་ཆེན་སློབ་གྲོགས་ཕོ་མོ་ཀུན། །
མདུན་ལམ་ཡངས་པའི་བཀྲ་ཤིས་ཤོག།
མ་ཡུམ་སློབ་གྲྭའི་བྱ་གཞག་ཀུན། །
གོང་དུ་འཕེལ་བའི་བཀྲ་ཤིས་ཤོག།
འཛམ་གླིང་སྒང་གི་བྱིས་པ་རྣམས། །
བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །
བཀྲ་ཤིས་བདེ་ལེགས་ཡང་ནས་ཡང་དུ་ཤོག །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།