སྒེར་གཉེར་དུས་དེབ་ཀྱི་དགེ་སྐྱོན་དང་མདུན་ལམ་དོ་སྣང་བྱ་དགོས་པའི་སྐོར་སོགས་ལ་མདོ་ཙམ་དཔྱད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-04 09:36:00 ཀློག་གྲངས།:

མཇུག་གི་གཏམ།

        གོང་དུ་གླེང་བ་འདི་ནི་ཁོ་བོས་སྒེར་གཉེར་དུས་དེབ་ལ་ཞིབ་འཇུག་བྱས་པ་ལས་མཐོང་བའི་གནས་ཚུལ་འགའ་ལས་བསླངས་པའི་རང་གི་དྲན་ཚུལ་ཙམ་སྟེ་རང་རིགས་ལ་དུང་ཞེན་གྱིས་དབང་གིས་སྡོད་མ་ཚུགས་པར་ཡི་གེར་བྲིས་པ་ཡིན་ལ། ཁོ་བོའི་བཤད་པའི་གཏམ་འདི་དག་འགྲིག་མིན་ཡང་སྒེར་གཉེར་དུས་དེབ་ཀྱི་གནས་བབས་དང་སྤྱི་ཚོགས་ལ་ནུས་པ་ག་འདྲ་འབྱུང་མིན་ལས་བལྟ་དགོས་པ་ཡིན་པས་དོན་ཆུང་ཆུང་ཞིག་གཏན་ནས་མིན། དེང་སང་ཚོགས་འདུ་རིགས་མང་ན་ཡང༌། གཏམ་བཤད་རྗེས་ཤུལ་མེད་རྗེས་མེད་དུ་གྱུར་འགྲོ་བས་ཚོགས་འདུ་འགའ་ལས་བརྗོད་བྱ་འདི་ལས་མང་བོ་བརྗོད་ན་ཡང་སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་མང་བོ་ཞིག་གིས་ཐོས་མེད་ལ། ལྷག་པར་གཏམ་མི་ཁ་བརྒྱུད་ན་ཇེ་མང་ཞེས་པའི་དཔེ་ལྟར་གཞན་དུ་བསྒྱུར་ནས་བཤད་པ་ཡང་སྣང་བས་ཡི་གེ་འདི་རིགས་ནི་གཏམ་བཤད་ལས་ཀྱང་གལ་ཆེ་བར་འདོད་པས་གཟུ་བོ་གནས་པ་ཞིག་ཡིན་ན་དཔྱད་གཞིར་འཛིན་ངེས་པ་ནི་སོམ་ཉི་དང་བྲལ་བ་ཞིག་ཡིན། གོང་དུ་བཤད་པའི་གནད་དོན་འདི་རིགས་སྒེར་གཉེར་དུས་དེབ་ཀྱི་རྩོམ་སྒྲིག་པ་རྣམས་ཀྱིས་དཔྱད་གཞིར་བཟུང་ནས་བསམ་གཞིག་གནད་ལ་འབབ་པ་ཞིག་གནང་རྒྱུ་ན་དེ་ནི་བདག་གི་རྩོམ་ཡིག་འདི་འབྲི་བའི་རེ་བ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།