བདེན་སྣང་གིས་ཕྱུག་པའི་སྒྱུ་རྩལ་གྱི་འཇིག་རྟེན།
རྩོམ་པ་པོ།:རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-04-24 10:17:00
ཀློག་གྲངས།:
དྲུག་པ། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་གི་མཛེས་རྟོག་ཁྱད་ཆོས་ལ་འཁྱུག་ཙམ་ལྟ་བ།
དེ་ཡང“རྩོམ་རིག་གི་མཐར་ཐུག་གི་བརྗོད་དོན་ནི་བདེན་དགེ་མཛེས་གསུམ་ཡིན་ལ། མིའི་མཐར་ཐུག་གི་འཚོལ་སྙེག་བྱ་ཡུལ་ཡང་དེ་བཞིན་བདེན་དགེ་མཛེས་གསུམ་ཡིན”【68】ཅེས་པ་ལྟར། སྒྱུ་རྩལ་རྩོམ་རིག་ཞིག་ལ་ཆ་མཚོན་ནས་བཤད་ན། དེས་སྤྱི་ཚོགས་རིག་པ་དང་དཔལ་འབྱོར་རིག་པ་ལ་སོགས་པའི་རིག་ཚན་གཞན་པ་ནང་བཞིན་སྤྱི་ཚོགས་ལ་ཐད་ཀར་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་བྱེད་ཀྱི་མེད་ཀྱང་། དེས་མངོན་ལྐོག་གང་རུང་ནས་བདེན་དགེ་མཛེས་གསུམ་གྱི་མི་གཤིས་སྐྱེད་སྲིང་དང་གསོ་སྐྱོང་ཐད་ཕན་པ་ངེས་ཅན་ཡོད་པ་ཡིན། ལྷག་པར་དུ་སྒྱུ་རྩལ་བརྩམས་ཆོས་དེ་སྒྱུ་རྩལ་ཡིན་བྱེད་ཀྱི་སྲོག་ཤིང་ནི་མཛེས་རྟོག་ཡིན་ཏེ། སྤྱིར་མཛེས་དཔྱོད་དམ་མཛེས་རྟོག་ཅེས་པ་ནི“མིའི་རིགས་ཀྱིས་ཕྱི་ཡུལ་ལ་དམིགས་པའི་རྟོག་པ་ཁྱད་པར་བ་ཞིག་སྟེ། མཛེས་པའི་ཆོས་ལ་ཡིད་ཕྱོགས་ནས་མྱོང་ཞིང་དཔྱོད་པའི་བྱ་བ་ཞིག་ཡིན། དེ་ཡང་བརྩམས་ཆོས་ཉིད་མཛེས་དཔྱོད་ཅིག་ཏུ་འགྱུར་བ་ནི་ཚད་མཐོ་བའི་མྱོང་རྟོག་ཞིག་ལས་བྱུང་བ་དང་དེ་ནི་ཁེ་ཕན་མངོན་སུམ་པ་ལ་མི་དམིགས་པར་དེ་ལ་མྱོང་བ་བྱས་ནས་ཡིད་ཚིམ་ཞིང་བདེ་བ་སྟེར་བའི་རང་བཞིན་ཁོ་ན་ཡིན”【69】ཅེས་པ་ལྟར་རེད། འོན་ཀྱང་མི་བུ་སོ་སོའི་མཛེས་རྟོག་གི་ལྟ་བའམ་ཡུལ་གཅིག་ཡིན་པའི་ངེས་པ་མེད་དེ། ཏན་མེའི་རྒྱལ་ཁབ་ཀྱི་དཔྱད་བརྗོད་པ་པའོ་རན་ཏེ་ཉིད་ཀྱིས།“བྱ་དངོས་གང་ཡང་རུང་བར་ང་ཚོས་རྟོག་ཞིབ་བྱེད་ཚེ། དོན་དངོས་དང་གཞུང་ལུགས། མཛེས་དཔྱོད་གསུམ་གྱི་ཐབས་ལམ་ལ་བརྟེན་དགོས་པ་སྟེ། དོན་དངོས་ཀྱི་ལྟ་བས་ནགས་ཚལ་ལ་བལྟ་མཁན་ཞིག་ཡིན་ན། ཁོང་གིས་ནགས་ཚལ་གྱིས་ས་ཁུལ་དེའི་བདེ་འཇགས་ལ་ཕན་ཐོགས་ཡོད་མེད་དང་། ཡང་ན་ནགས་ཚལ་གྱི་བདག་པོས་ཅི་ལྟར་ཤིང་ཆའི་རིན་ཐང་གཞལ་བ་སོགས་འདྲི་རྒྱུ་ཡིན་པ་དང་། སྐྱེ་དངོས་རིག་པ་བ་ཞིག་གིས་ཚན་རིག་གི་ལམ་ནས་སྐྱེ་དངོས་དེ་དག་གི་སྲོག་ཤུགས་སོགས་ལ་འོས་དང་མཐུན་པའི་ཞིབ་དཔྱོད་བྱེད་པར་ཡིད་ཕྱོགས་པ་དང་། ནགས་ཚལ་དེའི་ཕྱིའི་མཛེས་ལྗོངས་ཁོ་ན་མ་གཏོགས་གཞན་གྱི་དམིགས་པ་མེད་མཁན་ཞིག་ལ་མཚོན་ན། མཛེས་པའི་རྟོག་པ་ཞིག་གམ་སྒྱུ་རྩལ་གྱི་ལྟ་བས་གཞལ་ཏེ་ནགས་ཚལ་དེའང་མཛེས་པའི་ཆ་ཤས་སུ་བཞག་ནས་ཅི་འདྲ་ཡིན་པར་བསམ་བློ་གཏོང་བཞིན་ཡོད”【70】ཅེས་པ་བཞིན་བལྟ་བྱའི་ཡུལ་གཅིག་པ་ཡིན་ཡང་ཡུལ་ཅན་གྱི་ལྟ་ཐབས་སམ་མིག་དབང་སྣ་ཚོགས་པའི་དབང་གིས་དེའི་མཛེས་རྟོག་གི་ཁྱད་ཆོས་དང་མཛེས་རྟོག་གི་རིན་ཐང་མི་གཅིག་པ་ཡིན། འོན་ཀྱང་།“རྩོམ་རིག་གིས་སྒྱུ་རྩལ་གྱི་མཛེས་དཔྱོད་ཀྱི་ཐབས་ལམ་ནས་འཇིག་རྟེན་ལ་ངོས་འཛིན་དང་མི་ཚེ་ལ་ངོས་འཛིན་བྱས་ཏེ། ཕྱི་རོལ་གྱི་འཇིག་རྟེན་འདི་ཡུལ་ཅན་མིའི་རྣམ་རྟོག་གི་འདུ་ཤེས་དང་ནང་སེམས་ཀྱི་འཇིག་རྟེན་དུ་ཤར་བ་བྱས་ཏེ། དེས་དམིགས་བསལ་དོན་སྙིང་ཡོད་པའི་འཇིག་རྟེན་གྱི་རིན་ཐང་ཞིག་སྟེ། དེས་མིའི་བླ་སྲོག་དེ་ཡུལ་ཅན་མིའི་སྒྱུ་རྩལ་གྱི་མཚོན་བྱའི་ངོས་སུ་ཐིམས་པར་གྱུར”【71】ཅེས་རྩོམ་རིག་གིས་མཛེས་རྟོག་གི་ལམ་ནས་འཇིག་རྟེན་ལ་ངོས་འཛིན་དང་མི་ཚེ་ལ་ངོས་འཛིན། དེས་མ་ཟད་མི་བུ་རང་ཉིད་ལ་ངོས་འཛིན་ཐུབ་པར་ཕན་ནུས་ཐོན་གྱི་ཡོད། ཧྥ་རན་སིའི་གྲགས་ཅན་བསམ་བློ་བ་མུང་ཐན(蒙田)གྱིས།“འཇིག་རྟེན་འདིའི་ཐོག་ཆེས་གལ་འགངས་ཆེ་བའི་དོན་དག་དེ་ནི་རང་ཉིད་ངོས་འཛིན་བྱ་རྒྱུ་དེ་ཡིན”【72】ཅེས་པ་ལྟར། སྒྱུ་རྩལ་བརྩམས་ཆོས་ཀྱིས་མཛེས་རྟོག་ལ་བརྟེན་ནས་མི་བུ་རང་ཉིད་ལ་ངོས་འཛིན་བྱེད་དུ་བཅུག་པར་རམ་འདེགས་བྱེད་ལ། རང་ཉིད་ངོས་འཛིན་ལ་བྱུང་བའི་སྒོ་ནས་མི་ཚེ་ལ་ངོས་འཛིན་བྱེད་དུ་བཅུག་པ་སྟེ། བདེན་དགེ་མཛེས་གསུམ་གྱི་མི་གཤིས་ཤིག་སྐྱེད་སྲིང་བྱེད་པར་གཞོགས་འདེགས་བྱེད་ཀྱི་ཡོད། དེས་མ་ཟད། སྒྱུ་རྩལ་བརྩམས་ཆོས་ནི་ཁེ་ཕན་གྱི་དབང་དུ་མི་འགྱུར་བ་ཞིག་སྟེ།“མཛེས་དཔྱོད་ལ་དཔྱད་པའི་མིག་གཏོད་ས་ནི་རྩོམ་རིག་བརྩམས་ཆོས་ཀྱི་གྲུབ་ཚུལ་དང་མཛེས་དཔྱོད་རིན་ཐང་ཡིན་ལ། རྩོམ་རིག་བརྩམས་ཆོས་དེ་ཉིད་བདེན་པ་དང་མཛེས་པའི་རྨང་གཞིའི་སྟེང་ནས་ཕན་ཁེ་ལས་བརྒལ་བའི་མཛེས་དཔྱོད་ཀྱི་ཡུལ་ཅིག་ཡིན”【73】ཅེས་པ་ལྟར། མཛེས་རྟོག་རིག་པའི་ནང་བཤད་པ་ལྟར་ན་སྒྱུ་རྩལ་བརྩམས་ཆོས་ནི་ཕན་ཁེ་ལས་བརྒལ་བའི་མཛེས་དཔྱོད་ཀྱི་ཡུལ་ཅིག་ཡིན་པར་བཤད། སྤྱིར་མཛེས་རྟོག་ནི“ཕྱི་རོལ་གྱི་བྱ་དངོས་ལས་སྐྱེ་བོའི་འདུ་ཤེས་ལ་ཚུར་སྣང་བའི་ཐོན་དངོས་ཤིག་ཡིན་ཞིང་། དེང་གི་ཆར་མཛེས་དཔྱོད་ཀྱི་འདུ་ཤེས་ཐད་རྩ་བའི་ཆ་ནས་དབྱེ་ན་དངོས་གཙོ་རིང་ལུགས་ཀྱིས་དངོས་པོར་འཛིན་པའི་མཛེས་ཆོས་ཀྱི་འདུ་ཤེས་དང་སེམས་གཙོ་རིང་ལུགས་ཀྱིས་དངོས་པོར་འཛིན་པའི་མཛེས་རྟོག་གི་འདུ་ཤེས་གཉིས་ཡོད”【74】ཅེས་མི་རྣམས་ཀྱིས་མཛེས་རྟོག་གི་ངོ་བོར་ཞིབ་འཇུག་བྱེད་པའི་ཐབས་ཤེས་མི་འདྲ་བ་ཡིན་ལ། མཛེས་རྟོག་གི་རི་ཐང་ལྟ་ཚུལ་ཡང་མི་འདྲ་བར་ཐ་དད་དུ་སྣང་བ་ཡིན། དེ་ཡང་རེད་དེ།“འཇིག་རྟེན་འདིར་སྔ་མོ་ནས་ད་རེག་བར་དུ་རང་བྱུང་ལྷན་སྐྱེས་ཀྱིས་གྲུབ་པའི་མཛེས་དཔྱོད་བྱ་བ་ཞིག་མེད་ལ། མཛེས་རྟོག་གི་ཡོན་ཏན་འདི་ནི་མི་བུ་སོ་སོའི་སེམས་ཁམས་ཀྱིས་གསར་རྙེད་བྱུང་བ་ཞིག་ཡིན”【75】པས་སོ།། དེ་ཡང་མཛེས་རྟོག་ནི་བདེན་དགེ་མཛེས་གསུམ་ལ་བརྟེན་ནས་བྱུང་ཞིང་། མཛེས་པ་དེ་ཡང་བདེན་དགེ་གཉིས་ཀྱི་རྨང་གཞིའི་ཐོག་ནས་བྱུང་བ་ཞིག་ཡིན་པ་གདོན་མི་ཟ་སྟེ། དེ་ཡང་བདེན་དགེ་མཛེས་གསུམ་ལས་བདེན་པ་ནི་“བྱ་དངོས་གང་རུང་གི་འཕེལ་འགྱུར་དེ་ཀུན་སྤྱོད་དང་མཐུན་པ་ཞིག་ཡིན་དགོས་པ་དང་། མཛེས་པ་ནི་བདེན་པ་དང་དགེ་བ་གཉིས་གཅིག་ཏུ་འགྱུར་བ་ལས་གྲུབ་པ་ཡིན”【76】ཅེས་པ་ལས་ཀྱང་རྟོགས་ནུས། དེ་ཡང་གསལ་བོར་བཤད་ན། “བདེན་པ”ནི་ཕྱི་དངོས་པོའི་འགྱུར་ལྡོག་གི་ཆོས་ཉིད་དང་མཐུན་པའམ། སྤྱི་ཚོགས་ཧྲིལ་པོའི་འཕེལ་རྒྱས་ཀྱི་དགོས་མཁོའི་རྩ་དོན་དང་མཐུན་པ་ཞིག་ལ་བྱ་ཞིང་། རྩོམ་རིག་བརྩམས་ཆོས་ཁྲོད་ཀྱི་བདེན་པ་དེའང་གཅིག་ནས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དམ་རྩ་དོན་དང་མཐུན་པ་གང་ཞིག བརྩམས་ཆོས་གང་དེ་རྩོམ་པ་པོས་འཚོ་བ་ལས་ཐོན་པའི་རྒྱུ་ཆ་དག་ལ་ལས་སྣོན་དང་བསམ་གཞིག་བྱས་པ་ལ་བརྟེན་ནས་གསར་རྩོམ་བྱས་པའི་བྱ་དངོས་ཤིག་ཡིན་ཡང་དེ་འདྲའི་སྣང་ཚུལ་སྤྱི་ཚོགས་འཚོ་བ་དངོས་ལ་སྣང་བ་བཞིན་མི་རྣམས་ལ་བདེན་པའི་བདེན་ཐུབ་ཀྱི་ཚོར་སྣང་སྦྱིན་པ་དང་དངོས་ཡོད་འཚོ་བའི་འགྲོས་དང་མཐུན་པ་ཞིག་ཡིན། ཧྥ་རན་སེའི་དུས་རབས་བཅུ་དགུ་པའི་དངོས་ཡོད་རིང་ལུགས་ཀྱི་དེད་ དཔོན་ཆེན་མོ་པར་ཀྲ་ཁེས།“རྒུད་པར་མི་འགྱུར་བའི་ལེགས་བྱས་འཛམ་གླིང་ན་སྙན་པ་ལྡིར་བ་འདི་འདྲ་ཐོབ་པའི་གདམས་པ་ནི་བདེན་དངོས་ཁོ་ན་ཡིན”【77】ཅེས་དང་དེ་བཞིན་“འཛམ་གླིང་ཧྲིལ་པོར་ངོམ་དུ་རི་བའི་བརྩམས་ཆོས་ཤིག་ལེགས་འགྲུབ་འབྱུང་བའི་གནད་དམ་པ་ནི་བརྩམས་ཆོས་གང་དེའི་བདེན་དངོས་རང་བཞིན་སྟེང་ན་ཡོད”【78】ཅེས་གསུངས་ཤིང་། དེའི་བདེན་དངོས་ཀྱང་སྒྱུ་རྩལ་གྱི་བདེན་དངོས་ལ་གོ་དགོས། སྤྱིར་བཏང་དུ་བཤད་ན། “བདེན་པ་ནི་ཚན་རིག་དང་གཏན་ཚིགས་རིག་པའི་ཆ་ནས་བཞག་པའི་རིན་ཐང་ཞིག་དང་། དགེ་བ་ནི་མི་ཆོས་རིག་པ་དང་དཔལ་འབྱོར་རིག་པའི་ཁྱད་ཁོངས་ནས་བཞག་པའི་རིན་ཐང་ཞིག མཛེས་པ་ནི་སྒྱུ་རྩལ་གྱི་ལྟ་བའི་ཆ་ནས་བཞག་པའི་རིན་ཐང་ཞིག་བཅས་ཡིན”【79】ཅེས་པ་ལྟར། སྒྱུ་རྩལ་གྱི་བདེན་དངོས་རང་བཞིན་ནི་རྩོམ་རིག་གི་མཛེས་རྟོག་རིན་ཐང་གི་གཞི་བཅོལ་ཡུལ་དང་རྐང་འཛུགས་ས་ཉག་གཅིག་ཡིན་ལ། སྒྱུ་རྩལ་ལ་མཛེས་རྟོག་སྟོན་པའི་རྨང་གཞིའང་ཡིན། རྒྱུ་མཚན་ནི། བདེན་པས་ཕྱུག་པའི་བརྩམས་ཆོས་ཀྱིས་ད་གཟོད་ཀློག་མཁན་ལ་ཡིད་ཆེས་ཀྱི་སྣང་བ་སྦྱིན་ཞིང་ངོས་འཛིན་དེ་ལ་བརྟེན་ནས་མཛེས་པ་དང་དགེ་བ་གཅིག་སྡུད་དུ་ཐུབ་ནས་ཀློག་མཁན་གྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་བྱེད་ལ། མི་རྣམས་ཀྱི་ཡིད་སེམས་འགུལ་བར་བྱས་ཏེ་ཁོ་ཚོའི་བསམ་བློར་གོ་བསྐོན་སློབ་གསོ་དང་། བསམ་པའི་བདེ་བ་སྦྱིན་པར་བྱེད་པས་ཡིན། དཔེར་ན་བོད་ཀྱི་འཁྲབ་འཁྲིད་པ་པདྨ་ཚེ་བརྟན་གྱི《ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ》ཞེས་པ་ལེགས་འགྲུབ་འབྱུང་དོན་ཡང་ང་རང་གི་ལྟ་ཚུལ་ལྟར་ན་ཁོའི་གློག་བརྙན་ལ་སྒྱུ་རྩལ་གྱི་བདེན་པས་ཕྱུག་ཡོད་པས་ཡིན་པར་སེམས་ཏེ། གློག་བརྙན་འདིའི་ནང་གི་མི་སྣ་གཙོ་གྲས་གྲ་ཆུང་དེ་རབ་བྱུང་བ་ཞིག་གི་བརྟུལ་ཞུགས་འཛིན་ཡོད་ཀྱང་ཁོས་སྲོལ་རྒྱུན་གྱི་མིག་དབང་ཐོག་ནས་ཁོའི་གྲ་བཅུན་གྱི་ཁྱད་ཆོས་གཙོ་བོར་འཛིན་མེད་པར་ཁོ་ནི་བྱིས་པ་ཞིག་ཡིན་པའི་ངོས་ནས་བྱིས་པའི་ཐུན་མིན་གྱི་ཁྱད་ཆོས་ཏེ་གློག་བརྙན་བལྟ་རྒྱུར་དགའ་བའི་རང་གཤིས་དེ་གཙོར་བཟུང་ནས་བྲིས་ཡོད་པས། དེ་ལ་བདེན་དངོས་ཀྱི་རང་བཞིན་ཆེན་པོ་ཡོད་པ་ཡིན་ལ། དེ་ལ་བརྟེན་ནས་ད་གཟོད་རིག་གནས་དང་ཚན་རིག་གི་ཐོན་དངོས་གསར་བས་སྲོལ་རྒྱུན་གྱི་མིའི་བསམ་བློ་དང་འཚོ་བའི་རྣམ་པར་བརྡབ་གསིག་དང་ཤུགས་རྐྱེན་ཐེབས་བཞིན་པའི་གནས་ཚུལ་ཚུར་སྣང་བྱས་ཡོད་པ་རེད། དགེ་བ་ནི་རང་ངོས་ནས་བཤད་པ་ཡིན་གྱི་དེ་ནི་མི་བུ་སྒེར་གྱི་བྱ་འགུལ་ལམ་བསམ་སྦྱོར་དག་མི་རིགས་ཧྲིལ་པོའམ་ཡང་ན་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱི་ལྟ་བ་དང་མཐུན་མིན་ལ་བལྟོས་ནས་བཤད་པ་ཞིག་རེད་དེ། བོད་ཀྱི་རྩོམ་རིག་བརྩམས་ཆོས་ནང་བཤད་པའི་དགེ་བ་ཞེས་པའང་མདོར་དྲིལ་ན་བྱམས་དང་སྙིང་རྗེའི་མི་ཆོས་ཀྱི་ཚད་གཞི་དང་མཐུན་མིན་ལ་བལྟོས་ནས་བཤད་པ་ཞིག་རེད། དེ་ཡང་ཡིན་ཏེ། ཡུལ་དུས་མི་འདྲ་བའི་དགེ་སྡིག་གི་ཚད་གཞི་དང་མི་ཆོས་ཀྱི་བསམ་བློའི་ཚད་གཞི་དེ་མི་འདྲ་བ་ཡིན་ཏེ། དཔེར་ན་སྤྱི་སྤྱོད་རླངས་འཁོར་ནང་གཞོན་ནུ་ཚོས་རྐུབ་སྟེགས་རྒན་རྒོན་ཚོ་ལ་གནང་བའི་བྱ་སྤྱོད་དེ་བོད་ཀྱི་དགེ་སྡིག་གི་ཚད་གཞི་ལྟར་ན་དགེ་བའི་མཐོང་ཡང་ཨ་རི་སོགས་ཀྱི་ཡུལ་ལུང་མང་པོར་དེ་འདྲ་མ་ཡིན་པར་གཞན་ལ་མཐོང་ཆུང་ལ་བརྩི་བ་ལྟར་རེད། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་དག་ལ་མཚོན་ན། ཁོའི་བརྩམས་ཆོས་མང་པོ་ཞིག་གིས་མི་གཤིས་འདི་བདེན་དགེ་མཛེས་གསུམ་གྱི་ཕྱོགས་སུ་འཕེལ་བར་སྐུལ་སློང་དང་། དངོས་ཡོད་འཚོ་བ་བརྗོད་བྱར་བྱས་ཏེ་འཚོ་བ་དངོས་ཀྱི་རོ་བཅུད་ལྡན་པའི་མི་སེར་དཀྱུས་མའི་དཀའ་སྡུག་གི་འཚོ་བ་དང་། མི་དང་མིའི་བར་གྱི་འགལ་འབྲེལ། དེ་མིན་དངོས་ཡོད་དང་ཕུགས་བསམ་བར་གྱི་གདོང་ཐུག་དང་རིག་གནས་གསར་རྙིང་གཉིས་ཀྱི་བར་གྱི་གདོང་ཐུག་སོགས་བཀོད་པས། རྩོམ་གྱི་ནང་དོན་གྱི་ཆ་ནས་དེར་སྒྱུ་རྩལ་གྱི་བདེན་པས་ཕྱུག་ཡོད་དེ། ཁོའི་བརྩམས་སྒྲུང་མང་དག་ཅིག་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་ཞིབ་འབྲི་དང་། མི་སྣའི་ཐུན་མིན་གྱི་ཁྱད་ཆོས་ལྟར་མི་སྣའི་སྣང་བརྙན་ཞིབ་འབྲི་དང་། མི་སྣ་གཙོ་བོའི་ལས་དབང་ལྟར་བྱུང་རིམ་བྱས་ཡོད་པ་སོགས་བཀོད་ཡོད་པ་མ་ཟད། མི་སྣ་དག་ཀྱང་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་སོ་སོའི་ཁྱད་ཆོས་དང་སྐད་ཆ་ཤོད་སྟངས། མི་སྣ་སོ་སོར་འཚམས་པའི་རང་གཤིས་དང་སེམས་ཁམས་ཀྱི་འཁྱེར་སོ་སོགས་སྤྱི་ཚོགས་འཚོ་བའི་སྣང་ཚུལ་དངོས་ལྟར་ཞིབ་འབྲི་བྱས་ཡོད་པས། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་གཏན་ཚིགས་དང་མཐུན་ཞིང་། སྨྱུག་ཁ་སྤྱི་ཚོགས་འཚོ་བ་དངོས་ལ་ཁ་གཏད་པས་དངོས་ཡོད་འཚོ་བའི་བྲོ་བས་ཕྱུག་པ་གང་ཞིག འཚོ་བ་དངོས་ལས་ཚད་མཐོ་བ་དང་། གཅིག་སྡུད་ཆེ་བ། དཔེ་མཚོན་རང་བཞིན་ལྡན་པས་མི་རྣམས་ལ་བདེན་པ་བདེན་ཐུབ་ཀྱི་ཚོར་སྣང་ཟབ་མོ་ཞིག་སྦྱིན་པར་བྱེད་ལ། མི་གཤིས་འཁྱོག་སྒྱུར་ཐེབས་པ་དག་བདེ་ཐང་གི་མི་གཤིས་དང་མཛེས་སྡུག་གི་མི་གཤིས། དགེ་བས་ཕྱུག་པའི་མི་གཤིས་སོགས་ཀྱི་ཕྱོགས་སུ་འཕེལ་བའི་གནས་ལ་འབད་ཡོད་པ་རེད། དཔེར་ན《ནོར་རྫི་བྱིས་པ》དང《ལོ་ཟླ་ནི་སྡོང་ལོའི་ཐོག་ཏུ་བཀོད་པའི་བརྙན་རིས་བཞིན》ཞེས་པ། 《ཉི་མ་ནུབ་རིར་ཡོལ་དུས》ཞེས་པ་སོགས་ཀྱི་ནང་དུ་མི་གཤིས་ཀྱི་མཛེས་པའི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་པས། དེ་ལས་མི་གཤིས་ཀྱི་དགེ་བའི་ཆ་དང་མཛེས་སྡུག་གི་རང་བཞིན་ཆེས་ཆེར་མངོན་ཡོད། དེས་མ་ཟད་དཔེར་ན《མི་རྒྱ་བྷ་ཁྱི་རྒྱ་བྷ》ཞེས་པ་དང《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པ་སོགས་སུ་མི་གཤིས་ཀྱི་མི་དགེ་བའི་གནད་དུ་མ་བཀོད་ཡོད་ཀྱང་དེ་དག་ཀྱང་རང་རང་སོ་སོ་ནས་མཛེས་རྟོག་གི་ཁྱད་ཆོས་རེ་ཡོད་ལ། སྦགས་བཙོག་གི་བསླད་པའི་མི་གཤིས་བཅོས་སྒྱུར་གྱི་ཐད་ལའང་འབད་ཡོད་པས། མཛེས་རྟོག་དང་དགེ་བའི་ཆ་མི་ཉུང་བ་ཞིག་ཡོད་ལ། མཐར་གཏུགས་ཁོའི་བརྩམས་ཆོས་ཁྲོད་ཀྱི་བདེན་པ་དང་དགེ་བ་དེ་མཛེས་པར་གྱུར་ནས་མཛེས་རྟོག་གི་ཐབས་ལམ་ནས་མི་གཤིས་ཀྱི་མཛེས་པ་ལ་བསྔགས་བརྗོད་བྱས་ཡོད། སྤྱིར“མཛེས་དཔྱོད་ཀྱི་ཕུགས་འདུན་དེ་དཔེ་གཞིའི་མི་སྣའི་ཐོབ་ཐང་གཏན་འཁེལ་དང་། རང་གཤིས་ཁོང་དུ་ཆུད་པ། གཟུགས་བརྙན་ཁྱད་པར་བ་ཞིག་ཆགས་ཤིང་གྲུབ་པ་དང་། དེའི་ནང་ན་འདུས་པའི་ཡིད་ཀྱི་རྣམ་འགྱུར་དང་དཔྱད་འཇོག་དངོས་ཀྱི་ནང་དུ་འོ་ཆུ་འདྲེས་པར་བྱེད་རྒྱུ་དེ་ཡིན། དེ་ནི་ངེས་པར་དུ་ཆུ་ནང་གི་ཚྭ་དང་མེ་ཏོག་ནང་གི་སྦྲང་རྩི་བཞིན་གཟུགས་མེད་ཀྱང་རང་བཞིན་གནས་ཡོད་ལ། རྗེས་མེད་ཀྱང་རོ་གནས་པ་ལྟར་བྱེད་དགོས”【80】ཅེས་པ་བཞིན་བརྩམས་ཆོས་ནང་གི་མཛེས་རྟོག་གམ་མཛེས་དཔྱོད་ཀྱི་ཆ་དེ་བརྩམས་སྒྲུང་ནང་དུ་དངོས་སུ་མ་བསྟན་ཀྱང་མཛེས་པའི་རོ་བཅུད་མྱོང་ཐུབ་པའི་རྣམ་པ་ཞིག་ཡིན་དགོས། དེ་ཡང་ཡིན་ཏེ། མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་ཆུན་པོ་དང་། ཁ་དོག་སྣ་ལྔའི་འཇའ་ཚོན། མཁའ་མཐའ་ན་མེ་སྟག་བཞིན་ལྷམ་མེར་འཚེར་བའི་མཚམས་སྤྲིན་སོགས་ཀྱི་བྱ་དངོས་དག་སྤྱིར་རང་ངོས་སུ་མཛེས་རྟོག་གིས་ཕྱུག་པ་ཞིག་མིན་པར་རང་བྱུང་གི་སྣང་ཚུལ་ཅིག་ཡིན་ཡང་། དེ་དག་ཡུལ་ཅན་མིའི་སྣང་ངོར་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་དོན་ནི་ཡུལ་ཅན་མིས་ཡུལ་དེ་དག་ལ་རང་ཉིད་ཀྱི་བསམ་པའམ་ཕུགས་འདུན་ཞིག་ཕྱོགས་པས་ཡིན་ལ། དེ་ནི་ཡུལ་དེ་དག་གིས་ཡུལ་ཅན་མི་ལ་སྦྱིན་པའི་མཛེས་ཚོར་གྱི་སྣང་བ་ལས་བྱུང་བ་ཡིན། དཔེར་ན་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དུ་མཛེས་རྟོག་གི་ཆ་མི་དམན་པ་ཞིག་མངའ་བ་དེ་ཡང་མདོར་དྲིལ་ན་ བརྩམས་སྒྲུང་ནང་བསྟན་པའི་མི་སྣའི་ལས་དབང་དང་བསམ་སྦྱོར་གང་རུང་ཞིག་ལ་ཀློག་མཁན་རང་ཉིད་ཀྱིས་བློ་ཁ་ཕྱོགས་ཏེ། རང་ཉིད་ལ་མི་སྣའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་དག་ཉམས་སུ་མྱངས་ནས་རང་ཉིད་ལ་བདེ་ཚོར་ཅིག་གམ་རང་གི་་བསམ་པའི་དགོས་མཁོ་ངེས་ཅན་བསྐོང་ནུས་པས་ཡིན་པས། ད་གཟོད་རང་ཉིད་ལ་མཛེས་རྟོག་གི་འདུ་ཤེས་ཤིག་བསྐྱེད་པར་བྱེད་པ་ཡིན། དེ་ཡང་གསལ་བོར་བཤད་ན། རང་རྒྱུད་ལ་མཛེས་རྟོག་གི་འདུ་ཤེས་ཤིག་སྐྱེ་བའི་སྔོན་འགྲོའི་ཆ་རྐྱེན་ནི་བརྩམས་ཆོས་གང་ཡང་རུང་བ་དེར་རང་ཉིད་ཀྱིས་ཉམས་སུ་མྱོང་དགོས་པ་ཡིན་ལ། ཉམས་སུ་མྱངས་རྗེས་བརྩམས་ཆོས་དེ་ལས་རང་རྒྱུད་ལ་ཚོར་བ་དགའ་བའམ་སྐྱིད་སྣང་ཅི་རིགས་སྟེར་ཐུབ་ན། ད་གཟོད་རང་རྒྱུད་ལ་མཛེས་རྟོག་གི་འདུ་ཤེས་ཤིག་སྐྱེ་ངེས་པ་ཡིན། དཔེར་ན་སྟག་འབུམ་རྒྱལ་གྱི《ཉི་མ་ནུབ་རིར་ཡོལ་དུས》ཞེས་པའི་ནང་གནའ་བཤད་ཨ་མ་དང་སྤྲང་པོ་གཉིས་ཀྱིས་འཆི་གསོན་གང་ལ་ཐུག་རུང་སྔར་བཞིན་དམ་བཅའ་བརྟན་པོས་རང་ཉིད་ཀྱི་སྙིང་ཉེ་བའི་མི་དེ་རེ་སྒུག་བྱེད་པའི་ལྷད་མེད་ཀྱི་བརྩེ་དུང་དེ་འདྲ་དོན་གཉེར་བྱེད་པའི་གནས་ཚུལ་དེ་ང་ཚོས་ཉམས་སུ་མྱངས་རྗེས་དེ་ལས་རང་ཉིད་ཀྱི་སེམས་ཀྱི་གཏིང་རིམ་དུ་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་ཞིག་དང་མཛེས་རྟོག་གི་འདུ་ཤེས་ཤིག་སྐྱེ་བཞིན་པ་ལྟར་རོ།།
བདུན་པ། སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་མི་འདང་སའི་གནད།
གཅིག གཏིང་ཟབ་ས་དང་རྒྱ་ཆེ་ས་ནས་མི་སྣའི་གཤིས་ཀ་འབྲི་བ་ཉུང་ཞིང་། གཤིས་ཀ་འབྲི་བ་ཐར་ཐོར་ཡོད་ཀྱང་ཆིག་རྐྱང་ཙམ་ལས་གྱ་ནོམ་ཕུན་ཚོགས་ཀྱི་གཤིས་ཀ་འབྲི་བ་ཉུང་བ།
“རྩོམ་རིག་གི་སྣང་བརྙན་གྱི་ཆ་ནས་བལྟས་ན། རྩོམ་ལུས་མི་འདྲ་བའི་རྩོམ་ཆོས་ལས་མངོན་པའི་སྣང་བརྙན་དག་ནི་ཚབ་མཚོན་རང་བཞིན་ཆེར་མེད་པའམ་ཤུགས་བསྟན་གྱི་མཚོན་བྱ་གཏིང་མི་ཟབ་པར་མི་དང་དེའི་འཚོ་སྡོད། བྱ་དངོས་ཀྱི་གནས་སྟངས་སོགས་མཚོན་པའམ་ཕྱིའི་སྣང་ཚུལ་ཙམ་གྱི་རིམ་པ་ན་ལུས་ཤིང་། ངོ་བོ་དང་རང་བཞིན། ངང་གཤིས་སོགས་རྩ་བའི་ཆ་དེ་མཚོན་ཐུབ་པའི་དོན་སྙིང་གིས་ཕྱུག་པའི་སྣང་བརྙན་ནི་བགྲང་དཀའ་བའི་ཚད་དུ་ཡོད”【81】ཅེས་པ་ལྟར། བོད་ཀྱི་རྩོམ་རིག་བརྩམས་ཆོས་མང་པོ་ཞིག་ལ་ཆ་མཚོན་ན་མི་སྣའི་གཤིས་ཀ་འབྲི་བ་དང་། འཚོ་བའི་བརྙན་རིས་མཚོན་པ་སོགས་ཀྱི་སྣང་ཚུལ་ཡོད་ཀྱང་ཁོ་ཚོས་གཏིང་ཟབ་ས་དང་རྒྱ་ཆེ་ས་ཞིག ཚད་མཐོ་ས་ཞིག་ནས་འཚོ་བའི་ནང་སྙིང་མཚོན་པ་མི་འདང་བར་འཚོ་བའི་སྣང་ཚུལ་ཙམ་དང་ཕྱི་ཤུན་ཙམ་བསྔོག་འདོན་བྱེད་པ་ལས་གྱ་ནོམ་ཕུན་སུམ་ཚོགས་པའི་འཚོ་བ་དང་མི་སྣའི་གཤིས་ཀ་འབྲི་བ་མི་འདང་ལ། གཤིས་ཀ་འབྲི་བ་ཐར་ཐོར་ཡོད་ཀྱང་གཤིས་ཀ་ཆིག་རྐྱང་བ་ཙམ་ལས་ཟབ་རྒྱས་ཕུན་ཚོགས་ཤིག་འབྲི་བཞེངས་བྱེད་པའི་ཐད་ད་དུང་མི་འདང་བར་འདུག སྟག་འབུམ་རྒྱལ་ལ་ཆ་མཚོན་ནས་བཤད་ཀྱང་གཅིག་འདྲ་ཡིན་ཏེ། དཔེར་ན་ཁོའི་སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》ཞེས་པ་ལྟ་བུར་མཚོན་ན། མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེའི་འཚོ་བའི་བརྒྱུད་རིམ་འཐུས་ཚང་ཅན་ཞིག་གཏམ་རྒྱུད་ཀྱི་རྣམ་པར་སྦྱར་ ནས་བྲིས་ཡོད་པ་ཡིན་ཡང་བྱུང་རིམ་གྱི་ཁྲོད་དུ་ཁོའི་གཤིས་ཀའི་ཁྱད་ཆོས་དག་ནུབ་ཡོད་ལ། དེ་མིན《ཁ་བ་མེད་པའི་དགུན་ཁ》ཞེས་པའི་ནང་དུ་མི་སྣ་གཙོ་བོའི་གྲས་ཁྱི་ཕྲུག་ཐར་ནི་སྒྲུང་གི་སྟོད་ཆར་མི་རང་ཚུགས་མེད་པ་དང་། ཁྲེལ་མེད་ལུང་མེད་ཅིག་ཏུ་བྲིས་ཡོད་ཀྱང་སྒྲུང་གི་སྨད་ཆར་ཁོའི་གཤིས་ཀའི་ཁྱད་ཆོས་དེ་བྱུང་རིམ་གྱི་ཁྲོད་དུ་ནུབ་ནས་ཡལ་བར་དོར་ཡོད། དེ་མིན《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་དུ་ཁོས་ཧཱ་པའི་གཤིས་ཀའི་ཁྱད་ཆོས་དེ་འབྲི་བའི་ཕྱོགས་སུ་འབད་པ་ལྷུར་དུ་བླངས་ཡོད་ཀྱང་ཁོའི་གཤིས་ཀ་དེ་ནི་གཤིས་ཀ་ཆིག་རྐྱང་བའི་རྣམ་པ་ཙམ་ལས་གྱ་ནོམ་ཕུན་སུམ་ཚོགས་པ་ཞིག་ཏུ་ཞིབ་འབྲི་ཐུབ་མེད། དེ་ཡང་བོད་ཀྱི་དེང་རབས་བརྩམས་སྒྲུང་ཁྲོད་དུ་མི་སྣའི་གཤིས་ཀ་བྲིས་པ་ལེགས་ལ་གཤིས་ཀ་གྱ་ནོམ་ཕུན་ཚོགས་ཅན་ཞིག་ཡོད་པ་ནི《ར་ལོ》རེད། གལ་ཏེ་ལུའུ་ཞུན་གྱི་ཨ་Qགྱི་སྣང་བརྙན་ལས་རྒྱ་མི་རིགས་ཀྱི་གཤིས་ཀ་གསལ་མཚོན་བྱེད་ནུས་ཞེ་ན། ར་ལོས་བོད་མིའི་སྣང་བརྙན་གསལ་སྟོན་བྱེད་ཐུབ་ཅེས་ཁོ་བོས་སྨྲ་བར་སྤོབས། དེ་མ་གཏོགས་བརྩམས་ཆོས་ཕལ་མོ་ཆེར་མི་སྣའི་གཤིས་ཀ་བྲིསཔ་མི་འདང་ལ། གཤིས་ཀ་བྲིས་པ་ཐར་ཐོར་ཡོད་ཀྱང་དེ་དག་ཀྱང་ཡང་ན་བྱུང་རིམ་གྱི་ཁྲོད་དུ་ནུབ་ནས་མི་སྣང་བར་གྱུར་ལ། ཡང་ན་གཤིས་ཀ་ཆིག་རྐྱང་བའི་རྣམ་པ་མང་བ་རེད། ལེ་སིན་གྱིས།“གཤིས་ཀ་དང་འབྲེལ་བ་མེད་པ་དེ་ཐམས་ཅད་རྩོམ་པ་པོས་ཡལ་བར་བོར་བས་ཆོག རྩོམ་པ་པོ་ཞིག་ལ་མཚོན་ན། གཤིས་ཀ་ཁོ་ན་ནི་བླ་མེད་མཆོག་གྱུར་ཡིན་ལ། གཤིས་ཀར་ཤུགས་སྣོན་མཛད་པ་དང་། མངོན་གསལ་ཅན་གྱི་གཤིས་ཀ་མཚོན་རྒྱུ་ནི་མི་སྣའི་ཁྱད་ཆོས་འཛིན་པའི་གོ་རིམ་ཁྲོད་དུ་རྩོམ་པ་ པོས་ཤུགས་ཆེན་པོས་སྨྱུག་ཁ་ཆེས་ཆེར་བཀོལ་དགོས་པའི་གནས་ཡིན”【82】ཅེས་པ་ལྟར། མི་སྣའི་གཤིས་ཀ་འབྲི་བཞེངས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེ་བ་ཡིན། སྤྱིར་བརྩམས་སྒྲུང་འཕེལ་རིམ་གྱི་ལོ་རྒྱུས་ལ་བལྟས་ན་བྱུང་རིམ་གཙོར་འཛིན་པ་དང་གཤིས་ཀ་གཙོར་འཛིན་པ། སེམས་ཁམས་ཞིབའབྲི་གཙོར་བཟུང་བའི་བརྒྱུད་རིམ་གསུམ་དུ་ཡོད་པར་བཤད་པས། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཕལ་ཆེ་བ་ད་དུང་བྱུང་རིམ་གཙོར་འཛིན་པའི་བརྒྱུད་རིམ་དེའི་ངོས་ན་ཡོད་སྙམ།
གཉིས། བརྩམས་ཆོས་མང་པོར་སྐྱོ་གར་གྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་ཀྱང་སྐྱོ་གར་གྱི་སྙིང་སྟོབས་ཆེས་ཆེར་མེད་པ།
དེ་ཡང“སྒྲུང་གཏམ་ཞིག་ལ་ཆ་མཚོན་ན། མི་སྣ་འབྲི་བཞེངས་བྱེད་པ་ལ་རིགས་གཉིས་ཡོད་དེ། གཅིག་ནི་མི་སྣའི་རང་གཤིས་སྒྲུབ་བཞེངས་བྱེད་པ་དང་། ཅིག་ཤོས་ནི་མི་སྣའི་ལས་དབང་བཀོད་སྒྲིག་བྱེད་པ་དེ་ཡིན”【83】ཅེས་པ་ལྟར། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ལའང་གོང་གི་མི་སྣ་སྒྲུབ་བཞེངས་བྱེད་པའི་རིགས་གཉིས་ཀ་ཡོད་པ་རེད། ཁོའི་མི་སྣའི་ལས་དབང་གི་གཏམ་རྒྱུད་བརྗོད་པ་གཙོར་བཟུང་བའི་བརྩམས་སྒྲུང་མང་པོ་ཞིག་གི་ནང་དུ་མི་སྣའི་སྐྱོ་གར་གྱི་གནས་དུ་མ་འགྲེམས་སྟོན་བྱས་ཡོད་པ་དཔེར་ན《རྒུད》དང《སྡུག་གི་ལོ་མ་ཆང་གིས་བངས་པ་མིན》《ཉི་མ་ནུབ་རིར་ཡོལ་དུས》《ལྷིང་འཇགས་ཀྱི་རྩྭ་ཐང》ལ་སོགས་པའི་བརྩམས་ཆོས་མང་པོ་ཞིག་གི་ནང་དུ་སྐྱོ་གར་གྱི་གནས་དུ་མ་བྲིས་ཡོད་པ་རེད། འོན་ཀྱང་། བརྩམས་ཆོས་མང་པོ་ཞིག་གི་ནང་དུ་རྩོམ་པ་པོས་སྐྱོ་གར་གྱི་གནས་མང་པོ་ཞིག་འགྲེམས་སྟོན་བྱས་པ་ཙམ་ལས་སྐྱོ་གར་གྱི་སྙིང་སྟོབས《悲剧精神》བྲིས་པ་ཉུང་བས། རྩོམ་གྱི་མཛེས་རྟོག་གི་མཁའ་དབུགས་ཇེ་ཆུང་དུ་བཏང་ཡོད། མི་སྣ་དེ་དག་ཕལ་ཆེ་བ་གཞན་བསྟུན་གྱི་བསམ་བློ་ཤུགས་ཆེའམ་ཡང་ན་མི་བུ་རང་ཉིད་ཀྱི་ཁེ་དབང་ལ་བརྩོན་ལེན་བྱས་ནས་རྒོག་འགོལ་བྱེད་པའི་སྙིང་སྟོབས་མེད་པ་རེད། དེ་ཡང་རེད་དེ།“ཚད་མཐོ་ས་ཞིག་ནས་བལྟས་ན། མིའི་རིགས་སམ་མི་རིགས་ཀྱི་མིག་མདུན་དུ་གདམ་ཆོག་པའི་ལམ་བུ་གཉིས་ཁོ་ན་ལས་མེད་དེ། གཅིག་ནི་རང་གི་དངོས་ཡོད་འཚོ་སྡོད་ཀྱི་ངོ་བོར་གྲུབ་པའི་མི་ཚེའི་སྐྱོ་གར་ལ་གཡོལ་ཞིང་རྒྱབ་ཀྱིས་ཕྱོགས་ཏེ་ཆོས་ལུགས་གང་རུང་ལ་སྐྱབས་བཅོལ་ཞིང་ཚེ་ཕྱི་མ་བདེ་བར་རེ་སྙེགས་བྱེད་པ་དང་། གཅིག་ནི་སྒྱུ་རྩལ་དང་མཚན་ཉིད་རིག་པའི་འཚོལ་སྙེག་ལ་བརྟེན་ནས་འཚོ་སྡོད་ཀྱི་ངོ་བོར་ངེས་རྟོགས་གཏིང་ཟབ་བྱེད་པ་དང་། བློ་གཤོག་ཆེན་པོས་མི་ཚེ་དང་ཚེ་སྲོག་གི་དོན་སྙིང་བརྩོན་ལེན་བྱེད་པ་ཡིན”【84】ཅེས་པ་ལྟར་ཡིན་ཞིང་། དེའི་ཁྲོད་ནས་རྗེས་མ་དེར་སྐྱོ་གར་གྱི་སྙིང་སྟོབས་ལྡན་ཞིང་མཛེས་རྟོག་གི་ཁྱད་ཆོས་ཆེན་པོ་ལྡན་ཡོད་ལ། སྔ་མ་དེར་སྐྱོ་གར་གྱི་སྙིང་སྟོབས་མེད་པར་ཐམས་ཅད་གཞན་བསྟུན་ཏེ་ལས་དབང་ངམ་གཞན་གྱི་གང་ཟེར་ལ་མགོ་སྒུར་བ་ལས། རང་ཉིད་ཀྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཁ་ལོ་བསྒྱུར་དགོས་པའི་གཏན་ཚིགས་ཤིག་ཤེས་ཀྱིན་མེད་པ་རེད།
གསུམ། མི་སྣའི་བར་རྣོ་ངར་ཅན་གྱི་འགལ་བ་ལྟག་སྤྲོད་དུ་བཀོད་པ་ཉུང་བ།
“སྒྲུང་གཏམ་འབྲི་སྐབས་རྩོམ་པ་པོ་ལ་འབྲི་ཐབས་མི་འདྲ་བ་རེ་ཡོད་མོད། འོན་ཀྱང་འགལ་ཟླ་འདོན་རྒྱུ་དེ་སྒྲུང་གཏམ་གྱི་མཚོན་ཐབས་གཙོ་བོ་ཞིག་གམ་མེད་དུ་མི་རུང་བ་ཞིག་ཡིན”【85】ཅེས་གསུངས་པ་ལྟར། སྒྲུང་གཏམ་ནང་འགལ་ཟླ་ཞིབ་འབྲི་བྱེད་རྒྱུ་ནི་གལ་འགངས་ཆེ་བ་ཞིག་ཡིན་ཏེ། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དུའང་མི་སྣའི་བར་གྱི་འགལ་བ་ཞིབ་འབྲི་བྱས་ཡོད་པ་དཔེར་ན་མི་གཤིས་དང་ཚུལ་འཆོས་མི་གཤིས་བར་གྱི་འགལ་བ་དང་། དངོས་ཡོད་དང་ཕུགས་བསམ་བར་གྱི་འགལ་བ། སྡེ་དཔོན་དང་མང་ཚོགས་བར་གྱི་འགལ་བ། མི་ཆོས་ཀུན་སྤྱོད་དང་ལོ་རྒྱུས་འཕེལ་རྒྱས་བར་གྱི་འགལ་བ། མི་བུའི་ཁེ་དབང་དང་སྲོལ་རྒྱུན་གོམས་སྲོལ་ངན་པའི་བར་གྱི་འགལ་བ། རྒྱུ་ནོར་དང་ཁེ་དབང་གི་སླད་དུ་ཕུ་ནུ་ཕན་ཚུན་བར་ནང་དམེའི་ལས་ལ་འཇུག་པའི་སྤྱི་ཚོགས་ཀྱི་འགལ་བ། མི་བུའི་ནང་སེམས་ཀྱི་འགལ་བ། དུས་སྐབས་གསར་རྙིང་བར་གྱི་མི་སྣའི་འགལ་བ་སོགས་འགལ་བའི་གནས་དུ་མ་ཡོད་པ་ཁོའི་བརྩམས་སྒྲུང་དག་ལས་ཤེས་ཐུབ། འོན་ཀྱང་ཁོའི་བརྩམས་སྒྲུང་ནང་འགལ་བའི་གནས་ཞིབ་འབྲི་བྱས་ཡོད་ཀྱང་འགལ་བ་དག་ལ་རྣོ་ངར་གྱི་རང་བཞིན་ཆེན་པོ་ལྡན་མེད་ལ། འགལ་བ་ལྟག་སྤྲོད་དུ་བཀོད་པ་ཉུང་བས། འགལ་བ་དེ་གཏིང་ཟབ་ས་དང་ཚད་མཐོ་ས་ཞིག་ནས་ཞིབ་འབྲི་བྱས་པ་མི་འདང་ལ། འགལ་བ་ཡོད་ཀྱང་དེའི་ནང་སྙིང་སྔོག་འདོན་བྱ་ཐུབ་མེད་པར། ཕྱིའི་སྣང་ཚུལ་ཙམ་ཞིག་ཚུར་སྣང་བྱས་པ་ཙམ་མོ། དཔེར་ན《ཉིན་གཅིག་གི་ཆོ་འཕྲུལ》ནང་དུ་གཡང་འབུམ་གྱི་མི་ཚེ་ གཅིག་གི་ལོ་རྒྱུས་དེ་ཉིན་གཅིག་གི་དུས་ཚོད་ནང་བསྡུས་ནས་རང་མི་རིགས་ཀྱི་འཕེལ་རྒྱས་མེད་པའི་བསྐྱར་ཟློས་ཀྱི་རྣམ་པ་དེ་ཞིབ་འབྲི་བྱས་པས།དེའི་བར་ན་འགལ་བ་ཞིག་ཡོད་ཀྱང་རྩོམ་པ་པོས་ཕྱི་ངོས་ཀྱི་སྣང་ཚུལ་ལས་བརྒལ་ཏེ་རྒྱ་ཆེ་ས་ ཞིག་ནས་དེ་འདྲའི་སྣང་ཚུལ་ཐོན་པའི་སྤྱི་ཚོགས་སམ་མི་བུ་སྒེར་གྱི་རྒྱུ་རྐྱེན་གང་ཡིན་ལ་གསལ་བཤད་བྱ་རྒྱུ་མི་འདང་། 《ཧཱ་པ་གསོས་པའི་ཟིན་བྲིས》ཞེས་པའི་ནང་ངོ་དགའ་སྤྲེལ་ལད་ལ་བློ་ཁ་ཕྱོགས་ཤིང་དྲིན་ཆེན་དྲིན་ལ་མི་སེམས་པའི་མི་སྣའི་མཚོན་བྱེད་ཧཱ་པ་དང་བདག་པོ་ལ་སྙིང་ཉེ་གཞུང་དྲང་ཅན་གྱི་འབྲོག་ཁྱི་གཉིས་ཀྱི་བར་ལ་འགལ་བ་ཞིག་ཡོད་དེ། བློ་དཀར་གཞུང་དྲང་གི་མི་སྣའི་མཚོན་བྱེད་འབྲོག་ཁྱི་དེ་མཐར་བདག་པོའི་ལེ་འདའ་ཁོ་ན་བྱེད་ཡུལ་དུ་གྱུར་བ་མ་ཟད། ཐ་ན་ཧཱ་པ་ལྟ་བུའི་ཐ་ཤལ་མི་སྣ་དག་གི་བཟའ་བྱའི་ཡུལ་དུ་གྱུར་བ་དང་། ཧཱ་པ་ལྟ་བུའི་མི་སྣ་དག་ལ་བདག་པོའི་བསྟོད་པ་དང་བྱམས་པ་བྱེད་ཡུལ་དུ་གྱུར་ལ། ཁོའི་རང་དོན་ཀྱང་དོན་ཐོག་ཏུ་འཁྱོལ་བཞིན་ཡོད་པ་རེད། དེ་གཉིས་པོའི་བར་ན་འགལ་བ་ཞིག་ཡོད་ཀྱང་རྩོམ་པ་པོས་འགལ་བ་དེ་རྩོམ་ནང་ཞིབ་འབྲི་ཅུང་ཟད་བྱས་པ་ཙམ་ལས། དེ་འདྲའི་སྣང་ཚུལ་ ཐོན་པའི་རྒྱུ་རྐྱེན་ལ་གསལ་བཤད་བྱ་རྒྱུ་མི་འདང་། སྒྲུང་རིང《ལྷིང་འཇགས་ཀྱི་རྩྭ་ཐང》གི་ནང་དུ་མི་སྣ་གཙོ་བོ་དབང་ལྡན་རྡོ་རྗེ་དང་སྒྲོལ་མ་དཀར་མོ་གཉིས་ཀྱི་བར་དུ་བརྩེ་དུང་ཞོ་ལྟར་ཆགས་ཀྱང་མཐར་མཉམ་འདུག་མཉམ་གཤིབ་བྱེད་མི་ཐུབ་པའི་སྐྱོ་གར་གྱི་གནས་ཚུལ་ཞིག་བྲིས་ནས། ཁོ་གཉིས་བར་གྱི་བརྩེ་དུང་གི་འགལ་བ་ཞིག་ཆགས་ཡོད་ཀྱང་རྩོམ་པ་པོས་ཁོ་གཉིས་ལྷན་དུ་འདུག་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་སྟེ་ཕན་ཚུན་བར་སྙིང་གཏམ་ལྷུག་པོ་ཞིག་བྱེད་མ་ཐུབ་པས་ལན་པ་བསྟན་ཡང་རྒྱུ་རྐྱེན་དེ་རྩོམ་པ་པོས་གཏིང་ཟབ་ས་ཞིག་ནས་འབྲི་ཐུབ་མེད་ལ། དེའི་ཐད་ལ་གསལ་བཤད་བྱ་རྒྱུ་མི་འདང་། དེ་མིན་སྒྲུང་འབྲིང《སྐྱབས་ལོ་དང་ཁོའི་རལ་བ》ཞེས་པའི་ནང་དུ། སྐྱབས་ལོའི་རལ་བ་དེ་སྐུད་སྣེར་བཟུང་ནས་རལ་བ་དེས་ཁོ་ལ་སྦྱིན་པའི་འགལ་བ་ཞིག་ཞིབ་འབྲི་བྱས་ཡོད་དེ། སྒྲུང་གི་སྟོད་ཆར་ཁོ་ལ་རལ་བ་ཞིག་ཡོད་པ་ལ་བརྟེན་ནས་ཁོ་གློག་བརྙན་འཁྲབ་སྟོན་པར་གྱུར་བ་དང་། ཁོ་རྫོང་རིག་རྩལ་ཁང་དུ་ཡར་འཐེན་བྱས་ནས་ཁོ་ནོར་རྫི་བྱིས་པ་ཞིག་ནས་རྫོང་རིག་རྩལ་ཁང་གི་ལས་བྱེད་མི་སྣ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། སྒྲུང་གི་སྨད་ཆར་ཡང་རལ་བ་དེས་རྐྱེན་པས་ཁོའི་ལས་བྱེད་པའི་སྣང་བརྙན(形象)གྱི་གནོད་བྱེད་དུ་གྱུར་བས། ཁོས་མཐར་རང་ཉིད་ཀྱི་ལོ་མང་ཉར་ཚགས་བྱས་པའི་རལ་བ་དེ་མ་འདོད་བཞིན་བྲེག་དགོས་བྱུང་བ་རེད། རྩོམ་པ་པོས་དེ་ལྟ་བུའི་རལ་བ་དང་སྐྱབས་ལོའི་བར་གྱི་འགལ་འབྲེལ་ཞིག་ཞིབ་བརྗོད་བྱས་ཡོད་ཀྱང་འགལ་བ་དེའི་འབྱུང་རྐྱེན་ལ་གསལ་བཤད་བྱ་རྒྱུ་མི་འདང་།
བཞི། བྱུང་རིམ་ལ་གཏམ་རྒྱུད་ཀྱི་ཤས་ཅུང་ཆེ་བས་མི་སྣའི་སྣང་བརྙན་དག་བྱུང་རིམ་གྱི་ཁྲོད་དུ་ཡལ་བར་དོར་བ།
དེ་ཡང“བརྩམས་སྒྲུང་ནི་དོན་བརྗོད་རང་བཞིན་ཅན་གྱི་རྩོམ་ལུས་ཀྱི་ཁོངས་སུ་གཏོགས་པས། སྤྱིར་ན་བརྩམས་སྒྲུང་གི་ཁྲོད་དུ་དོན་དག་བྱུང་བའི་རིམ་པ་རིམ་གྱིས་སྟོན་པའི་གཏམ་རྒྱུད་ཀྱི་ངང་ཚུལ་ནི་མ་གཞི་ནས་ཡོད་པ་ཞིག་ཡིན། བརྩམས་སྒྲུང་གི་གྲུབ་ཆ་གསུམ་པོའི་ནང་དུ་བྱུང་རིམ་ཞེས་འབྱུང་ཡང་། བྱུང་རིམ་གྱི་ཐོག་མའི་རྣམ་པ་ནི་གཏམ་རྒྱུད་ཡིན། ཞིན་ཀུ་དང་། ཧྥུའུ་སི་ཐི་དང་། མའོ་་དང་རྩོམ་པ་པོ་མང་པོ་ཞིག་གིས་བརྩམས་སྒྲུང་ནི་གཏམ་རྒྱུད་བཤད་པའོ་ཞེས་པར་སྙམ་ཡོད། ཞིན་ཀུ་ཡིས། གཏམ་རྒྱུད་བཤད་པ་བརྩམས་སྒྲུང་ནས་དོར་ཚེ། རྩོམ་རིག་གི་ཡོད་ཚད་ཚར་སོང་ཟེར། དེ་བས་བོད་ཀྱི་བརྩམས་སྒྲུང་གསར་བ་ལ་གཏམ་རྒྱུད་ཀྱི་ཤེས་ཆེ་བ་ནི་ནོར་འཁྲུལ་ཞིག་མ་ཡིན་པར། བརྩམས་སྒྲུང་འཕེལ་རིམ་ཁྲོད་ཀྱི་གཡོལ་དཀའ་བའི་ཀྱག་ཀྱོག་གི་ལམ་བུ་ཞིག་རེད”【86】ཅེས་སྤྱིར་གཏམ་རྒྱུད་ནི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་ཐོག་མའི་རྣམ་པ་ཞིག་དང་། ཡང་གཅིག་བཤད་ན། བརྩམས་སྒྲུང་ཞིག་ལ་ཆ་མཚོན་ནས་བཤད་ན། དེའི་ནང་གཏམ་རྒྱུད་བརྗོད་པ་ལྷུར་ལེན་དགོས་པ་ཡིན་ཡང་གལ་ཏེ་གཏམ་རྒྱུད་ཀྱི་ཤས་ཆེ་ན་དེ་ནི་ཅུང་ཟད་མི་བཟང་བར་མཐོང་སྟེ། མ་གཞི་ནས“གཏམ་རྒྱུད་ནི་རྒྱལ་བོ་གཤེགས་སོང་། དེ་ནས་བཙུན་མོ་ཡང་གཤེགས་སོང”ཞེས་པའི་རྣམ་པ་ཡིན་ལ། བྱུང་རིམ་ནི་རྒྱུ་འབྲས་གཏན་ཚིགས་ཀྱི་འབྲེལ་བ་གྲུབ་པ་ཞིག་ཡིན་ཏེ། དེ་ནི“རྒྱལ་པོ་གཤེགས་སོང་། དེ་ནས་བཙུན་མོ་ཡང་སེམས་སྡུག་གིས་གཤེགས་སོང”ཞེས་པ་ལྟ་བུའོ། བརྩམས་སྒྲུང་ཞིག་ལ་མཚོན་ན་སྔ་མ་ནི་སྐྱོན་དུ་ངེས་ཤིང་། ཕྱི་མ་ནི་བྱུང་རིམ་ལ་ངེས་པར་ལྡན་དགོས་པ་ཞིག་ཡིན། སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་ཁྲོད་དུ་སྤྱིར་བཏང་དུ་གཏམ་རྒྱུད་བཀོད་པ་མང་ཡང་བྱུང་རིམ་དག་རྒྱུ་འབྲས་གཏན་ཚིགས་ཅན་ཞིག་ཏུ་སྣང་མོད། བྱུང་རིམ་དེ་མི་སྣའི་ལས་དབང་དང་མི་སྣའི་སྣང་བརྙན་ཞིབ་བརྗོད་བྱེད་པའི་ཁོགས་སུ་འཐིམས་ནས་མི་སྣའི་སྣང་བརྙན་དག་མངོན་གསལ་འབུར་ཐོན་ཅན་ཞིག་ཏུ་གསལ་སྟོན་བྱས་པ་ཉུང་བས། དེས་ཀློག་མཁན་ལ་བག་ཆགས་གཏིང་ཟབ་ཅིག་འཇོག་ཐུབ་རྒྱུར་བཀག་འགོག་བྱེད་ཀྱི་ཡོད། དཔེར་ན《ལྷིང་འཇགས་ཀྱི་རྩྭ་ཐང》ནང་དུ་དབང་ལྡན་རྡོ་རྗེའི་རང་གཤིས་དེ་བྱུང་རིམ་གྱི་ཁྲོད་དུ་ཡལ་བར་དོར་ནས་ཁ་གསལ་ངང་ཞིབ་འབྲི་བྱ་ཐུབ་མེད། དེ་མིན《ཁ་བ་མེད་པའི་དགུན་ཁ》ཞེས་པའི་ནང་གི་མི་སྣ་ཁྱི་ཕྲུག་ཐར་གྱི་སྣང་བརྙན་ཡང་བྱུང་རིམ་གྱི་ཁྲོད་དུ་ཡལ་བར་དོར་ཡོད། དེ་ནི་རྩོམ་པ་པོས་མི་སྣའི་འབྲི་བཞེངས་བྱེད་པའི་གོ་རིམ་ཁྲོད་གཏམ་རྒྱུད་བརྗོད་པ་དང་དོན་བརྗོད་བྱ་རྒྱུ་གཙོར་བཟུང་ནས་མི་སྣ་ལ་ཐེ་གཏོགས་དང་ཚོད་འཛིན་བྱ་རྒྱུ་མང་བའི་རྐྱེན་གྱིས་ཡིན་ཤས་ཆེ། དེ་མིན་རྩོམ་པ་པོས་སྣ་གཅིག་གི་ཐབས་ལམ་ནས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་པ་ལས་མི་སྣའི་སྐད་ཆ་དང་། ཕྱིའི་རྣམ་པ། སེམས་ཁམས། བྱ་བྱེད་སོགས་ཀྱི་སྣ་མང་གི་ཐབས་ལ་བརྟེན་ནས་མི་སྣ་འབྲི་བཞེངས་བྱེད་རྒྱུ་མི་འདང་བའང་ཡིན་ཤས་ཆེ་ལ། མི་སྣའི་སྣང་བརྙན་ཕྱོགས་གཅིག་ནས་མ་གཏོགས་ཕྱོགས་གཞན་པ་ནས་སྤྱི་ལྕོགས་ཀྱི་ཚུལ་དུ་ཞིབ་འབྲི་བྱས་མེད་པ་དང་། ཕྱོགས་གཅིག་གི་མཐོང་སྣེ་སྤྱད་ནས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱས་པ་དེ་ཡང་གཏིང་ཟབ་པོ་མ་ཡིན་པར་མི་སྣ་ངོ་སྤྲོད་ཙམ་དུ་ཟད་པའི་རྐྱེན་གྱིས་ཡིན་ཡང་སྲིད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།