-
སྙན་ངག་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས་ནི༡༩༨༥ལོའི་ཟླ༥བར་པེ་ཅིན་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དཔྱད་གླེང་ཚོགས་འདུ་ཞིག་བསྡུས་པ་དང་།ཚོགས་འདུའི་སྟེང་མི་རིགས་སོ་སོའི་མཐུས་མི་ཡིས་རང་གི་མི་རིགས་ཀྱི་རྩོམ་རིག་གནས་བབ་དང་མ་འོངས་པའི་དམིགས་འབེན་སོགས་ངོ་སྤྲོད་བྱས།དུས་དེར་མཚོན་ན་སོག་རིགས་དང་ཁྲོའོ་ཞན་རིགས་སོགས་མི་རིགས་གཞན་གྱི་རྩོམ་རིག་ནི་བོད་རིགས་ལས་འཕེལ་རྒྱས་ཅུང་ཆེ།སྐུ་ཞབས་ཡི་དམ་ཚེ་རིང་གིས་ཀྱང་བོད་ཀྱི་རྩོམ་རིག་གིས་ངེས་པར་དུ་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་མགྱོགས་སུ་གཏོང་དགོས་པའི་རེ་སྨོན་བཏོན་ཞིང་འབོད་སྐུལ་བསྒྲགས་ལ།དོན་དམ་དུ་སྐབས་དེའི་བོད་ཀྱི་རྩོམ་རིག་གསར་རྩོམ་དེ་མི་རིགས་གཞན་ལས་ཅུང་ཞན་པ་ལྟར་སྣང་ཡང་སྔོན་བྱོན་མཁས་དབང་དག་གི་རྩོམ་རིག་བརྩམས་ཆོས་ནི་གཞན་ལས་མི་དམན་པའི་ལྟ་ཚུལ་བཏོན།དེར་མ་ཟད་བོད་ཀྱི་རྩོམ་རིག་གསར་བ་དེ་གཉིད་ལས་སད་པའི་སེང་གེ་བཞིན་དུ་མ་འོངས་པར་འཕེལ་རྒྱས་སུ་འགྲོ་ངེས་པའི་མདུན་ལམ་མཐོང་ཞིང་གྲུབ་འབྲས་ལེགས་པོ་ཐོན་ངེས་པའི་སྡོམ་ཚིག་བཀོད།...
2023-06-07 08:46:58 དཔའ་རྩེ། 14008 -
བརྩམས་སྒྲུང་ངམ་སྒྲུང་གཏམ་ནི་མིའི་རང་དོན་བརྗོད་པའི་ཤེས་རིག་གི་གྲུབ་མཐའ་གཙོ་བོ་ཞིག་ཏུ་གྱུར་བའི་དེང་གི་དུས་ལ།གསར་རྩོམ་ལ་སྟ་གོན་བྱེད་པའི་མི་ཚོར་གཞེན་སྐུལ་གྱི་ཚུལ་དུ་འདོམས་རྒྱུ་ནི་མི་ནི་ནམ་ཡང་སྤྱི་ཚོགས་དང་རིག་གནས་ཀྱི་བདག་པོ་གཅིག་པུ་ཡིན་ལ་རྩོམ་རིག་གིས་འགྲོ་བ་མིའི་དགའ་སྐྱོ་ཆགས་སྡང་དང་བཅས་པའི་མི་ཚེའི་ཐུན་མིན་གྱི་མྱོང་བ་དང་།དེ་ལས་ཐོབ་པའི་མི་གཤིས་ཀྱི་བདེན་པ་སྙེག་པའི་གོ་རིམ་དང་བློ་སྤོབས།ཚེ་སྲོག་གི་རྒྱུ་བ་དང་འདྲེས་པའི་མཛེས་དཔྱོད་ཀྱི་ཉམས་ལེན་སོགས་སྒྱུ་རྩལ་དང་རྟོག་བཟོའི་ཐབས་ལམ་གང་རུང་ལ་བརྟེན་ནས་གསར་རྩོམ་གནང་བ་ཡིན་པས་དེ་དོན་ངེས་རྒྱུ་གལ་ཆེན་དུ་མཐོང་ངོ་།།...
2023-04-14 15:52:21 སྐྱ་ཙ་ཡོན་ཏན། 15031 -
[རྩོམ་རིག་དཔྱད་བརྗོད།]
ནའེ་ཏཱའི་ལོ་ཙཱའི་ལྟ་དགོངས་ངོས་ནས«སྲིད་པའི་སྐྱེ་བ་དཔའ་བའི་རྟགས་མཚན་ཡིན»ཞེས་པའི་བོད་འགྱུར་གྱི་ཁྱད་ཆོས་འགའ་གླེང་བ།
“ལོ་ཙཱ་ནི་འབྲེལ་འདྲིས་ཀྱི་གོ་རིམ་ཞིག་ཡིན་པ་དང་།འགྱུར་ཡིག་ཀློག་པ་པོ་དང་མ་ཡིག་ཀློག་པ་པོ་གཉིས་ཀྱིས་བསྡུ་ལེན་བྱས་པའི་ཆ་འཕྲིན་གཅིག་འདྲ་ཡིན་མིན་གྱི་ངོས་ནས།‘བྱེད་ནུས་དོ་མཉམ་སྨྲ་བ’ཞེས་པའི་ཐ་སྙད་འདི་གསར་དུ་བཏོན་ཏེ་བསྟན་དོན་གཅིག་མཚུངས་ཀྱི་སླད་དུ་རྩོམ་གྱི་རྣམ་པ་འགྱུར་ཆོག་པར་མ་ཟད།སྒྱུར་པ་པོས་བཅོས་འབྲི་དང་འགྲེལ་བཤད།མཆན་འདེབས་སོགས་ཀྱི་ཐབས་བཀོལ་ནས་བྱེད་ནུས་དོ་མཉམ་ཡོང་དགོས་པའི་ལྟ་ཚུལ་བཏོན་པ་ལྟར།”①གཤམ་ནས་ལོ་ཙཱའི་ལྟ་དགོངས་དེའི་ངོས་ཐད་ནས་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱིས་བསྒྱུར་པའི«སྲིད་པའི་སྐྱེ་བ་དཔའ་བའི་རྟགས་མཚན་ཡིན»②ཞེས་པའི་བོད་འགྱུར་ལ་རྒྱུས་མངའ་ཅུང་ཙམ་བླངས་ན་འདི་ལྟར་ལགས།...
2023-04-07 09:19:20 བཀྲ་ཤིས་བཟང་མོ། 15080 -
བོད་ཀྱི་དེང་རབས་རྩོམ་རིག་ནི་གཙོ་བོ་བཅོས་བསྒྱུར་སྒོ་འབྱེད་བྱས་པའི་རྗེས་སུ་བྱུང་བ་དང་།དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་རྩོམ་རིག་གི་དུས་དེབ་མང་པོ་སྔ་ཕྱིར་གསར་དུ་བཏོན་པས།བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ལ་སྔོན་མེད་ཀྱི་ཞིང་ས་གཤིན་པོ་ཞིག་བསྐྲུན།བོད་ཀྱི་དེང་རབས་རྩོམ་རིག་དེའང་རྩོམ་ལུས་ཀྱི་ཆ་ནས་འཛམ་གླིང་སྤྱིའི་རྩོམ་རིག་གི་དབྱེ་བསྡུ་དང་བསྟུན་ནས་སྒྲུང་གཏམ་དང་སྙན་ངག།ལྷུག་རྩོམ།ཟློས་གར་བཞི་རུ་དབྱེ་བ་དང་།བཅོས་བསྒྱུར་སྒོ་འབྱེད་བྱས་པའི་མི་ལོ་བཞི་བཅུའི་རིང་ལ་ལྷུག་རྩོམ་གྱི་བརྩམས་ཆོས་འབོར་ཆེན་ཞིག་བྱུང་ཡོད་ན་ཡང་།བོད་ཀྱི་དེང་རབས་ལྷུག་རྩོམ་གྱི་སྤྱིའི་གནས་བབས་དང་འཕེལ་འགྱུར།ཁྱད་ཆོས་སོགས་ལ་གདེང་འཇོག་དང་དབྱེ་ཞིབ་མཛད་པའི་དཔྱད་རྩོམ་ཅུང་དཀོན་པས།འདིར་མི་ལོ་བཞི་བཅུ་ལྷག་གི་བོད་ཀྱི་དེང་རབས་ལྷུག་རྩོམ་གྱི་བརྩམས་ཆོས་གཞིར་བཟུང་བ་དང་།མི་རིགས་གཞན་གྱི་རྩོམ་རིག་གི་གཞུང་ལུགས་ལ་ཁུངས་བཅོལ་ཞིང་།མིང་ཁུངས་རིག་པ་དང་ཕྱོགས་བསྡུས་གཤིབ་བསྡུར་གྱི་ཐབས་ལམ་ལ་བརྟེན་ནས།གནའ་དུས་སུ་བོད་ལ་ལྷུག་རྩོམ་ཞེས་པའི་ཐ་སྙད་འདི་མེད་པར་ལྷུག་རྩོམ་ལ་ལྷུག་པ་ཞེས་འབོད་པ་དང་།ཐ་སྙད་འདི་ནི་བོད་ཀྱི་གནའ་རབས་རྩོམ་རིག་ཁྲོད་ཀྱི་ལྷུག་པ་ཡི་ལྷུག་དང་རྩོམ་ཡིག་གི་རྩོམ་གཉིས་གཞི་གཅིག་ཏུ་སྦྱར་ནས་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་གསར་དུ་བྱུང་ཞིང་།བོད་ཀྱི་དེང་རབས་ལྷུག་རྩོམ་དེ་ནི།སྒྱུ་རྩལ་ལྷུག་རྩོམ་དང་སྤྱིར་བཏང་གི་ལྷུག་རྩོམ་སྟེ་རིགས་ཆེན་པོ་གཉིས་སུ་གྱེས་ཡོད་པར་འདོད་པ་དང་།སྒྱུ་རྩལ་ལྷུག་རྩོམ་གྱི་བརྗོད་བྱའི་ཁྱད་ཆོས་ནི་དོན་བརྗོད་ཀྱི་ཞིབ་ཆ་དང་རིག་གནས་ཀྱི་བྲོ་བ།གནས་ལུགས་ཀྱི་བརྗིད་ཤུགས་དང་བརྩེ་སེམས་ཀྱི་འགྱུ་བ།རང་བྱུང་གི་འབོད་པ་སོགས་ལ་བསྡུས་ཤིང་།དེའི་རྗོད་བྱེད་ཚིག་གི་ཁྱད་ཆོས་ནི་བབ་ཆགས་ཀྱི་མཛེས་པ་དང་སྙན་ངག་གི་ཉམས་འགྱུར།ཚིག་སྦྱོར་གྱི་བརྗིད་ཁོག་སོགས་ལ་བསྡུས་ཏེ་བསྟན་ཅིང་།སྤྱིར་བཏང་གི་ལྷུག་རྩོམ་གྱི་བརྗོད་བྱའི་ཁྱད་ཆོས་ནི་ཆབ་སྲིད་དང་འབྲེལ་བའི་ལྷུག་རྩོམ་དང་།ཆབ་སྲིད་དང་མ་འབྲེལ་བའི་ལྷུག་རྩོམ་གཉིས་ལ་བསྡུས་ཤིང་།དེ་ལ་ཚིག་སྦྱོར་གྱི་ཐད་ནས་རྣམ་པ་ཐོ་འགོད་དང་གཟབ་ནན་ཞིབ་བརྗོད་ཀྱི་ཁྱད་ཆོས་ལྡན་པར་བརྗོད་པ་མ་ཟད།རྩོམ་རིག་གིས་མི་དང་སྤྱི་ཚོགས་ལ་དམིགས་དགོས་པས།བོད་ཀྱི་རྩོམ་པ་པོ་རྣམས་ལ་འགན་འཁྲི་ཡི་འདུ་ཤེས་དང་ཞབས་ཞུ་ཡི་འདུ་ཤེས་ལྡན་དགོས་པའི་རེ་བ་ཡང་བཏོན།...
2023-04-06 10:38:04 རྡོ་རིང་པདྨ་དབང་ཆེན། 18104 -
སྙན་ངག་འདིའི་ཁ་བྱང་ལ་ཞོགས་པ་ཞེས་བཏགས་འདུགཞོགས་པ་ནི་དུས་ཀྱི་ཆ་ནས་བཤད་ན།ཉིན་གཅིག་ཕྱེད་གསུམ་དུ་བགོས་པའི་ནངས་སྔ་མོའི་ཆ་ཡིན་ལ།རྟགས་དང་མཚན་མའི་ཆ་ནས་བཤད་ན།རང་རེའི་བོད་ཀྱིས་ཞོགས་པ་ཞེས་པའི་གདགས་གཞི་འདི་ལ་རྟེན་འབྲེལ་དང་ཚོར་གདུང་གང་ཇི་སྙེད་ཅིག་བསྩལ་ཡོད།དཔེར་ན་ལྷ་བསང་གཏོང་བ་དང་རླུང་རྟ་སྤུར་བ།གསོལ་འདེབས་ཞུ་བ་སོགས་ཆོ་ག་མང་པོ་ཞིག་ཞོགས་པར་སྤེལ་དགོས་པ་ལྟ་བུར་གྲུབ་འདུགརང་རེའི་བོད་མིའི་སྣང་ངོར་ཞོགས་པ་ནི་ཉིན་མོ་གསར་རྐྱང་ཞིག་དང་འཚོ་བའི་གདོད་མ་ཞིགཡང་ན་བབ་གཙང་གི་ཞིང་བཀོད་ཅིག་ལ་གོ་བཞིན་ཡོད།...
2023-04-04 08:52:49 སྒྲེན་པོ། 15235 -
ང་ཚོར་འཇིག་རྟེན་མ་སྟོང་བར་དུ་ནུབ་པ་མེད་པའི“སྐྱབས་མགོན”ཞིག་གནང་ཞིང་།“བདག་གཞན་མཉམ་བརྗེ”ཡི་རིགས་ལམ་འདིས་ང་ཚོའི་བློ་ཁོག་ཡངས་པོར་ཕྱེས་ཏེ།“རིག་གནས་གསར་བརྗེ”དང“རིག་གནས་ཚར་གཅོད”ཀྱི་ལྟ་བ་ངན་པ་ལས་དབུ་འཕངས་མཐོ་རུ་འདེགས་པའི་སྤོབས་པ་ཞིག་བསྩལ།དེ་བས“ཕྱོགས་ཞེན་གྱི་སྡང་མིག”དང“མཐོང་ཆུང་གི་སྣ་གཉེར”གྱི་ལས་ལ་དགའ་བའི་སྙིང་ཁམས་ཅན་དག་གིས“འཆི་མེད་རིལ་བུ”ལྟ་བུའི་རིགས་པའི་སྨན་མཆོག་འདི་གསོལ་བའི་རེ་བ་དང་བཅས་རྫོགས་ཙམ་བྱས་སོ།།...
2023-03-29 14:20:38 ཚེ་མཆོག་སྐྱབས། 15555 -
སྲོལ་རྒྱུན་རྩོམ་རིག་ཅེས་པ་ནི་དེང་རབས་རྩོམ་རིག་ལ་བལྟས་ནས་བཏགས་པའི་མིང་བརྡ་ཞིག་ཡིན་ལ།བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ནི་ཀྲུང་གོ་གསར་པ་དབུ་མ་བརྙེས་པའི་སྔོན་ནམ་ཡང་ན་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྔོན་གྱི་རྩོམ་རིག་བརྩམས་ཆོས་དག་ལ་ཟེར།དེ་ཡང་རྩོམ་ལུས་ཀྱི་དབང་དུ་བྱས་ན་ཚིགས་བཅད་ལ་གཞོལ་ཆེ་བ་དང་།ནང་དོན་གྱི་དབང་དུ་བྱས་ན་དམ་པའི་ལྷ་ཆོས་སྲོག་སྙིང་བྱས་པ་ཤུགས་ཆེ་ཞིང་།རྩོམ་མཁན་དང་ཀློག་མཁན་གྱི་ངོས་ནས་བརྗོད་ན་ཡང་།བླ་མ་དགེ་བའི་བཤེས་གཉེན།སྐུ་དྲག་མི་དྲག་གཙོ་ཆེ་ལ།ཚིག་སྦྱོར་གྱི་དབང་དུ་བྱས་ནའང་བསྟན་བཅོས་སྤྱི་སྐད་དང་ཚིག་རྒྱན་བཀོལ་བ་ཤུགས་ཆེ་བ་ནི་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་སྤྱིའི་ཁྱད་ཆོས་ཤིག་ཏུ་མཐོང་།...
2023-03-28 09:44:45 གུ་རུ་སྐྱབས། 15542 -
བོད་ཀྱི་དེང་རབས་རྩོམ་རིག་སྤྱིའི་གནས་སྟངས་ལ་བལྟས་ན།ལྷུག་རྩོམ་གྱི་གསར་རྩོམ་དང་ཞིབ་འཇུག་གཉིས་ཀྱི་ཆར་བརྩམས་སྒྲུང་དང་སྙན་ངག་གཉིས་དང་བསྡུར་ན་ཅུང་ཟད་རྗེས་སུ་ལུས་པའི་རྣམ་པ་ཤར་ཡོད།ལྷུག་རྩོམ་གྱི་བྱེ་བྲག་གི་གནས་ཚུལ་ལ་བརྟགས་ན།གསར་རྩོམ་གྱི་ཐད་ནས་རང་སྟེང་ན་དལ་མོར་འཕེལ་རྒྱས་འགྲོ་བཞིན་འདུག་མོད།ཞིབ་འཇུག་གི་ཕྱོགས་ནས་སྔར་བཞིན་ཉག་ཕྲ་བའི་གནས་སུ་ལུས་ཡོད།སྒོས་སུ་ཉེ་བའི་ལོ་ངོ་བཅུའི(2010—2019)རིང་གི་ལྷུག་རྩོམ་གྱི་ཞིབ་འཇུག་གནས་བབ་ལ་གཞིགས་ཚེ་ཞིབ་འཇུག་གི་གྲུབ་འབྲས་ཉུང་ཞིང་ཞིབ་འཇུག་གི་སྟོང་ཆ་སྔར་བཞིན་ཆེའོ།།...
2023-03-27 08:57:01 བསེ་ཆང་སངས་རྒྱས་དོན་གྲུབ། 15005 -
ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ཚང་མ་ནི་དེ་ལྟར་མིན་ཏེ།བརྗོད་བྱ་རྗོད་བྱེད་སོགས་ཀྱི་ངོས་ནས་ཡག་པོར་གྲུབ་མེད་པའང་རེ་འགའ་མཆིས།ལྷག་ཏུ་ཐོག་མར་གསར་རྩོམ་ལ་ཞུགས་དུས་ཀྱི་སྒྲུང་ཐུང་འགའ་ཞིག་ནི་བྱུང་རིམ་རྩིང་རགས་ཅན་དུ་སོང་ཞིང་ཞུན་ཐར་མ་ཆོད་པའི་སྐད་ཆས་བསླད་པ་སོགས་ཀྱི་ཞན་ཆ་འགའ་རེ་འདུགགང་ལྟར་ཚེ་རིང་དོན་གྲུབ་ཀྱི་སྒྲུང་ཐུང་ནི་བོད་ཀྱི་དེང་རབས་སྒྲུང་ཐུང་ལས་ཁྱད་ཆོས་ལྡན་པ་ཞིག་ཡིན་སྟབས།མ་འོངས་པའི་ཁོའི་སྒྲུང་ཐུང་དག་གིས་སྔར་ལས་བཟང་བའི་འབྲས་བུ་བླངས་ཏེ་བོད་ཀྱི་དེང་རབས་རྩོམ་རིག་ཁྲོད་ཟབ་ཁྱད་ཐོན་པ་ཞིག་ཏུ་འགྲུབ་པའི་སྨོན་འདུན་ཞུའོ།།...
2023-03-17 11:42:38 བཙུན་པོ་དོན་འགྲུབ། 16035 -
ཁོང་གི་བརྩམས་ཆོས་ལས་མངོན་པའི་སྐྱེ་ཁམས་ཀྱི་འདུ་ཤེས་མཚོན་པའི་མྱུ་གུ་འབུས་པ་ནས།རང་འགུལ་གྱི་སྐྱེ་ཁམས་འདུ་ཤེས་འཛུགས་སྐྱོང་བྱ་བར་ད་དུང་ལམ་ཐག་རིང་པོ་ཞིག་བགྲོད་དགོས་ལ།སྐྱེ་ཁམས་ཀྱི་བསམ་གཞིག་ནས་རྩོམ་རིག་གིས་འཚོལ་ཞིབ་བྱེད་པར་ཡང་ད་དུང་རྒྱུན་ཆད་མེད་པའི་ཞུན་བརྡར་ནན་པོ་བྱེད་དགོས།ཉེ་བའི་ལོ་ཤས་རིང་ལྷ་གཡང་ནོར་བུས་རྩོམ་སྒྲིག་གི་ལས་འགན་ལྕི་ནའང་རྩོམ་ཡིག་སྤུས་དག་རེ་འགའ་གསར་རྩོམ་བྱེད་མུས་ཡིན་པས།མ་འོངས་པར་ཁོང་གི་གསར་རྩོམ་ཐད་ཐོད་བརྒལ་གསར་པ་ཞིག་ཡོང་རྒྱུར་རེ་སྒུག་འཆང་བཞིན་ཡོད་ལ།ལྷ་གཡང་ནོར་བུར་བོད་ཀྱི་ལྷུག་རྩོམ་གསར་རྩོམ་གྱི་མདུན་ལྗོངས་ཡངས་མོར།མུ་མཐུད་འབད་བརྩོན་དང་འཚོལ་ཞིབ་གང་མང་དང་།རང་ཉིད་ཁོ་ནར་དབང་བའི་གསར་རྩོམ་གྱི་ཉམས་ལེན་དང་ཁྱད་འཕགས་དགེ་མཚན་མངོན་ཞིང་།གསར་རྩོམ་གྱི་བྱ་གཞག་ལ་འབྲས་བུ་བཟང་པོ་འཐོབ་རྒྱུའི་རེ་སྒུག་འཆང་བཞིན་ཡོད།...
2023-03-17 08:47:16 བདེ་ལྷུན་ཚེ་རིང་གཡང་འཛོམས། 15294