དུས་ཀྱི་འོད་སྣང་།
རྩོམ་པ་པོ།:མཁན་ཀླུ་སྒྲུབ་དབང་ཕྱུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-02-24 10:12:00
ཀློག་གྲངས།:
བདུན་པ། གཙང་སྦྲའི་སྐོར།
དེང་དུས་སྤྱི་ཚོགས་ཀྱི་ས་ཆ་དང་ཡུལ་ལུང་མང་པོར་སྤང་ལ་ཤྭ་མོང་རྡོལ་བ་ལྟར་ཨེ་ཛིའི་གཉན་ནད་སོགས་གསོ་མི་རུང་བའི་ནད་དང་གསོ་དཀའ་བའི་ནད་རིགས་སྣ་ཚོགས་མཆེད་དེ་ཉིན་མ་རེ་རེ་བཞིན་རྒན་གཞོན་མང་པོའི་ཚེ་སྲོག་འཇིགས་རུང་འཆི་བའི་ལམ་དུ་བཏང་དང་གཏོང་གིན་ཡོད་པ་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད། དེ་ནི་དེང་རབས་རྒྱ་བོད་ཀྱི་ཆེད་མཁས་སྨན་པ་ཚོས་བརྟག་དཔྱད་བྱས་པ་ལ་གཞིགས་ན། དེང་སང་གི་ནད་མང་ཆེ་བ་ཞིག་ང་ཚོའི་ཉིན་རེའི་འཚོ་བའི་ནང་ཟས་སྤྱོད་ལ་གཙང་སྦྲ་མ་བྱས་པ་དང་། སྲོག་ཆགས་མང་པོའི་ཤ་མང་པོ་ཟོས་པའི་རྐྱེན་ལས་བྱུང་བ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད། དེ་རིང་ཁར་སང་དུས་རབས་གསར་བའི་འཕོ་འགྱུར་གྱི་ཁྲོད་ན་མི་མང་ཆེ་བ་ཞིག་འདོད་སྲེད་དང་ཧམ་སེམས་ཀྱིས་མྱོས་ཏེ་འདི་མི་ལས་དང་འདི་མི་སྒྲུབ་བྱ་བ་གཅིག་ཀྱང་མེད་པ་ལྟ་བུའི་ཚོད་དུ་སྣང་། དེར་བསྟེན་དཔེར་ན། ཟ་ཁང་དང་སྨན་ཁང་། མགྲོན་ཁང་དང་ཚོང་ཁང་སོགས་ཚད་ལྡན་མིན་པའི་རྫུས་མ་དང་རྫུན་མ་དག་གི་རྒྱུ་རྐྱེན་ནམ། ཡང་ན་ཆང་ཁང་དང་སྨད་འཚོང་ཁང་སོགས་ལ་བསྟེན་ནས་ཨེ་ཛིའི་ནད་སོགས་འགོས་ནད་ཀྱི་རིགས་གསོ་མི་རུང་བ་དུ་མ་ས་ཁྱབ་རྡོ་ཁྱབ་ཏུ་འགྲོ་བཞིན་ཡོད་པ་རེད། མ་ཟད་ཁོར་ཡུག་འབག་རྩོག་དང་ཟས་སྤྱོད་བསྲེ་བ་སོགས་ལ་བསྟེན་ནས་ཀྱང་ནད་དེ་དག་འགོས་བཞིན་ཡོད། དེས་ན་ང་ཚོས་དང་ཐོག་ནས་ཕྱི་ནང་གི་གཙང་སྦྲ་ལེགས་པོ་བྱས་ཏེ་ཡ་རབས་ཚུལ་ལྡན་གྱི་ལམ་ལ་གོམ་པ་འདོར་གིན། རང་ཉིད་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་དང་ནད་རིགས་ཀྱི་འབྱུང་ཁུངས་དག་ལ་དཔྱད་ཞིབ་དང་གཟབ་རྟོག དོགས་ཟོན་དང་ཉེན་འགོག་ནན་མོ་བྱེད་དགོས་མ་གཏོགས། རང་གར་ཅི་མི་སྙམ་པར་བྱ་བ་དག་ལ་འཛེམ་དོག་མ་བྱས་པར་ང་ལ་གཙང་བཙོག་མེད་ཟེར་ནས་འཆོལ་ཉོག་ཏུ་སྤྱད་ན། ནད་ངན་དེ་ཚོས་ཐེབས་རྗེས་འགྱོད་གདུང་དྲག་པོས་མནར་གིན་མི་འདོད་བཞིན་དུ་འཇིགས་ཆེན་ཕྱི་མའི་ཡུལ་དུ་འགྲོ་བ་ལས་འགྲོ་ས་གསུམ་པ་ཞིག་བཙལ་ན་རྙེད་ཚོད་མི་འདུག་གོ །
བརྒྱད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར།
ང་ཚོས་ཁོར་ཡུག་གཙང་སྦྲ་བྱ་རྒྱུ་ནི་བོད་མི་རིགས་ཀྱི་བདེ་སྡུག་ཁོ་ན་ཙམ་མ་ཡིན་པར་འཛམ་གླིང་སྤྱིའི་ཁོར་ཡུག་བདེ་འཇགས་ལ་འབྲེལ་བ་དམ་ཟབ་ཡོད། རྒྱུ་མཚན་ང་ཚོ་མདོ་དབུས་མཐོ་སྒང་ནི་གངས་རི་དང་འཁྱག་རོམ་མང་བའི་ས་ཁུལ་ཡིན་སྟབས་འཛམ་གླིང་གི་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་སུ་གྱུར་ཡོད། དེར་བསྟེན་ཆུ་བོ་དེ་དག་གིས་འདབ་འབྲེལ་གྱི་རྒྱལ་ཁབ་མང་པོར་ཕན་གནོད་བྱེད་ཅིང་ཡོད། སྤྱིར་ཡང་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་མང་པོར་ས་ཡོམ་དང་མེ་རི་འབར་གས་རྒྱ་མཚོ་འཕྱུར་བ་དང་དྲག་རླུང་འཐབ་པ་གངས་ཐན་དང་བྱེ་རླུང་འཚུབ་པ་སོགས་ཀྱིས་རང་བྱུང་ཁམས་ལ་འགས་གཏོར་དང་ཆག་གྲུམ་སྣ་ཚོགས་བཟོས་དང་བཟོ་བཞིན་ཡོད། ཆོས་ལུགས་ཀྱི་དགོངས་དོན་ལྟར་ན། ང་ས་རྐོ་རྡོ་བསློགས་བྱས་ན་ལྷ་ཀླུ་གཉན་གསུམ་སོགས་མི་མ་ཡིན་པ་རྣམས་འཁྲུགས་པའི་སྟོབས་ཀྱིས་མི་རྣམས་ལ་མི་འདོད་པའི་རྐྱེན་དང་སྣ་ཚོགས་གཏོང་གིན་ཡོད་ཅེས་གསུང་ཡོད་པ་རེད། འདི་ནི་ཚན་རིག་པས་ཤེས་གསལ་ལྟར་ན། འགྲོ་བ་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ཚད་བརྒལ་གྱི་གཏེར་ཁ་བསྔོགས་པ་དང་ཁོར་ཡུག་ལ་འབག་རྩོག་བྱས་པའི་རྐྱེན་གྱིས་རང་བྱུང་ཁམས་ཀྱིས་འཁོན་ལན་བསླངས་པ་རེད་ཟེར་བ་ནི་ཆོས་ལུགས་ཀྱི་དགོངས་དོན་དང་ཕལ་ཆེར་གཅིག་མཚུངས་རེད། ང་ཚོས་ད་དུང་མུ་མཐུད་དུ་ཁོར་ཡུག་ལ་བདག་པོ་དང་སྲུང་སྐྱོབ་ལེགས་པོ་མ་བྱས་ན། མཐར་མི་རྣམས་ལ་མཇུག་འབྲས་ཧ་ལས་པ་དང་ཡ་ང་བ་དག་འབྱུང་བ་ནི་གཟུར་དུ་མེད་པའི་ཆོས་ཉིད་ཅིག་ཏུ་གྲུབ། དེ་བས་ད་ལྟ་དང་འབྱུང་འགྱུར་གྱི་འགལ་སྤོང་མཐུན་སྒྲུབ་ཀྱི་ཆེད་དུ་ང་ཚོས་ནུས་ཤུགས་ཡོོད་རྒུ་རྩལ་སྤྲུག་བྱེད་དགོས་ལ། དེ་ཡང་ནང་བསྟན་དང་ཚན་རིག་ཟུང་དུ་འབྲེལ་བའི་སློབ་གསོའི་མ་ལག་ཆ་ཚང་བ་ཞིག་གི་རྒྱུ་ཆ་འཚོལ་སྡུད་དང་མཁོ་སྤྲོད་བྱས་ན། རང་བྱུང་ཁམས་དང་སྐྱེ་དངོས་བར་གྱི་གལ་ཆེན་རང་བཞིན་ཅན་གྱི་འབྲེལ་བ་དང་གཏིང་ཟབ་པའི་གསང་བ་གང་མང་ལ་རྒྱུས་ལོན་བྱེད་ཐུབ་ཅིང་། སྲུང་སྐྱོབ་ཀྱི་བསམ་བློའི་རྒྱབ་ལྗོངས་ཀྱང་ཁོད་སྙོམས་པོ་ཞིག་ཆགས་སྲིད་པ་རེད། དེ་ལས་ལྡོག་སྟེ་རང་ལ་དགོས་མཁོ་བྱུང་ན་གང་ལའང་དོག་འཛེམ་མི་དགོས་པར་ཁ་དམར་གདབ་ཆོག་པའི་རང་རློམ་ལ་སྙིང་སྟོབས་ཀྱི་ཆོ་ལོ་ཕུལ་བའི་སློབ་སྟོན་འོག མི་དང་མིའི་བར་མི་དང་སྲོག་ཆགས་བར་མི་དང་རང་བྱུང་ཁམས་ཆེན་པོ་སོགས་ལ་གང་འདོད་དུ་ཕོག་ཐུག་བཟོས་ཏེ་ཅིག་ཤོས་ཀྱི་འཚོ་གནས་ཀྱི་ཆེད་དུ་ཅིག་ཤོས་རྩ་མེད་བཟོ་བའམ་སྟབས་མི་བདེ་བར་བྱེད་པ། ཡང་ན་ས་གཏེར་བསྔོགས་པ་དང་ཆུ་གནས་མང་པོ་སྡེབ་གསོད་བྱེད་པ་ལྟ་བུས་མཚོན།འོས་མིན་གྱི་བྱ་སྤྱོད་ངན་པ་དག་མུ་མཐུད་ནས་རྒྱ་ཁྱབ་ཏུ་སོང་ན། ནམ་ཞིག་འཛམ་གླིང་ཁྱིམ་ཚང་ཆེན་མོ་དེ་ས་ལྒང་འདིར་འཚོ་སྡོད་བྱེད་དཀའ་བའི་ཉེན་ཁའི་གནས་སུ་ལྷུང་སྲིད་པ་ནི་གདོད་མི་ཟ་བ་ཉིད་དོ། ། དེས་ན་རང་གི་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་ནི་སོ་སོའི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡིན་པ་ནམ་ཡང་འདོར་མི་རུང་ཞིང་གལ་ཤིན་ཏུ་ཆེའོ། །
དགུ་པ། འཚོལ་སྙེག་གྱི་སྐོར།
ལོ་ངོ་ཁྲི་སྟོང་གི་ཡར་སྔོན་ནས་ད་ལྟའི་བར་ང་ཚོ་འཛམ་གླིང་གི་མི་སུ་དང་གང་འདྲ་ཞིག་ཡིན་ཡང་ནམ་རྒྱུན་སེམས་ཁོང་ནས་ཡལ་མི་ཐུབ་པ་ནི་བདེ་སྐྱིད་ཅེས་པའི་ཚིག་འབྲུ་གཉིས་པོ་འདི་ཡིན། བདེ་སྐྱིད་དེ་རིགས་འཚོལ་སྙེག་ཀྱིས་ཆེད་དུ་མི་མང་པོ་ཞིག་གིས་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དཀའ་སྡུག་དུ་མ་རྒྱབ་ཏུ་གཡུག་ནས་མི་ཚེ་གང་བོར་ཧུར་ཐག་གིས་འབད་བརྩོན་རྒྱག་མ་མྱོང་མཁན་ཞིག་ཧ་ལམ་ཉུང་ཉུང་ཡིན། དེ་ནི་མ་གཞི་འགྲོ་བ་མི་ནས་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱི་ལྟ་ཚུལ་གཅིག་མཚུངས་སུ་བདེ་སྐྱིད་ལ་དགའ་ཞིང་སྡུག་བསྔལ་ལ་མི་དགའ་བའི་གནད་འགག་འདི་ལ་ཐུག་ཡོད་པ་ངས་གསལ་བཤད་ག་ན་དགོས། ཡིན་ནའང་རང་རང་སོོ་སོའི་ཕུགས་བསམ་དང་རེ་བའི་རྨི་ལམ་དེ་དག་མངོན་གྱུར་བྱེད་པའི་གོ་རིམ་ཁྲོད་འགལ་རྐྱེན་དང་ཆག་སྒོ་སོགས་བསམ་ཡུལ་ལས་འདས་པ་གང་མང་ཞིག་གི་འགག་འཕྲང་ན། ཁྱོད་ཤི་ང་གསོན་དང་དགའ་སྐྱོ་ཆགས་སྡང་གི་ཐལ་རྡུལ་འཚུབ་པའི་གཡུལ་འགྱེད་ཁྲོད། རང་གིས་རང་ཉིད་འགེབ་སྲུང་དང་ཕྱིར་འབུད་བྱེད་ཐུབ་གི་ཡོད་པ་མ་རེད། རྒྱུ་མཚན་འཇིག་རྟེན་གྱི་དཔེ་ཁ་དཔེར། དྲོ་དྲོ་ཐམས་ཅད་རང་ལ་བསྐོར། ། འཁྱག་འཁྱག་ཐམས་གཞན་ལ་བསྐོར། །ཟེར་བ་ལྟར་རང་ཁོ་ན་མ་གཏོགས་ཅི་ཡང་མི་བསམ་པར་དྲེད་ཀྱིས་བྱི་བ་སྐོ་བས་རྣམ་ཐར་བཞིན་མི་ཚེ་ཟད་ཀྱང་མཐར་ཅི་ཡང་མ་ཐོབ་པར་ལག་སྟོང་དུ་ཡོད་པ་ནི། ཀརྨ་གླིང་བས། འཁོར་བ་བློ་གཏད་མེད་པར་མ་ཤེས་པས། ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། ། འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས། །གསུངས་པ་བཞིན། འཇིག་རྟེན་འཁོར་བ་འདིར་དོན་ངོ་མར་གཏན་ཏུ་ཡིད་བརྟན་ཆོག་ཆོག་གི་བྱ་དངོས་ཤིག་མེད་པའི་གནད་ཀ་འདི་ལ་ཐུག་པ་ཡིན། དེ་ཡང་དྲང་མོར་བཤད་ན་ས་ལྒང་འདིར་ཡིད་འོང་གི་དངོས་པོ་ཡོད་ཚད་རང་ཉིད་ཀྱིས་འཐོབ་བྱར་རློམ་གིན་འཚོལ་སྙེག་བྱེད་པ་ནི། འུ་ཚོས་འཇའ་ཚོན་གྱི་རྗེས་འདེད་པའི་ངང་ཚུལ་ལྟར་ནམ་ཡང་ཟིན་དུས་མེད་པའི་འཁོར་བའི་མཛེས་ལྗོངས་ཀྱི་གསང་བ་ཞིག་ཡིན་པ་སུ་ཞིག་གིས་རྟོགས། དེ་ཡང་མིག་སྔར་མཁས་བླུན་ཕལ་ཆེ་བས་འདི་ནི་ངལ་བ་འབྲས་མེད་ཡིན་པའི་བསྡོམས་ཚིག་ཅིག་འགོད་ཐུབ་ཀིན་མེད། འོན་ཏེ་ནང་སེམས་ཀྱི་བདེ་སྐྱིད་ཀྱི་མ་ལག་ཆ་ཚང་བ་འདོན་སྤྲོད་བྱེད་པའི་ནང་བསྟན་ཆོས་གཞུང་ལས། འདི་ནི་འཁོར་བའི་ཆོས་ཉིད་ཀྱིས་བསྡུས་པའི་ཚེ་སྲོག་གམ་མི་ཚེའི་སྣང་ཚུལ་ངོ་མ་ཞིག་ཏུ་ངོས་འཛིན་གནང་གི་ཡོད། ཡང་ནང་ཆོས་ལས་འདོད་ཆུང་ཆོག་ཤེས་ནི་རང་གཞན་བདེ་སྐྱིད་ཀྱི་ལྗོན་ཤིང་སྐྱེད་སྲིང་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་སློབ་སྟོན་གནང་ཡོད་པའང་གནས་ལུགས་འདི་རྟོགས་པའི་ཆེད་དུ་རེད། ད་དུང་དེའི་དམིགས་ཡུལ་གཙོ་བོ་ནི་མི་རྣམས་ཆགས་སྲེད་ཀྱི་འདམ་དུ་མི་བྱིང་བར་རང་ལ་དབང་བའི་ཁོར་ཡུག་གི་འཚོ་བ་དེའི་ཡིད་ཚིམ་ན། མཐའ་གཉིས་སུ་མ་ལྷུང་བའི་འཚོ་གནས་ཀྱི་གོམ་ཁ་ཡངས་པོར་བགྲོད་ཐུབ་པའི་མཛུབ་སྟོན་ཡང་གནང་གིན་ཡོད་པ་རེད། ཡིན་ནའང་དེང་སྐབས་མི་ལ་ལས་འདོད་ཆུང་ཆོག་ཤེས་ཟེར་བ་ནི། རྗེ་མི་ལ་རུས་པའི་འཚོ་གནས་ལྟ་བུ་ལ་ངོས་འཛིན་བྱས་ཏེ། མིག་སྔར་རྒྱལ་ཕྱི་ནང་ན་བསྟན་དང་འགྲོ་ལ་ལྷག་བསམ་དཀར་ཞིང་བསོད་ནམས་དང་མངའ་ཐང་རྒྱ་ཆེ་བའི་སྐྱེས་བུ་དམ་པ་ཚོ་ཆོས་པ་མ་རེད་ཅེས་སྐུར་འདེབས་དང་ལོག་ལྟ་ཟུར་ཟ་དང་འཕྱ་སྨོད་སྣ་ཚོགས་བྱེད་ཀིན་ཡོད་མོད། དེ་ལྟར་སྨྲ་མཁན་ཚོས་ནང་བའི་ཆོས་པ་དང་འདོད་ཆུང་ཆོག་ཤེས་ཞེས་པའི་ཚིག་དོན་མ་རྟོགས་པའི་ནང་ཆ་ཕྱིར་ལུད་པ་མ་ཡིན་ནམ། རྒྱུ་མཚན་ཁོ་ཚོས་ཆོས་པ་ཟེར་དུས་དངོས་པོའི་ཆ་རྐྱེན་གཏན་ནས་མེད་པའི་ལམ་སྲང་ཉུལ་བའི་སློང་མོ་བ་ལྟ་བུ་ཞིག་ལ་གོ་བ་ལེན་གིན་ཡོད། དེ་ཡིན་ན་འདོད་ཆོག་ཤེས་ཀྱི་ཁྱབ་ཁོངས་སམ་སྒྲིག་གཞི་ལས་འདའ་མི་ཆོག་སྙམ་དེ་དབུ་འཕངས་མཐོ་བའི་ཆོས་པ་ཚོར་ཁ་གཏོང་གི་ཡོད། ཡང་ཅིག་བཤད་ན་ནང་བའི་ཆོས་ནི་ང་ཚོས་བཏུང་བྱའི་ཆུ་བཞིན་འཛམ་གླིང་གི་དབུལ་ཕྱུག་ཚང་མས་ལོངས་སྤྱད་ཆོག་ཅིང་ཕན་པ་དང་བདེ་བའི་འབྱུང་གནས་ཉག་གཅིག་ཡིན་པ་ལས་འཚོ་བའི་ཆ་རྐྱེན་སོགས་ཅི་ཡང་མེད་པའི་སྤྲང་རྒན་དག་གི་བགོ་སྐལ་ཁོ་ན་ཞིག་ག་ན་ཡིན། དེ་ཡིན་ན་ནང་ཆོས་ཀྱི་བདུད་རྩི་དེ་སྲོག་ལྡན་ཚང་མ་སྡུག་ཀུན་རྒྱུ་འབྲས་དང་བྲལ་དེ་འགོག་ལམ་ཞི་བ་ལ་འགོད་པའི་ཐབས་ལམ་ཞིག་ཏུ་འགྲེལ་བཤད་ཅི་ལྟར་རྒྱག འོན་ཏེ་ཐུབ་པ་ཆེན་པོས་མིའི་རིགས་ཀྱི་ཧམ་སེམས་དང་འདོད་སྲེད་ལ་མཐའ་མེད་པས། ཚད་ལས་བརྒལ་བའི་འདོད་ཆེན་དེ་ནམ་ཡང་བྱ་མི་རུང་བར་གདམས་མྱོང་བ་ནི་བྱམས་བརྩེའི་སྤྲིན་དཀར་ལས་བྱུང་བའི་དྭངས་གཙང་གི་འབབ་རྒྱུན་ངོ་མ་ཡིན། རྒྱུ་མཚན་འཛམ་གླིང་གི་རྒྱུ་ནོར་ཡོད་ཚད་མི་གཅིག་ལ་དབང་ཡང་ད་དུང་ཡིད་ཚིམ་པའི་གོ་སྐབས་ཤིག་གཏན་ནས་རྙེད་མི་སྲིད་པ་ནི་མངོན་གསལ་རེད། གལ་ཏེ་རྒྱལ་སྤྱིའི་མང་ཚོགས་རེ་རེས་ངོས་ཐད་ནས་རང་ལ་དབང་བའི་ཁོར་ཡུག་གི་དཔལ་འབྱོར་དང་རིག་གནས། བསམ་བློ་དང་ཀུན་སྤྱོད་སོགས་སྣ་འཛོམས་རང་བཞིན་ཅན་ནམ། ཡང་ན་རྒྱུན་བསྲིང་འཕེལ་རྒྱས་ཀྱི་ལམ་ཆེན་དུ་གོམ་ཁ་བསྒྱུར་ཅིང་། དེ་ལས་གཞན་ལ་འགྲམ་ཆུ་མི་ལྡང་བ་ནི་འདོད་ཆུང་ཆོག་ཤེས་ཀྱི་འོད་སྟོང་འབར་བའི་མཁའ་དབྱིངས་སུ་ཞུགས་པའི་རྐང་ཚུགས་པའམ། ཡང་ན་དངོས་གནས་འཕུར་སྐྱོད་བྱས་ཟིན་པ་རེད་ཅེས་བརྗོད་ཆོག་ཆོག་ཡིན། དེ་ཡང་འདོད་ཆུང་ཆོག་ཤེས་ཟེར་བ་དེ་ཅི་འདྲ་ཡིན་སྙམ་ན། དགོས་མེད་རྒྱས་སྤྲོས་ཀྱི་འདོད་པ་ཆུང་ཞིང་དགོས་མཁོ་སྣ་འཛོམས་ཀྱི་ཆོག་ཤེས་བྱེད་པ་ལ་འདོད་ཆུང་ཆོག་ཤེས་ཟེར། དེ་ལས་ལྡོག་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་ཁེ་ཕན་དམིགས་འབེན་དུ་མི་འཛིན་པར། ཐལ་དྲག་པའི་ཧམ་སེམས་ཆེན་པོས་ཧོལ་རྒྱག་བྱས་ཏེ་རང་བྱུང་ཁམས་ལ་ཚད་ལས་འདས་པའི་འགས་གཏོར་ཚབ་ཆེན་གཏོང་བ་ལྟ་བུས་མཚོན་འདི་མི་མཁོ་དང་འདི་མི་ལས་བྱ་གཅིག་ཀྱང་མེད་ན། དུས་མཐའ་ནམ་ཞིག་ལ་ད་ཆ་ང་ཚོའི་རྨི་ལམ་དུའང་རྨིས་མ་མྱོང་བའི་འཇིགས་སྐྲག་དང་ཉེན་ཁ་སྡུག་བསྔལ་གང་མང་ཞིག་ལ་གདོང་གཏུགས་རྒྱག་སྲིད་པ་རེད། དེ་ནི་ང་ཚོས་རྒྱུ་འབྲས་རྗེས་དཔག་གི་རིགས་འདེད་ཀྱིས་རྟོགས་ཐུབ་གིན་ཡོད། ང་ཚོས་དུས་ནམ་ཡང་རང་ཉིད་ལས་ཀྱང་བུ་རབས་ཚ་རྒྱུད་སོགས་རྗེས་རབས་པ་ཚོར་བསམ་བློ་གཏོང་བ་ནི། མིག་རྒྱང་དང་ཕུགས་བསམ་རིང་བའི་ཏན་རྟགས་ངོ་མ་ཞིག་ཏུ་འཁུམས། དེས་ན་རྒྱ་ཆེས་ཆོས་དད་མང་ཚོགས་ཚོས་འདིའི་ཕྱོགས་ལ་བསམ་གཞིག་ཞིབ་ཏུ་བྱས་ནས་ཕན་ཚུན་བསམ་བློའི་གོ་རྟོགས་དང་ཉམས་མྱོང་བརྗེ་རེས་བྱ་རྒྱུ་ནི་ངའི་སེམས་ཁོང་གི་རེ་བ་ཉག་གཅིག་ཡིན་ལ། རྣམ་པ་ཚོས་ཀྱང་ཤེས་དགོས་པའི་གནད་གལ་བོ་ཆེའོ། །
བཅུ་བ། རྒྱུན་ཤེས་སྐོར།
ཐོག་མར་ལག་པ་བཀྲུ་བའི་རྒྱུན་ཤེས་འགའ་ངོ་སྤྲོད་བྱ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་སྤྱི་ལོ2005ལོར། ལོ་རེའི་ཟླ10བའི་ཚེས15ཉིན་ནི་རྒྱལ་སྤྱིའི་ལག་པ་བཀྲུ་བའི་ཉིན་མོར་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི། འཛམ་གླིང་ཡོངས་ལ་ལག་པ་བཀྲུ་བའི་ཆེས་རྒྱུན་ལྡན་དང་གལ་ཆེ་བའི་སྤྱོད་སྟངས་འདི་བརྒྱུད་ནས། གཙང་སྦྲའི་འདུ་ཤེས་ཇེ་བརྟན་དུ་གཏོང་པ་དང་། རིམས་ནད་སྣ་ཚོགས་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏོན་པ་རེད། དེའི་ཡར་སྔོན་ལ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཞིབ་འཇུག་སྙན་ཞུ་ཅིག་སྤེལ་ནས། འོས་ཤིང་འཚམ་པའི་ལག་པ་བཀྲུ་ཐབས་སྤྱད་ནས་ལག་པ་བཀྲུ་བའི་གོམས་གཤིས་ལེགས་པོ་ཆགས་པར་བྱས་ན། བྱིས་པར་ཁོག་པ་བཤལ་བ་སོགས་ཀྱི་ནད་རིགས་འབྱུང་ཚད་བརྒྱ་ཆའི་ང་གསུམ་ཇེ་དམར་གཏོང་ཐུབ་པ་བསྟན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚོད་དཔག་བྱས་ན་ལོ་རེར་བྱིས་པ་བྱེ་བ་གཅིག་དང་ས་ཡ་བརྒྱད་ཙམ་ཤི་བའི་ཁྲོད་ཀྱི་བརྒྱ་ཆའི་དགུ་བཅུ་ཙམ་ནི་ལོ་ལྔའི་མན་གྱི་བྱིས་པ་ཡིན་པས། གལ་ཏེ་ལག་པ་བཀྲུ་བའི་གོམས་གཤིས་ལེགས་པོ་རྒྱུན་འཇམས་སུ་བཏང་ན། མ་མཐའ་ཡང་དེའི་ཕྱེད་ཀ་ཙམ་གྱི་བྱིས་པའི་སྲོག་སྐྱོབ་ཐུབ་ཟེར།
དུས་ཆེན་གྱི་བརྗོད་དོན་གཙོ་བོ་ནི་འཛམ་གླིང་རང་བཞིན་གྱི་སློབ་གསོ་ཁྱབ་གདལ་དུ་བཏང་སྟེ། ལག་པ་བཀྲུ་ན་བདེ་ཐང་ལ་ཕན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་ཡོད་ལ། ལྷག་པར་དུ་སྨན་པ་དང་སྨན་བཅོས་མི་སྣར་དམིགས་ནས་ཁོ་ཚོས་རྒྱུན་དུ་ནད་པ་སྣ་ཚོགས་ལ་འབྲེལ་འདྲིས་བྱེད་དགོས་པས་ལག་པ་གཙང་མར་བཀྲུ་དགོས་པ་བསྟན་ཡོད། 2011ལོའི་ཟླ10བའི་ཚེས15ཉིན་ནི་འཛམ་གླིང་གི་ལག་པ་བཀྲུ་བའི་ཉིན་མོ་ཐེངས་བཞི་བ་རེད། ལོ་དེའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་ནི་བདེ་ཐང་གི་ཆེད་དུ་ཚང་མས་རྒྱུན་དུ་ལག་པ་གཙང་མར་བཀྲུ་བའི་དཔལ་ཡོན་ལྡན་པའི་གོམས་སྲོལ་བཟང་པོ་ཆགས་པར་བྱེད་རྒྱུ་དེ་རེད། དེས་ན་དུས་ནམ་ཞིག་ལ་ངེས་པར་དུ་ལག་པ་བཀྲུ་དགོས་སམ་ཞེ་ན། གཅིག ཟ་མ་མ་ཟོས་གོང་དང་ཟ་མ་ཟོས་རྗེས་ལག་པར་གཙང་མར་བཀྲུ་དགོས། གཉིས། མི་མང་པོས་རེག་ཐུག་བྱེད་སའི་གནས་ཏེ་དཔེར་ན་སྤྱི་སྤྱོད་རླངས་འཁོར་སོགས་ནང་གི་ལག་པ་འཇུ་ས་དང་སྒོ་ལུང་། གློག་སྐས་ཀྱི་གཅུས་སྒོ། སྤྱི་སྤྱོད་ཁ་པར་སོགས་ལ་རེག་རྗེས་ལག་པ་གཙང་མར་བཀྲུ་དགོས། གསུམ། ཁ་དང་སྣ། མིག་བཅས་ལ་རེག་ཐུག་བྱེད་སྐབས་ལག་པ་གཙང་མར་བཀྲུ་དགོས། བཞི། སྤྱོད་ཁང་དུ་བུད་རྗེས་ལག་པ་གཙང་མར་བཀྲུ་དགོས། ལྔ། སྨན་མ་འཐུང་སྔོན་དུ་ལག་པ་གཙང་མར་བཀྲུ་དགོས། དྲུག ལུ་བ་དང་སྣ་སྦྲིད་བརྒྱབ་རྗེས་ལག་པ་གཙང་མར་བཀྲུ་དགོས། བདུན། མིག་ཆུ་དང་སྣ་ཆུ། ཁ་ལུད། ཁ་ཆུ་བཅས་ལ་རེག་རྗེས་ལག་པ་གཙང་མར་བཀྲུ་དགོས། བརྒྱད། སྒོ་ཕྱི་ནང་ལ་གད་བདར་བྱས་རྗེས་ལག་པ་གཙང་མར་བཀྲུ་དགོས། དགུ། སྒོར་མོར་རེག་ཐུག་བྱས་རྗེས་ལག་པ་གཙང་མར་བཀྲུ་དགོས། བཅུ། སྒོ་ཕྱི་ནས་ཁྱིམ་དུ་སླེབས་རྗེས་ལག་པ་གཙང་མར་བཀྲུ་དགོས། ཡང་སྔ་ནུབ་ཏུ་སོ་གཙང་མར་བཀྲུས་ན་སོ་རྐང་བསྟན་པ་དང་སོ་ལ་སྲིན་བུ་མི་ཞུགས་པའི་དགོས་པ་ཡོད་ཅིང་རྒྱུན་ཏུ་རྐང་པ་ཆུ་དྲོན་མོས་བཀྲུས་ན་ལུས་ཀྱི་ཁྲག་རྒྱུན་འཁོར་སྐྱོད་མྱུར་ཞིང་མགོ་ན་བ་དང་རོ་སྟོད་གཟེར་བ་ལ་ཕན་ཐོགས་ཡོད་ཟེར། གཞན་ཡང་སྟོན་ཟླ་འབྲིང་པོའི་ནང་དུ་ལྷོ་རིའི་རྩེ་ནས་སྐར་མ་རྀ་ཥྀ་ཐོ་རེངས་དུས་སུ་མཐོང་དུས་ཆུ་དྭངས་ཤིང་ཚ་གྲང་སྙོམས་པའི་དུས་ལ་ངོས་འཛིན་བྱས་ཏེ། བོད་ཀྱི་ཞིང་འབྲོག་མི་དམངས་རྣམས་སྐབས་དེར་ཆུ་ནང་དུ་ཁྲུས་བྱེད་པ་སོགས་ལུས་ཀྱི་གཙང་སྦྲ་བྱེད་པའི་སྲོལ་ཡོད་ཅིང་། སྐར་མ་རྀ་ཥིའི་འོད་ཀྱིས་རྩྭ་ཆུ་ཇེ་བཟང་དུ་འགྱུར་བའི་བཤད་ཚུལ་དེ་ནི་རྩིས་གཞུང་དག་ལས་དྲང་སྲོང་རྀ་ཥི་ཞེས་ཟེར། འདི་ཉིན་མོར་ཟླ་བ་དྲུག་གི་རིང་གླིང་འདིའི་ཐད་ཀར་གནས། གླིང་འདིར་ཐོག་མར་འཆར་དུས་ཐོ་རེངས་དུས་སུ་ལྷོ་སྟོད་ཕྱོགས་ནས་མཐོང་བ་འདི་ཉིད་ནོར་བུ་ཀེ་ཏ་ཀ་ལས་གྲུབ་པའི་སྐར་ཁྱིམ་ཡིན་སྟབས་དེའི་འོད་ཆུ་ལ་ཕོག་པས་ཞག་བདུན་གྱི་བར་དུ་ཆུ་བོ་ཐམས་ཅད་ཡན་ལག་བརྒྱད་ལྡན་དུ་འགྱུར་བས། དེའི་ཚེ་མི་རྣམས་ཁྲུས་ལ་ཞུགས་ན་གྲིབ་དང་འབག་བཙོག་སོགས་མི་གཙང་བ་ཐམས་ཅད་དག་པར་གསུངས་སོ། འདི་སྔོན་གྱི་དྲང་སྲོང་རྣམས་ཀྱི་སྨོན་ལམ་གྱི་སྟོབས་ཡང་ཡིན་ཞེས་ཟེར་རོ། །
ཡང་ཉིན་གཅིག་ལ་དུས་ཚོད་གསུམ་ཡས་མས་སུ་དལ་འགྲོས་བྱེད་པ་རྒྱུན་མ་ཆད་ན་ཁྲག་མཐོ་བ་དང་ཁྲག་ཤུགས་རྒྱས་པ་ཁྲག་རྩ་འགག་པ་སོགས་སྙོམས་སྒྲིག་བྱས་ཏེ་ལུས་ཕུང་བདེ་ཐང་ལ་བཟང་ངོ་།།རྒྱུན་དུ་རླན་ཅན་དུ་ཡུན་རིང་སྡོད་པ་དང་སིལ་ཁུ་དང་མངར་ཟས་མངར་ཇ་སོགས་ལ་རོལ་ཆེས་ན་བལ་ཚིལ་འཕེལ་བ་སོགས་ཀྱི་རྐྱེན་གྱིས་གཅིན་སྙི་འམ་གཅིན་པ་མངར་སེར་གྱི་ནད་འབྱུང་ངོ་།།ད་དུང་ཤེས་དགོས་པ་ཞིག་ལ་ཡུན་ཐུང་ངང་དཔལ་འབྱོར་འཚོལ་སྡུད་ཀྱི་མྱོ་ཧམ་ཅན་ཚོ། ནམ་རྒྱུན་ཤོ་རྒྱན་འཇོག་པ། ནག་ཚོང་རྒྱག་པ། རྙིང་ཚོང་བྱེད་པ། གཏེར་ཁ་བསྔོགས་པ་སོགས་ལུགས་མཐུན་མ་ཡིན་པའི་ལས་ལ་ཞུགས་པའི་རྐྱེན་གྱིས་ཕ་རོལ་པོས་གཡོ་འོག་ཏུ་ཚུད་པའམ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བས་དེ་རང་ཉིད་བརླག་གིན་ཡོད་པའི་གནས་ཚུལ་གསལ་བོ་རྟོགས་དགོས། འཚོ་བའི་ཁྲོད་བྱ་བ་གང་ལའང་ལེགས་ཉེས་དང་བདེ་སྡུག་གང་དུ་འགྱུར་བསམ་བློ་ཞིབ་མོ་གཏོང་བ། གནས་གང་དུ་སོང་ཡང་མཆོག་གསུམ་ལ་མཆོད་འབུལ་དང་གསོལ་འདེབས་བྱེད་པ། སྔ་ནུབ་ཏུ་ལང་ཕྱག་དང་ཉལ་ཕྱག་རྒྱུན་མི་གཅོད་པ། ཡ་རབས་དང་དྲང་བདེན་ལ་མིག་དཔེ་བལྟ་བ། དུད་ཆང་དང་ཤོ་རྒྱན་ལ་དུག་བཞིན་དུ་འཛེམ་པ། ལྷག་པར་ཡུལ་ཁྱད་པར་ཅན་རྣམས་སུ་ཚུལ་མིན་གྱི་བྱ་བ་མི་བྱེད་པ། ཆོས་འཆད་ཉན་གྱི་ཚེ་གཏམ་འཁྱལ་སྤངས་ཏེ་སྤྲོ་བ་བསྐྱེད་པ། ཡང་རྒྱུན་དུ་ཆུ་མང་ཙམ་འཐུང་བ་དང་། ཞོགས་ཟས་རྒྱལ་པོ་ལྟར་རྔམ་ཟས་བྱེད་པ། ཉིན་གུང་རྒྱལ་སྲས་ལྟར་རྒྱས་སྤྲོ་ཟ་བ། དགོང་ཟས་སྤྲང་པོ་ལྟར་ཉུང་ཟ་བྱེད་པ། ལྟ་བུ་རྒྱུན་ཤེས་ཀྱི་སྐོར་ཤེས་དགོས་པ་མང་ཡང་རེ་ཞིག་དེ་ཙམ་མོ། །
གོང་དུ་བཤད་ཟིན་པའི། མ་ཤེས་ཐབས་མེད་ཀྱི་སྐོར་ཚན་བཅུ་པོ་ནི་རིམ་པ་བཞིན། དང་པོ། མི་ཚེ་ལ་སྙིང་པོ་ལེན་པའི་སྐོར། གཉིས་པ། མཐུན་སྒྲིལ་གྱི་སྐོར། གསུམ་པ། སྐད་ཡིག་དང་རིག་གཞུང་དར་སྤེལ་གྱི་སྐོར། བཞི་པ། ཡུལ་སྲོལ་གོམས་གཤིས་བརྒྱུད་འཛིན་གྱི་སྐོར། ལྔ་པ། དཀར་ཟས་ཀྱི་སྐོར། དྲུག་པ། སྲོག་བླུའི་སྐོར། བདུན་པ། གཙང་སྦྲའི་སྐོར། བརྒྱད་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐོར། དགུ་པ། འཚོལ་སྙེག་གྱི་སྐོར། བཅུ་པ། རྒྱུན་ཤེས་ཀྱི་སྐོར། དེ་ལྟར་མ་ཤེས་ཐབས་མེད་ཀྱི་སྐོར་ཚན་བཅུ་པོ་འདི་ནི། འཇིག་རྟེན་གྱི་དཔེར། སྔོན་མེད་པའི་སྐྱ་རེངས་གསར་བ་དར།།ཁོད་སྙོམས་པའི་ལམ་ཆེན་ཡངས་པོ་ཕྱེས།།ཟེར་བ་ལྟར་དྲང་བདེན་དང་ཡ་རབས་ལ་དུངས་བའི་རྒན་དར་གཞོན་གསུམ་སོགས་ལ་ཅུང་ཙམ་ཕན་ན་སྙམ་པའི་རེ་བ་དང་ཡིད་ཆེས་ཀྱི་སྒོ་ནས་ནན་བཤད་བྱས་པ་ཡིན། མདོར་ན། བྱ་བ་གང་འདྲ་ཞིག་བསྒྲུབ་ཀྱང་གཞན་ཕན་གཙོ་གཉེར་བྱེད་པ་སོགས་རྒྱུན་ཤེས་ཀྱི་སྐོར་ལ་བློ་མིག་ཡངས་དགོས་པ་ནི་གནད་ཀྱི་དོན་ནོ།།
སྨྲས་པ།
དམར་ཟས་ཤ་ཁྲག་རྫས་ལ་འབག་པ་བདུད་སྲིན་བྱེ་བའི་ཟས་སུ་གསུངས། །
ཆགས་སྡང་དུག་གི་མེ་ལྕེ་དམར་པོ་རང་གཞན་ཕུང་བའི་གདོན་འདྲེར་གྲགས། །
དཀར་གསུམ་མངར་གསུམ་སྟོན་པས་རབ་བསྔགས་འཚོ་བ་གཙང་མའི་ཁ་ཟས་རོལ། །
ཆོས་མཐུན་བྱ་བས་མི་ཚེ་འདའ་བ་ས་སྟེང་འགྲོ་བའི་བླ་མར་བསྔགས། །
མ་ཤེས་ཐབས་མེད་སྐོར་ཚན་བཅུ་ཡིས་དཔྱོད་ལྡན་བློ་ཡི་སྒོ་མོ་ཕྱེ། །
བརྗོད་དོན་སྲོག་གི་ཟུར་མདའ་རྣོན་པོས་ལོག་འཁུམས་སྟོང་གི་བྲག་རི་བསྙིལ། །
ལྷག་བསམ་ཟླ་གཞོན་ཟེགས་མ་འབུམ་གྱིས་ཉམ་ཐག་སྲོག་ལ་གསོན་ཤུགས་སྟེར། །
དུས་སུ་བབས་པའི་གཏམ་སྙན་འདི་ཀོ་གཟུར་གནས་དགྱེས་པའི་སྐྱེས་སུ་སྤྲིངས། །

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།