བསྒྱུར་རྩོམ། ཐོག་ཁང་ནུབ་མ་ཟླ་བའི་འོད་ཀྱིས་ཁེངས།
རྩོམ་པ་པོ།:དཔའ་རྩེ་ནས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-11-27 08:31:29
ཀློག་གྲངས།:
ཐོག་ཁང་ནུབ་མ་ཟླ་བའི་འོད་ཀྱིས་ཁེངས།
དཔའ་རྩེ་ནས་བསྒྱུར།
ཆུ་སྐྱེས་དམར་པོའི་འདབ་མ་ལྷུང་ཞིང་དྲི་བསུང་དག་ཀྱང་ངང་གིས་ཡལ།།
གཡུ་ལྟར་འཇམ་པའི་སྨྱུག་གདན་གྱིས་ནི་སྟོན་ཀའི་བསིལ་གྲང་ཚོར་བར་བྱེད།།
དར་ཟབ་སྨད་ཤམ་ལུས་ནས་ཕུད་ཅིང་ཕལ་བའི་གྱོན་གོས་མནབས་ནས་སུ།།
ཁེར་རྐྱང་གིས་ནི་གྲུ་ཆུང་སྟེང་དུ་གྲོགས་མེད་གཅིག་པུར་གནས་པ་དང་།།
མགོ་བོ་བཀྱགས་ནས་ནམ་མཁར་ཅེར་དུས་སྤྲིན་པ་དཀར་པོའི་བང་རིམ་དུ།།
རྒྱང་རིང་ཡུལ་ནས་སེམས་མཐུན་དེས་ནི་མཛའ་འཕྲིན་བསྐུར་གནང་ཡོད་སྲིད་དམ།
ཁྲུང་ཁྲུང་ཁྱུ་རྣམས་སླར་ཡང་ལྡོག་དུས་ཐོག་ཁང་ནུབ་མར་ཟླ་འོད་ཁེངས།།
མེ་ཏོག་འདབ་མ་ངང་གིས་ལྷུང་ཞིང་ཆུ་རྒྱུན་དྭངས་མོ་ལྷོད་ཀྱིས་བཞུར།།
ཕན་ཚུན་དྲན་ཞིང་དྲན་པའི་གདུང་བས་ཉིན་མཚན་ཀུན་ཏུ་གཙེས་ན་ཡང་།།
ལྷན་དུ་གནས་ཤིང་མཛའ་གཅུགས་སྙིང་གཏམ་ཞིབ་ཏུ་བརྗོད་ཐབས་བྲལ་གྱུར་པས།།
རྒྱང་རིང་ཡུལ་ནས་བྲལ་བའི་སྡུག་བསྔལ་གཅིག་པུར་སེམས་ཀྱིས་མྱོང་དགོས་བྱུང་།།
ཤིན་ཏུ་དྲན་པའི་དྲན་གདུང་འདི་ཉིད་སྙིང་ནས་འདོར་ཐབས་མི་འདུག་སྟེ།།
ཐོད་དུ་བསྡུས་པའི་སྨིན་མཚམས་བར་ནས་དོར་ཅིང་མེད་པར་བྱས་ན་ཡང་།།
དེ་མ་ཉིད་དུ་སེམས་ཀྱི་གཏིང་དུ་སླར་ཡང་འཁོར་ཞིང་གཙེས་པར་བྱེད།།

མ་ཡིག
月满西楼
李清照(宋)
红藕香残玉簟秋。
轻解罗裳,独上兰舟。
云中谁寄锦书来?
雁字回时,月满西楼。
花自飘零水自流。
一种相思,两处闲愁。
此情无计可消除,
才下眉头,却上心头。
李清照(宋)
红藕香残玉簟秋。
轻解罗裳,独上兰舟。
云中谁寄锦书来?
雁字回时,月满西楼。
花自飘零水自流。
一种相思,两处闲愁。
此情无计可消除,
才下眉头,却上心头。
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།