ངོས་དང་པོ > ལོ་ཙཱ། > འགྱུར་རྩོམ། > མཐོ་རྒྱུགས་རྩོམ་ཡིག་གི་མགོ་བརྩམ་སྟངས། —ཚིག་གྲགས་ཅན་དྲངས་ན་མགོ་བརྩམས་པ་བརྟན་ཅིང་བརྗིད།
མཐོ་རྒྱུགས་རྩོམ་ཡིག་གི་མགོ་བརྩམ་སྟངས། —ཚིག་གྲགས་ཅན་དྲངས་ན་མགོ་བརྩམས་པ་བརྟན་ཅིང་བརྗིད།
རྩོམ་པ་པོ།:འཇམ་དཔལ་གྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-23 09:52:53
ཀློག་གྲངས།:
འཇིག་རྟེན་གྱི་མཛའ་བརྩེ་ནི་ཅི་ཞིག་ཡིན། དེ་ནི་མི་ཚེ་རྫོགས་རག་བར་དུ་སློབ་རྒྱུ་ཞིག སྐད་ཆ་འདྲི་རྒྱུར་དགའ་ལ་དྲི་བའང་གནད་དུ་འཁེལ་བ་ཞིག་སྟེ་དྲི་བ་འདོན་མཁས་པའོ། །ཁོའི་དྲི་བ་འདི་བསྐལ་བརྒྱར་གནས་པ་ཞིག་སྟེ། ལོ་མང་པོའི་རིང་ལ་མི་ག་ཚོད་ཅིག་གནད་དོན་དེའི་ཐད་ལ་ཐེ་ཚོམ་གྱི་གནས་སུ་གྱར་ཡོད། ཡང་མི་ག་ཚོད་ཀྱིས་རིན་དོད་ཆེན་པོ་བཏང་ནས་མི་ཚེའི་ཆེས་མཐའ་མའི་དྲིས་ལན་བཏབ་ཡོད། འོན་ཀྱང་མི་སོ་སོའི་སྐད་ཆ་ནི་མི་སོ་སོའི་ངོ་གདོང་ལྟར་མི་འདྲ།
—«ཆུའི་འཆར་ཡན»
སྤྲིངས་ཡིག་གི་ཟོལ་གྱིས་སྤྱིར་བཏང་ཁྲོད་ཁྱད་འཕགས་འཚོལ་བ། གུས་པར་འོས་པའི་སྤོ་བོ་ཁུང་ཙི་ལགས། སྐུ་ཁམས་བཟང་། ང་ནི་ཁྱེད་ཀྱི་བུ་རབས་ཚ་རྒྱུད་དཀྱུས་མ་ཞིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་རྗེས་སུ་ཁྱེད་ལ་འཕྲིན་ཡིག་བསྐུར་ནས་བར་ཆད་བཏང་བ་ཡིན། ཁྱེད་ལ་གུས་བཀུར་ཞུ་འོས་པའི་འཚམས་འདྲི་གནང་བར་མ་ཟད། ད་དུང་རྟོགས་དཀའ་བའི་གནད་དོན་འགའ་ཁྱེད་ཀྱི་མཛུབ་སྟོན་ལ་སྒུག་ཡོད།
ཆུས་ཀུང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། སྐྱོན་ཅི་ཡང་མེད་པ་རེད། མཇལ་ཐེངས་རེར། རྩོམ་ཡིག་ཆེན་པོ་ཀློག་པ་དང་། ཡང་ན་ཡུན་རིང་དུ་གྱོད་དོན་གྱི་མགོ་འཛུགས་པ།ཡང་ན་འབྲུག་གྲུ་འགྲན་བསྡུར་བྱེད་པ། ལོ་ཆན་ལ་ལྟ་བ་དང་། ཉ་ལྟོ་བ་འགྲངས་བ། ཚོར་སྣང་ཟབ་པོ་དང་འབྲེལ་ནས་ཡོད། བསམ་བློ་ཡང་ཡང་བཏང་ན། ཁྱེད་ཀྱི་མཇུག་འབྲས་སམ་ཡང་ན“མཇུག་འབྲས”ལ་འགྱོད་པ་སྐྱེས་པ་རེད། ཁྱེད་ཀྱི་རྩོམ་ཡིག་དང་ཐབས་ཇུས་ལ་གཞིགས་ན། མི་རབས་ཕྱི་མའི་མི་རབས་བརྒྱ་ལ་མི་ག་ཚོད་ཀྱིས་ཁྱེད་དང་འགྲན་ཟླ་བྱེད་ཐུབ་པ་རེད། ཧོ་དཀའ་སྡུག་གིས་ས་ཁུལ་གྱི་ཁྲུའུ་རྒྱལ་པོ་ཞིག་གི་ཆེད་དུ་ཡང་མིན་ན་ཅུན་སྟོང་གི་སྟེང་དུ་འཕེན་དགོས་སམ།
ཕྲེང་བའི་རྒྱན་སྤྱད་ན་བརྗིད་རྔམ་ལྡན།ས་བོན་གྱིས་བྲག་རིམ་གྱི་འཆིང་རྒྱ་ལས་བསྒྲོལ་ཏེ་འོད་ཟེར་བསུ་བཞིན་ཡོད།
གླག་རྒོད་ཀྱིས་རླུང་འཚུབ་ཀྱི་བཀག་འགོག་བརྒྱུད་ནས་ནམ་མཁའི་དབྱིངས་སུ་འཕུར།
རྟ་མཆོག་གིས་ཐག་པའི་འཆིང་རྒྱ་ལས་བརྒལ་ཏེ་པིན་ཁྲི་རྩྭ་ཐང་དུ་རྒྱུག
མཚོ་བྱ་ཆར་རླུང་དྲག་པོའི་ཕྱོགས་སུ་རྒྱུགས།
སྦྲང་མས་བྱ་རྒོད་ཀྱིས་དགུང་སྔོན་དབྱིངས་སུ་འཕུར་ལྡིང་བྱེད་པར་ཡིད་སྨོན་བྱེད་པ་ལས། མེ་ཏོག་གི་རྡུལ་གྱིས་རང་བྱུང་ཁམས་ཆེན་མོའི་ཁ་མདོག་སྣ་ལྔ་བཀྲ་ཞིང་འབྲས་བུ་གཡུར་དུ་ཟ་བར་བྱེད་པ་དང་། བྱེ་མས་གཡུ་མདོག་སྔོ་ཞིང་དྭངས་བའི་རིན་ཐང་ལྡན་པར་ཡིད་སྨོན་བྱེད་བཞིན་ཡོད་མོད། འོན་ཀྱང་རང་ཉིད་ཀྱིས་ནམ་ཞིག་ལ་བདེ་ཞིང་ཡངས་པའི་ལམ་ཞིག་སྐྲུན་ཐུབ་པ་དང་། གག་ཕྲུག་བཙོག་པོ་ངང་བ་དཀར་པོ་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་མ་ཤེས་མོད། འོན་ཀྱང་རང་ཉིད་ལ་ཐུན་མིན་གྱི་ཉམས་འགྱུར་ཞིག་མངོན་བཞིན་ཡོད།
ཟླ་འོད་འཕྲོས་དུས་ང་ནི་ཆེས་དྭངས་བ་ཞིག་ཡིན།
མར་ལྷུང་རྗེས་ང་ཆེས་དྲོན་པོ་ཡིན།
སྐྱ་ཐེར་ཐེར་གྱི་ལོ་འདབ་དམར་པོ་ཤར་དུས་ངས་ཚ་ཤོས་ཤིག་རྙེད་བྱུང་།
དྲི་ཞིམ་རྩྭ་ནི་བདག་གིས་བཏུས་པ་ཡིན།
མི་ཚོགས་མང་པོའི་ཁྲོད་ནས་ངས་རང་ཉིད་ཀྱི་གཤིས་ཀ་དང་མཐུན་པའི་མི་ཚེ་གང་འདེམས་དགོས་སམ།
རབ་རྟོག་གི་རྒྱན་སྤྱད་དེ་རབ་རིབ་ཀྱི་སྣང་བ་བསྐྱེད་པ། ཐོ་བ་རྡུང་བའི་སྒྲ་དང་བསྟུན་ནས“དུས་དང་བར་སྟོང་གི་གྲོས་བསྡུར་ཚོགས་འདུ་ད་ལྟ་དངོས་སུ་འགོ་ཚུགས་ཀྱི་ཡོད། དེ་རིང་ང་ཚོའི་བརྗོད་བྱ་གཙོ་བོ་ནི‘ཅི་ཞིག་ནི་མཛེས་སྡུག་ཡིན’ཞེས་པ་དེ་རེད། དུས་རབས་མི་འདྲ་བ་དང་རྒྱལ་ཁབ་མི་འདྲ་བའི་མཁས་དབང་རྣམ་པས་གཏམ་བཤད་ཧུར་ཐག་གནང་རོགས།”
ཁྱོད་ཀྱི་མཆོང་ལྡིང་བྱེད་བཞིན་པའི་གདོན་འདྲེ་འདི། དགའ་སྤྲོའི་ངང་རྒྱུགས་ནས་ཐག་རིང་ནས་དལ་གྱིས་ཡོང་ཞིང་། རྫོགས་མཐའ་མེད་པའི་གཏམ་རྒྱུད་ཁྱེར་ནས་ངའི་ཀླད་པའི་ནང་དུ་ཡོང་། འོ། ཆུ། ངས་མཐོང་བྱུང་། ཁྱོད་ཀྱི་སྔོན་ཆད་ཀྱི་འདས་ཟིན་པ་མཐོང་བྱུང་།
དཔྱིད་རླུང་ལྡང་རྗེས། ཁུར་མོང་ཨ་མས་བྱིས་པའི་ལག་པ་བཏང་སྟེ། དེ་དག་རླུང་དང་འགྲོགས་ནས་རང་ཉིད་ཀྱི་སྡོད་གནས་འཚོལ་དུ་སོང་། ས་བོན་རྡོག་གཅིག་འདི་ཨ་མ་དང་ཁ་བྲལ་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ལ་འཚམ་པའི་ས་ཞིང་བདམས་པ་རེད། དེ་རླུང་དང་བསྟུན་ནས་མེ་ཏོག་ལྡུམ་ར་ཞིག་ཏུ་སླེབས། “འདི་ནས་མཛེས་སྡུག་བརྩོན་ལེན་བྱེད་པ་ཧ་ཅང་མང་། ང་མི་དགའ”ཞེས་བྲོས་སོང་།
དྲི་བ་འདོན་པའི་ཐབས་ཀྱིས་བསམ་གཞིག་གི་ཀློང་དུ་སྐྱེལ་བ། ཅི་ཞིག་རེད། ཡོང་བའི་སྒྲ་མེད་པ་རེད། རྗེས་ཤུལ་མེད་པ་རེད།
ཅི་ཞིག་རེད། རྗེས་ཤུལ་མེད་པར་ཡོང་བ་རེད། གྲགས་འགུལ་ཅི་ཡང་མེད་པར་དུས་ཚིགས་ལས་བརྒལ་བའི་གླུ་དབྱངས་བཞག་ན་ཆོག་གམ།
ཅི་ཞིག་རེད། དལ་གྱིས་ཐོན་བྱུང་། ཡང་དལ་གྱིས་བུད་སོང་།
ཅི་ཞིག་རེད། དལ་མོར་བུད་སོང་། ཡང་དལ་གྱིས་ཐོན་བྱུང་། ལྷིང་འཇགས་ཀྱི་ས་གཞི་ནས་དཀར་ཞིང་གཙང་བའི་ཕུགས་འདུན་འགྲུབ་སོང་།
རྣམ་དཔྱོད་ཅན་གྱིས་གནམ་སྔོན་པོར་གཏད་དེ་འཛུམ་བཞིན་དུ། “དུས་ཚོད་རེད”ཅེས་བཤད།
བྱིས་པས་ཤོག་བྱ་བཟུང་ནས་ལག་པར་རྡེབ་པ་སྟེ། “རླུང་རེད།”
འཁྱམ་པོས“ཅི་ཡང་མ་རེད། རྨི་ལམ་ཞིག་རེད།”ཅེས་བཤད།
འདེམ་གསེས་འདི་འདྲ་ཞིག་ཡོད་དེ། ཕ་མ་འཐོར་སོང་། ཁྱོད་ཀྱིས་ཨ་ཕ་འདེམས་སམ་ཡང་ན་ཨ་མ་འདེམས།
གདམས་གསེས་འདི་འདྲ་ཞིག་ཡོད་པ་སྟེ། ཆུང་མ་དང་བྱིས་པ་གཉིས་མཉམ་དུ་ཆུར་ལྷུང་། ཁྱོད་ཀྱིས་ཆུང་མ་འདེམས་སམ་བྱིས་པ་འདེམས།
འདེམས་གསེས་འདི་འདྲ་ཞིག་ཡོད་པ་སྟེ། ལམ་འགྲོ་བ་གཞན་གྱིས་འཕྲོག་སོང་། ཁྱོད་ཀྱིས་བདེན་པའི་རྒྱབ་ལངས་བྱེད་དགོས་སམ་ཡང་ན་རང་ཉིད་སྲུང་དགོས།
……
མི་ཚེ་ནི་རྒྱུགས་ཤོག་གཅིག་གི་ཆེད་དང་། དེ་ལ་འདེམ་གསེས་མང་པོ་ཡོད་སྲིད། འོན་ཀྱང་མ་འདེམས་ཐབས་མེད་ཡིན་པ་མ་ཟད་ད་དུང་སྐར་གྲངས་ལྟར་རྩིས་རྒྱག་མི་དགོས། སྐབས་ལ་ལར། AདངBཁྱོད་ཀྱིས་བློས་གཏོང་མི་འདོད་མོད། འོན་ཀྱང་དེ་ནི་འདྲི་གཞི་ཁེར་རྐྱང་ཞིག་ཡིན་པར་ཐེ་ཚོམ་མེད། དེས་ཁྱོད་ལ་བཤད་རྒྱུར། ཁྱོད་ཀྱིས་ངེས་པར་དུ་བློས་གཏོང་ཤེས་དགོས།
ཟླ་བོ་བཀོལ་བས་གཟབ་ལ་གྲལ་དག་པ། བྱ་ནི་འཕུར། སྤྲིན་ནི་རྒྱུ། གནམ་ས་རང་དབང་།
རླུང་ནི་ལྡང་། མི་ནི་འགྲོ། ཕ་རོལ་ནས་རླུང་དྲིལ་གྲགས།
མཛེས་སྡུག་ཅིག་ཡོད་པ་དེའི་མིང་ལ་མི་རྒྱལ་བ་ཟེར། ཚོར་བ་ཞིག་ཡོད་པ་དེའི་མིང་ལ་ངོ་མཚར་ཟེར། བདེ་སྐྱིད་ཅིག་ཡོད་པ་དེའི་མིང་ལ་ཁྱོད་དང་འགྲོགས་ནས་བར་སྣང་ལ་རྒོལ་བ་དང་ཉམས་འགྱུར་མངོན་ཡོད།
གསོན་ནས་བསྡད་ན་ངོ་མ་ཐང་ཆད་པ་རེད། མི་ཞིག་གིས་འདི་འདྲའི་ཚོར་སྣང་ཟབ་མོ་སྐྱེས་པ་རེད།
གསོན་ནས་བསྡད་ན་ངོ་མ་སྡུག་པོ་རེད། མི་ཞིག་གིས་འདི་ལྟར་དབུགས་རིང་ཞིག་འབྱིན།
གསོན་ནས་བསྡད་ན་ངོ་མ་སྐྱིད་པོ་རེད། ང་འདི་ལྟར་འཚོ་བ་ལ་འདང་རྒྱག་རྒྱུར་དགའ། ངའི་ངོ་གདོང་མི་གཞན་ལས་ཉུང་ངམ། མ་རེད། རྒྱུ་མཚན་ནི་ངའི་ཁོག་ན་ཡི་གེ་བཞི་ཡིས་བཀང་ཡོད་པ་རེད། འཚོ་བ་ལ་རྩིས་བརྒྱག་རྒྱུ་དེ་རེད།
དུས་ཚོད་ཀྱི་འབྱིན་རྔུབ་ལས་ལོ་རྒྱུས་རིང་ཞིང་རྒྱང་རིང་བའི་སྒྲ་ཆུང་འབྱིན་ཐུབ།
བསིལ་རླུང་གི་མཛུབ་མོས་མི་སེམས་འགུལ་བའི་སྒྲ་གྲགས་བྱུང་།
རྣམ་ཤེས་ཁྲོད་དུ། དྭངས་གཙང་དང་དྲོད་འཇམ་གྱི་དྲི་མ་ཞིག་སྟེ། དུ་བའི་ཟྭ་བརྒྱུད་ནས་ཐོག་ཁང་གི་རབ་རིབ་དང་། སྒྲོ་ནི་སེམས་འགུལ་ཐེབས་པའི་མིག་ཆུ་དྭངས་མོ་ཞིག་ཏུ་གྱུར།
ཆར་བ་མང་བའི་མཚན་མོ་ཞིག་ལ། ཇ་འཐུང་རྗེས། ལྷིང་འཇགས་ངང་རང་བྱུང་ཁམས་ཀྱི་གླུ་སྐད་ལ་ཉན།
ཡིད་རྟོན་ནི་དཔྱིད་ཀའི་ཉི་འོད་དང་པོ་དང་འདྲ་བར་མི་རྣམས་ཀྱིས་ཡིད་སྨོན་བྱེད་པ་དང་བློ་ཁོག་ཆེན་པོས་དང་ལེན་བྱེད་པ། དཔེར་ན་དབྱར་ཁའི་ཞི་ཀྭ་ཞིག་ཁ་ནང་དུ་འདུས་ཤིང་། སེམས་སུ་མངར། དཔེར་ན་སྟོན་ཁའི་རྒྱང་རིང་དུ་འཕྱུར་བའི་སྡོང་ལོ་དམར་པོ་ཞིག་དང་འདྲ་བར་སེམས་ཁུར་ཚད་མེད་བྱེད་པ། དཔེར་ན་དགུན་ཁར་གནམ་ལ་འཕུར་བའི་ཁ་བའི་འདབ་མ་བཞིན་དུ་ནམ་ཡང་དྭངས་གཙང་ཡིན།
བློ་སྒོ་འབྱེད་པའི་བྱིས་པའི་མིག་ནང་དུ། ཐིག་ལེ་ནི་གསེར་མདོག་གི་ཉི་མ་ཡིན་ལ། ཚ་ལམ་ལམ་གྱི་བྱ་སྒོང་ཡིན་ལ། བཞད་ཡོད་པའི་མེ་ཏོག་ཉི་དགའ་ཡིན། སྒོར་དབྱིབས་ཀྱི་ཁྲོག་ལེ་ཞིག་ཡིན། ཨ་མས་བསྲེགས་པའི་དྲི་ཞིམ་འཐུལ་བའི་ཀ་ར་ཞིག་ཀྱང་ཡིན།
ཁ་དན་ཚིག་གནས་ནི་ཅི་ཞིག་ཡིན་ནམ། ཁ་དན་ཚིག་གནས་ནི་མི་མེད་ལུང་སྟོང་དུ་བཞུར་བའི་དྭངས་ཤིང་གཙང་བའི་ཆུ་མིག་ཅིག་ཡིན། ཁ་དན་ཚིག་གནས་ནི་གྲང་ངར་ཆེ་བའི་དགུན་ཁའི་ཟླ་བའི་རེས་མོས་ང་རྒྱལ་བྱེད་པའི་དཔྱིད་མགོའི་མེ་ཏོག་ཅིག་ཡིན། ཁ་དན་ཚིག་གནས་ནི་མཚན་མོར་ལམ་དུ་འགྲོ་དུས་ཀྱི་མདུན་དུ་སྲན་མས་ཁེངས་པ་ལྟ་བུའི་སྒྲོན་མེ་ཞིག་ཡིན། ཁ་དན་ཚིག་གནས་ནི་གཡེང་ཞིང་ངེས་གཏན་མེད་པའི་མིའི་མཚོ་ནང་དུ་ཕྱོགས་སྟོན་བྱེད་པའི་གློག་སྒྲོན་ཞིག་ཡིན།
འབོད་བརྡས་མི་སེམས་འགུལ་བ། ལོ་ངོ་སྟོང་གི་ལན་ཞིག་སྟེ། “འདས་པོ་སི་ཧྥུ་དང་འདྲ། ཉིན་མཚན་ཀུན་ཏུ་བློས་མི་གཏོང”ཞེས་པའི་དཔེ་ལྟར། ཁྱེད་ཀྱི་འཇམ་ཞིང་ཉམས་ཞན་པའི་གཤིས་རྒྱུད་བསྟན་པ་རེད།
ཡིད་སྐྱོ་བའི་དབུགས་རིང་ཞིག་འབྱིན་ཏེ། “རྦ་རླབས་ནི་དྭངས་ཤིང་གཙང་བས། ངའི་སྡུག་བསྔལ་སེལ་ཐུབ། རྦ་རླབས་ཀྱི་ཆུ་ཉོག་དེས་ངའི་རྐང་བ་བཀྲུ་ཐུབ”ཅེས་བཤད།
ཐེངས་སྔོན་མར་ཁྱོད་ལ་བལྟ་དུས་ནམ་ཡིན་པ་ཡིད་ལ་མི་དྲན། ཨ་ཕ།
ངས་སྐབས་དེའི་ཁྱེད་རང་ཡིད་ལ་དྲན། སྐྲ་ནག་ཅིང་སྐྱི་ལྤགས་ལ་ཟངས་མའི་འོད་ཀྱིས་ཁེངས་ཡོད། གཞོན་ནུའི་དུས་ཀྱི་གྲོང་གསེབ་ཀྱི་འཚོ་བས་ཁྱེད་ལ་བདེ་ཐང་གི་གཟུགས་གཞི་ཞིག་སྦྱིན་ལ། ཁྱེད་ཉིད་སྤྱི་ཚོགས་འདིའི་ཁྲོད་སྐད་ཆ་ཉུང་དུ་བཏང་།
ལོ་དུ་མར་ཟླ་འོད་འཕྲོས་པའི་ལམ་ཆུང་དེར་མ་ཞུགས། ལམ་ཆུང་དེ་ནི་ཨ་ཕས་དངོས་སུ་གྲམ་རྡོ་བཏིང་ནས་ཟླ་བའི་འོག་ཏུ་རབ་རིབ་འཇམ་འཇམ་གྱི་འོད་ཞིག་འཕྲོས་འདུག ལམ་དེའི་ཕྱོགས་སུ་ཆུ་འགྲམ་དེའི་ཁང་ཆུང་སྦྲེལ་ནས་ངའི་ཨ་ཕ་དང་འབྲེལ། ཨ་ཕ་ལགས། ཁྱོད་སྔར་བཞིན་མཚོ་འགྲམ་དུ་བསྡད་དེ་སྐྱོ་བའི་ངང་གླིང་བུས་འབུད་བཞིན་ཡོད་དམ། བུ་ཆུང་ཕྱིར་ཡོང་བར་སྒུག་བཞིན་ཡོད་དམ།
ཚིག་རྒྱན་བཀོལ་ན་ཧ་ཅང་མཛེས། གལ་ཏེ་རྒྱལ་ཁ་ནི་རྒྱང་སྐྱོད་ཀྱི་ལམ་བུ་ཞིག་ཡིན་ན། ལམ་འགྲམ་གྱི་ཚེར་མའི་རྡོ་ནི་དེའི་མཛེས་རྒྱན་ཙམ་དང་། མེ་ཏོག་སྣ་ཚོགས་མཛེས་སྡུག་ལྡན་པའི་རི་ལུང་ནི་ད་གཟོད་དེའི་འཚོ་གནས་བྱེད་ས་ཡིན། གལ་ཏེ་རྒྱལ་ཁ་ནི་དུས་བཞིའི་འཁོར་ལོ་ཞིག་ཡིན་ན། དབྱར་གྱི་ཚ་སྲེག་ནི་དེའི་ཕྱིའི་རྣམ་པ་དང་། འབྲས་བུ་གཡུར་དུ་ཟ་བ་ཐོབ་པའི་སྟོན་ཁ་ནི་ད་གཟོད་དེའི་དམིགས་ཡུལ་ཡིན། མི་མངོན་པའི་སྟོབས་ཤུགས་ཅི་ཡང་མི་འདུག། དེ་ཡང་ཅི་འདྲའི་འོད་སྟོང་འབར་བའི་ཉི་གཞོན་ཞིག་དང་འབྲེལ་དགོས་སམ།
ཕུ་བོ། ཤ་མདོག་ནག་པོ་དང་། དཔུང་བ་སྦོམ་པོ་ཞིག་གཡག་ཞིག་དང་འདྲ། ཕུ་བོ་རྩུབ་པོ་དང་། སྐྲ་ཟིང་ཟིང་ཞིག་དང་འདྲ། ངལ་དུབ་དང་འཁང་ར་བཟོད་པའི་རྟ་ཞིག་དང་འདྲ། ཕུ་བོ། སྨྲ་བ་ཉུང་བ། ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱས། བོང་བུ་ཞིག་དང་འདྲ། ཚང་མས་ཕུ་བོ་ནི་རྙེད་པ་རེད་ཟེར། རྒྱུ་མཚན་ནི་ཕུ་བོ་ནི་ཟ་མ་ཟ་རྒྱུ་ཡོད་ན་ཕྱུགས་ཟོག་དང་འདྲ་བར་འབད་པས་ལས་ཀ་ལས་བཞིན་པའི་ཁྱིམ་གྱི་ངལ་རྩོལ་པ་གཅིག་པུ་དེ་རེད།
བསིལ་རླུང་དལ་གྱིས་ལྡང་བྱུང་། ཕུ་བོའི་དབུགས་རྔུབ་པའི་སྒྲ་གྲགས་བྱུང་། གྲོ་སྙེའི་རྦ་རླབས་ཁྲོད་དུ་ཕུ་བོའི་རྔུལ་ཆུའི་ཐིགས་པ་རེ་རེ་བཞིན་འཕུར་ལྡིང་བྱེད་བཞིན་ཡོད། ཉི་འོད་འོག་ཏུ། མུ་ཏིག་ཞིག་དང་འདྲ་བར་མཐའ་མེད་པའི་གྲོ་སྙེའི་རྦ་རླབས་འཕྱུར་བྱུང་།
མུ་མཐའ་མེད་པའི་ས་གཞི་ནི་མི་ཚེ་གང་བོའི་ལམ་ཐག་ཡིན།
བཞུར་བཞིན་པའི་ལོ་ཟླ་ནི་མིའི་མི་ཚེ་གཅིག་གི་འགྲུལ་བཞུད་ཡིན།
ཉི་མ་ནུབ་པ་དང་། ཉི་མ་ཤར་བ།མེ་ཏོག་བཞད་པ། དུས་ཚོད་འདས་པ་བཅས་ཀྱི་སྐབས་སུ། ང་ཚོས་ཁུག་མ་ཁུར་ནས་དུས་གཏན་དུ་མུ་མཐའ་མེད་པའི་འགྲུལ་བཞུད་ཁྲོད་བསྐྱོད་དེ། སང་ཉིན་གྱི་ཉི་མ་སྙེག་པ་དང་། དེ་རིང་གི་ཕུགས་འདུན་འགྲུབ་པ། ཁ་སང་གི་ཕུགས་འདུན་འགྲུབ་པ། མཛེས་སྡུག་ལྡན་པའི་མ་འོངས་པ་ཡོད་པ་བཅས་ཀྱི་ཆེད་དུ། ང་ཚོས་ཁ་རོག་གེར་ཡིད་ཆེས་ཤིག་བརྟན་སྲུང་བྱས་ཏེ། ནམ་ཡང་མཚམས་མི་འཇོག་པ་དེ་རེད།
ངོ་མཚར་གྱི་གཏམ་རྒྱུད་བརྗོད་ན་མི་རྣམས་ཀྱི་ཡིད་སེམས་འགུག་ཐུབ། ཡུས་ཀུང་ཁྱིམ་ཚང་གང་བོ་མི་རབས་ནས་མི་རབས་བར་འདི་ནས་མི་རབས་བར་འདི་རུ་བསྡད་ཡོད། སྒོ་འགྲམ་གྱི་ཝང་ཝུའུ་དང་ཐའེ་ཧང་རི་བོ་གཉིས་ཀྱིས་ལམ་བཀག་ཡོད་པས། འཚོ་བ་ཧ་ཅང་སྡུག འདི་ནི་འཇིག་རྟེན་དང་ཁ་བྲལ་བ་དང་འདྲ། གྲོང་ཁྱེར་ནང་གི་དོན་དག་གསར་བ་ཞིག་འདི་བརྒྱུད་ནས་སྔ་མོ་ནས་སྔར་གྱི་མཐོང་ཐོས་སུ་གྱུར་ཡོད། འདི་ལྟ་བུའི་འཚོ་བ་དངོས་གནས་འགྱུར་ལྡོག་གཏོང་དགོས། ཡུས་ཀུང་གིས་བསམ་བློ་བཏང་སྟེ། ཐའེ་ཧང་དང་ཝང་ཝུའུ་གཉིས་ཀྱི་རི་བོ་སྤོ་བར་བསམ་བློ་གཏོང་བཞིན་ཡོད།
སྐྱ་ཀས་བརྡ་ཁྱབ་ཆེན་པོ་ཞིག་སྦྱར་བ་སྟེ། “དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཆེད། ང་ཚོའི་སློབ་གྲྭས་ཀུན་ཐུབ་ཀྱི་སྤུས་ཚད་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། སློབ་སྦྱོང་མ་བྱས་ནའང་མ་བྱས་ན། མ་བྱས་ནའང་མ་ཁྲིད་ན། ཁྱོད་ཀྱི་བྱིས་པ་ཅི་ཡང་མི་ཤེས་པ་ཞིག་ཏུ་གྱུར་ནས་འགྲན་རྩོད་ཁྲོད་མི་ཕམ་པའི་གནས་སུ་ལངས་རྒྱུ་རེད། སློབ་ཡོན་སློབ་སྐབས་རེར་སྒོར3000དང་། གསོ་སྐྱོང་གྲོན་དངུལ། སྒོར2000རོགས་སྐྱོར་གྲོན་དངུལ། སྒོར15000བཅས་ཡིན།”
ད་དུང་མིའི་ཉ་ཀོང་ཇོ་དང་རྒྱལ་སྲས་ཀྱི་གཏམ་རྒྱུད་དྲན་ནམ། རྒྱལ་སྲས་ཧྲིན་ཅེ་ཡི་གདན་ཞུའི་མདུན་དུ། མིའི་ཉ་ལ་མིག་ཆུ་ཡོད་ཀྱང་འཛུམ་གྱིས་དང་ལེན་བྱས། མཉེན་འཇམ་གྱི་རྐང་བ་གྲིའི་རྩེ་མོར་ཤུད་མྱོང་མོད། མི་ཆུང་ཉ་ཡིས་ཁོ་མོའི་གར་སྟབས་དཀྲུགས་མ་མྱོང་། གཏམ་རྒྱུད་འདི་ཀློག་ཐེངས་རེར་མིག་ཆུ་དབང་མེད་དུ་ཤོར་བ་དང་། མི་ཆུང་ཉ་ཡིས་ཁོ་མོས་རྒྱལ་སྲས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་དུང་གིས་ལྷ་མའི་གཉིད་བཤད་ཁྲོད་ཀྱི་གཏིང་ཟབ་པར་ངོས་འཛིན་གང་ལེགས་བྱས། བརྩེ་དུང་ཟབ་མོས་ཁོ་མོ་བརྩེ་དུང་དང་འཚོ་གནས་ལ་ཤེས་རྟོགས་ཟབ་མོ་བྱུང་དུ་བཅུག
བུ་མོ་ཆུང་ཆུང་ཁྲ་ཁྲ་ཡིས་ཉི་ཤར་ལ་བལྟ་བའི་ར་བ་ནས་ཐེངས་གཅིག་ལ་རྩེད་རྗེས། ད་གཟོད་འཇིག་རྟེན་སྟེང་གི་མི་རྣམས་ཀྱིས་ང་ལ་བཤད་རྒྱུ་མང་པོ་ཡོད་པ་ཤེས། བུ་མོ་ཆུང་ཆུང་དེར་ངས་མ་ཉེས་ཁག་གཡོགས་བྱས་སོང་།
མི་རྣམས་ཀྱིས་ཉམས་ཆུང་ཞིང་རླུང་མི་འགོག་པའི་ནུ་མོ་ལིན་ལ་ཕྱོགས་ཞེན་ཡོད། ངས་རེ་རེ་བཞིན་བཤད་ནས་ང་ལ་སྡིགས་མོ་བྱེད་པ་དང་། ལ་ལས་ང་ལ་ཚུལ་འཆོས་བྱེད་པ། ལ་ལས་ང་ལ་ཁེ་གྲགས་ལ་དགའ་བ། ལ་ལས་ངས་མི་གཞན་པའི་མཛེས་སྡུག་གི་བརྩེ་དུང་ལ་གཏོར་བརླག་བྱེད་པ་སོགས་ཀྱི་རྐྱེན་རེད། འདི་དག་ཚང་མ་ནི་ཁོ་ཚོས་མདོག་ལྡན་གྱི་མིག་ཤེལ་གྱིས་ང་ལ་བལྟ་བའི་རྐྱེན་གྱིས་རེད།
ལེའུ་ཧེ་བརྩམས་སྒྲུང་འབྲི་སྟངས། “གནམ་འོག་གི་གནས་བབ་ཆེན་པོ་ཡུན་རིང་ངེས་མཐུན་ཡིན་ལ། ཡུན་རིང་ངེས་བར་དུ་ཁ་བྲལ་དགོས་”ཞེས་ཝེ་དང་། ཧྲུའུ་ལན། ཝུའུ་བཅས་རྒྱལ་ཁབ་གསུམ་གྱིས་བཙུགས་པའི་དུས་རབས་དེ་མེད་པར་གྱུར་ཅིང་། ཏ་ཅང་ཤར་རྒྱུད་དུ་སོང་ནས་རྦ་རླབས་ཀྱིས་སྔོན་ཆད་ཀྱི་དཔའ་བོ་རྣམས་གཏོར་བ་དང་། ཧྲུའུ་རྒྱལ་ཁབ་ཀྱི་རྒྱུད་འཛིན་པ་ཨ་ཏོའུ་ཡང“སྤྲོ་སྣང་གིས་ཁེངས་ཏེ་ལན་མི་འདེབས་པ”ཞིག་ཏུ་གྱུར་ཏེ། གནམ་འོག“སི་མ་ཧྲི”ཡི་གནམ་འོག་ཏུ་གྱུར་ཡོད།
ལིའང་ཧྲན་པའོ་ཡི་འདུ་འཛོམས་ཁང་དུ་ད་ལྟ་གློག་འོད་གསལ་བ་དང་། མི་རྣམས་ཀྱིས་སྐད་ཅོར་ཆེན་པོ་རྒྱག་བཞིན་ཡོད། དཔའ་བོ་བརྒྱ་དང་བརྒྱད་པོ་ཚང་མ་འདིར་འཛོམས་ནས་ཚང་མས་རྩོད་གླེང་བྱེད་བཞིན་ཡོད། ཁོ་ཚོས་རྩོད་པ་ཅི་ཞིག་རྒྱག་བཞིན་ཡོད། མ་གཞི་ལིའང་ཧྲན་པའོ་ཡིས་ཉེ་ཆར་སྟག་གི་དཔའ་བོ་དཔྱད་འདེམས་བྱེད་བཞིན་ཡོད། གཟི་བརྗིད་ཀྱི་མཚན་སྙན་འདིར་དཔྱད་འདེམས་བྱེད་དུས་ལང་ཧྲན་པའི་རྐུབ་སྟེགས་གཉིས་པར་བསྡད་ཆོགདེའི་རྐྱེན་གྱིས་དཔའ་བོ་རྣམས་མཉམ་དུ་འཛོམས་ནས་རྩོད་གླེང་བྱེད་བཞིན་ཡོད།
ཁ་བྱང་གིས་ནང་དོན་གཙོ་བོ་གསལ་སྟོན་པ། སྡོང་བོ་མེད་པའི་རླབས་ཆེའི་འགྲམ་ངོགས། ཡིན་ན་ཡང་ཁྱོད་ལ་རྩྭ་ཡི་སྔོ་ཞིང་ལྗང་བ་དང་། ཤིང་པད་མའི་སྒེག་ཉམས་མེད་ན་ཆོག། འོན་ཀྱང་ཁྱོད་ལ་ལུག་མིག་མེ་ཏོག་གི་མེ་ཏོག་ཡོད་ཆོག། ཚེ་སྲོག་ནི་འོད་སྟོང་མེད་ན་ཆོག་མོད། འོན་ཀྱང་ངེས་པར་དུ་རླབས་ཆེན་ཡིན་དགོས།
གལ་ཏེ་ཁྱོད་ཀྱི་སྒོར་མོ་བོར་སོང་ན། ཁྱོད་ཀྱིས་ཆ་ཤས་ཤིག་ཤོར་སོང་བ་རེད།
གལ་ཏེ་ཁྱོད་ཀྱི་བདེ་ཐང་ཤོར་སོང་ན། ཁྱོད་ལ་ཕྱེད་ཀ་ཤོར་སོང་།
གལ་ཏེ་ཁྱོད་ལ་ཡིད་རྟོན་མེད་སོང་ན། ཁྱོད་ཕལ་ཆེར་དབུལ་བོ་ཞིག་ཏུ་འགྱུར་སྲིད།
སྤྲིན་པ་ཡོད་ན་ཆར་བ་འབབ་སྲིད། ཁུང་བུ་སྟོང་བ་དང་འདྲ་བར་རླུང་ཡོང་བཞིན་ཡོད།
བརྩེ་དུང་ནི་ཐད་ཀར་ཤེས་རྟོགས་དང་འབྲེལ་བ་ཡོད། དེས་རྒྱུན་དུ་བྱ་དངོས་ཀྱི་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།
—«འཇིག་རྟེན་གྱི་བརྩེ་བ་ནི་ཅི་རེད»
མཛེས་དཔྱོད་རིག་པ་བ་ལོ་ཏན་གྱིས་སྔོན་ཆད་བཤད་རྒྱུར། “མཛེས་པ་ནི་ག་ས་གང་དུ་ཡོད་པ་རེད། ང་ཚོའི་མིག་ཟུང་ལ་མཚོན་ན། མཛེས་པ་ཉུང་བས་མིན་པར། མཛེས་པ་གསར་རྙེད་མ་ཐུབ་པས་རེད།” དེ་རིང་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཕྱུག་པའི་མཁས་པ་འདིའི་བློ་སྒོ་ཕྱེས་རྗེས། ངས་བཤད་འདོད་པ་ནི། “དྲིས་ལན་ནི་ཡོངས་ཁྱབ་ཏུ་གནས་པ་རེད། ང་ཚོའི་ཀླད་པར་མཚོན་ན། བསམ་བློ་མ་བཏང་བ་མ་ཡིན་པར། ལྟ་ཕྱོགས་མ་འདང་བ་རེད།”དུས་ཡུན་མང་པོ་ཞིག་གི་རིང་ལ། ང་ཚོ་ནི་གནད་དོན་གྱི་གོ་བ་མ་ལོན་པའམ་ཡང་ན་ཕྱོགས་མང་པོ་རྟོགས་པའི་འདེམ་གསེས་ཀྱི་ལམ་ཁར་མགོ་འཁོར་ཡོད། ཅི་ལྟར་སོང་ན་སེམས་ཀྱི་ཐེ་ཚོམ་དུ་གྱུར་བ་དང་། ཅི་ལྟར་སོང་ན་དེ་ལྟར་ཐག་གཅོད་བྱེད་མི་ཐུབ་པ། གཡས་གཡོན་དུ་ཟང་ཟིང་དུ་གྱུར་བ་རེད། སྐབས་དེར་ཕྱོགས་གཞན་ཞིག་ལ་བསམ་བློ་གཏོང་དགོས་པ་རེད། འདི་ལྟར་བྱས་ན་ཁྱོད་ལ་རྒྱལ་ཁ་ཐོབ་པའི་གོ་སྐབས་མང་པོ་སྟེར་ངེས་རེད།
—«མེ་ཏོག་ཁྲི་སྟོང་གི་རྫ་བུམ་འདིར་བསྐོར་བ་རྒྱག་པ»
གནའ་བོའི་མིས“བྱམས་བརྩེ་ཅན་རི་ལ་དགའ། ཤེས་པ་ཅན་ཆུ་ལ་དགའ”ཞེས་བཤད། ལེ་ཧྲན་རི་བོའི་གཞུང་རྒྱུད་དྲང་བ་དང་། ཆུ་རྒྱུད་འཇམ་པའི་སྣང་བ་སྟེར། ཆིན་ཞི་ཞིག་གིས་ལི་པེ་ཏུའུ་ཧྥུ་དང་འདྲ་བའི་མིག་ཧྲིག་གེར་ལྟ་བ་དང་། བློ་དང་མི་མཐུན་པའི་རིག་གནས་པ་མང་པོ་ཞིག་གིས་དེའི་ཕྱོགས་སུ་ཚེ་གང་པོར་བསམ་བློ་བཏང་ནས“རྡུལ་གྱི་དྲ་བར་ཞུགས་ནོར་མི་བྱེད”ཅེས་ཟེར།
—«ཆུའི་འཆར་ཡན»
སྤྲིངས་ཡིག་གི་ཟོལ་གྱིས་སྤྱིར་བཏང་ཁྲོད་ཁྱད་འཕགས་འཚོལ་བ།
—«ཁུང་ཙི་ལ་སྤྲིངས་པའི་འཕྲིན་ཡིག»
ཁྱོད་མཐོང་རྗེས། ང་ནི་དངོས་གནས་དྲང་བདེན་གྱི་ཁོང་ཁྲོ་མེ་ལྟར་འབར་བཞིན་ཡོད། དེའི་ཕྱིར།ཁོང་ཁྲོའི་མེ་ལྕེ་ཡི་སྐུལ་འདེད་འོག་ཏུ། ངས་འཕྲིན་ཡིག་འདི་བྲིས་ནས་ཁྱོད་ལ་ཡིད་སེམས་འགུག་པ་ཡིན། དྲིས་ལན་ནི་མ་གཞིར་སྣ་མང་ཕུན་སུམ་ཚོགས་པ་ཞིག་ཡིན་མོད། འོན་ཀྱང་ཁྱོད་ཀྱིས་བསམ་བཞིན་དུ“ཚད་གཞི”ཞེས་པའི་ཞྭ་མོ་འདི་གྱོན་དགོས།ཤེས་དགོས་པ་ཞིག་ལ། “ཚད་གཞི”ཞེས་པའི་ཡིག་འབྲུ་འདི་གཉིས་ཀྱིས་སྐྱོ་གར་གྲངས་མེད་བྱུང་།
—«“ཚད་ལྡན་གྱི་དྲིས་ལན”ལ་བཏང་བའི་འཕྲིན་ཡིག»
ཆུས་ཀུང་། ལོ་ངོ་སྟོང་ཕྲག་དུ་མའི་རིང་ལ། སྐྱོན་ཅི་ཡང་མེད་པ་རེད། མཇལ་ཐེངས་རེར། རྩོམ་ཡིག་ཆེན་པོ་ཀློག་པ་དང་། ཡང་ན་ཡུན་རིང་དུ་གྱོད་དོན་གྱི་མགོ་འཛུགས་པ།ཡང་ན་འབྲུག་གྲུ་འགྲན་བསྡུར་བྱེད་པ། ལོ་ཆན་ལ་ལྟ་བ་དང་། ཉ་ལྟོ་བ་འགྲངས་བ། ཚོར་སྣང་ཟབ་པོ་དང་འབྲེལ་ནས་ཡོད། བསམ་བློ་ཡང་ཡང་བཏང་ན། ཁྱེད་ཀྱི་མཇུག་འབྲས་སམ་ཡང་ན“མཇུག་འབྲས”ལ་འགྱོད་པ་སྐྱེས་པ་རེད། ཁྱེད་ཀྱི་རྩོམ་ཡིག་དང་ཐབས་ཇུས་ལ་གཞིགས་ན། མི་རབས་ཕྱི་མའི་མི་རབས་བརྒྱ་ལ་མི་ག་ཚོད་ཀྱིས་ཁྱེད་དང་འགྲན་ཟླ་བྱེད་ཐུབ་པ་རེད། ཧོ་དཀའ་སྡུག་གིས་ས་ཁུལ་གྱི་ཁྲུའུ་རྒྱལ་པོ་ཞིག་གི་ཆེད་དུ་ཡང་མིན་ན་ཅུན་སྟོང་གི་སྟེང་དུ་འཕེན་དགོས་སམ།
—«ཆུས་ཡོན་ལ་ཕུལ་བའི་གསལ་འདེབས»
ཕྲེང་བའི་རྒྱན་སྤྱད་ན་བརྗིད་རྔམ་ལྡན།
གླག་རྒོད་ཀྱིས་རླུང་འཚུབ་ཀྱི་བཀག་འགོག་བརྒྱུད་ནས་ནམ་མཁའི་དབྱིངས་སུ་འཕུར།
རྟ་མཆོག་གིས་ཐག་པའི་འཆིང་རྒྱ་ལས་བརྒལ་ཏེ་པིན་ཁྲི་རྩྭ་ཐང་དུ་རྒྱུག
མཚོ་བྱ་ཆར་རླུང་དྲག་པོའི་ཕྱོགས་སུ་རྒྱུགས།
—«འཆིང་སྒྲོག་ལས་སྒྲོལ་བ»
སྦྲང་མས་བྱ་རྒོད་ཀྱིས་དགུང་སྔོན་དབྱིངས་སུ་འཕུར་ལྡིང་བྱེད་པར་ཡིད་སྨོན་བྱེད་པ་ལས། མེ་ཏོག་གི་རྡུལ་གྱིས་རང་བྱུང་ཁམས་ཆེན་མོའི་ཁ་མདོག་སྣ་ལྔ་བཀྲ་ཞིང་འབྲས་བུ་གཡུར་དུ་ཟ་བར་བྱེད་པ་དང་། བྱེ་མས་གཡུ་མདོག་སྔོ་ཞིང་དྭངས་བའི་རིན་ཐང་ལྡན་པར་ཡིད་སྨོན་བྱེད་བཞིན་ཡོད་མོད། འོན་ཀྱང་རང་ཉིད་ཀྱིས་ནམ་ཞིག་ལ་བདེ་ཞིང་ཡངས་པའི་ལམ་ཞིག་སྐྲུན་ཐུབ་པ་དང་། གག་ཕྲུག་བཙོག་པོ་ངང་བ་དཀར་པོ་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་མ་ཤེས་མོད། འོན་ཀྱང་རང་ཉིད་ལ་ཐུན་མིན་གྱི་ཉམས་འགྱུར་ཞིག་མངོན་བཞིན་ཡོད།
—«གསེར་ས་ན་ཡོད་ན་འོད་གནམ་ལ་འཕྲོ་ངེས»
ཟླ་འོད་འཕྲོས་དུས་ང་ནི་ཆེས་དྭངས་བ་ཞིག་ཡིན།
མར་ལྷུང་རྗེས་ང་ཆེས་དྲོན་པོ་ཡིན།
སྐྱ་ཐེར་ཐེར་གྱི་ལོ་འདབ་དམར་པོ་ཤར་དུས་ངས་ཚ་ཤོས་ཤིག་རྙེད་བྱུང་།
དྲི་ཞིམ་རྩྭ་ནི་བདག་གིས་བཏུས་པ་ཡིན།
མི་ཚོགས་མང་པོའི་ཁྲོད་ནས་ངས་རང་ཉིད་ཀྱི་གཤིས་ཀ་དང་མཐུན་པའི་མི་ཚེ་གང་འདེམས་དགོས་སམ།
—«སེམས་ནི་ཕྱོགས་གང་ལ་གཏོགས»
རབ་རྟོག་གི་རྒྱན་སྤྱད་དེ་རབ་རིབ་ཀྱི་སྣང་བ་བསྐྱེད་པ།
—«ཅི་ཞིག་ནི་མཛེས་པ་ཡིན་ནམ»
ཁྱོད་ཀྱི་མཆོང་ལྡིང་བྱེད་བཞིན་པའི་གདོན་འདྲེ་འདི། དགའ་སྤྲོའི་ངང་རྒྱུགས་ནས་ཐག་རིང་ནས་དལ་གྱིས་ཡོང་ཞིང་། རྫོགས་མཐའ་མེད་པའི་གཏམ་རྒྱུད་ཁྱེར་ནས་ངའི་ཀླད་པའི་ནང་དུ་ཡོང་། འོ། ཆུ། ངས་མཐོང་བྱུང་། ཁྱོད་ཀྱི་སྔོན་ཆད་ཀྱི་འདས་ཟིན་པ་མཐོང་བྱུང་།
—«ཆུའི་འཆར་ཡན»
དཔྱིད་རླུང་ལྡང་རྗེས། ཁུར་མོང་ཨ་མས་བྱིས་པའི་ལག་པ་བཏང་སྟེ། དེ་དག་རླུང་དང་འགྲོགས་ནས་རང་ཉིད་ཀྱི་སྡོད་གནས་འཚོལ་དུ་སོང་། ས་བོན་རྡོག་གཅིག་འདི་ཨ་མ་དང་ཁ་བྲལ་རྗེས། ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རང་ཉིད་ལ་འཚམ་པའི་ས་ཞིང་བདམས་པ་རེད། དེ་རླུང་དང་བསྟུན་ནས་མེ་ཏོག་ལྡུམ་ར་ཞིག་ཏུ་སླེབས། “འདི་ནས་མཛེས་སྡུག་བརྩོན་ལེན་བྱེད་པ་ཧ་ཅང་མང་། ང་མི་དགའ”ཞེས་བྲོས་སོང་།
—«ས་བོན་རྡོག་གཅིག»
དྲི་བ་འདོན་པའི་ཐབས་ཀྱིས་བསམ་གཞིག་གི་ཀློང་དུ་སྐྱེལ་བ།
ཅི་ཞིག་རེད། རྗེས་ཤུལ་མེད་པར་ཡོང་བ་རེད། གྲགས་འགུལ་ཅི་ཡང་མེད་པར་དུས་ཚིགས་ལས་བརྒལ་བའི་གླུ་དབྱངས་བཞག་ན་ཆོག་གམ།
ཅི་ཞིག་རེད། དལ་གྱིས་ཐོན་བྱུང་། ཡང་དལ་གྱིས་བུད་སོང་།
ཅི་ཞིག་རེད། དལ་མོར་བུད་སོང་། ཡང་དལ་གྱིས་ཐོན་བྱུང་། ལྷིང་འཇགས་ཀྱི་ས་གཞི་ནས་དཀར་ཞིང་གཙང་བའི་ཕུགས་འདུན་འགྲུབ་སོང་།
རྣམ་དཔྱོད་ཅན་གྱིས་གནམ་སྔོན་པོར་གཏད་དེ་འཛུམ་བཞིན་དུ། “དུས་ཚོད་རེད”ཅེས་བཤད།
བྱིས་པས་ཤོག་བྱ་བཟུང་ནས་ལག་པར་རྡེབ་པ་སྟེ། “རླུང་རེད།”
འཁྱམ་པོས“ཅི་ཡང་མ་རེད། རྨི་ལམ་ཞིག་རེད།”ཅེས་བཤད།
—«དྲིས་ལན་ཡོད་པའི་བདེ་སྐྱིད»
འདེམ་གསེས་འདི་འདྲ་ཞིག་ཡོད་དེ། ཕ་མ་འཐོར་སོང་། ཁྱོད་ཀྱིས་ཨ་ཕ་འདེམས་སམ་ཡང་ན་ཨ་མ་འདེམས།
གདམས་གསེས་འདི་འདྲ་ཞིག་ཡོད་པ་སྟེ། ཆུང་མ་དང་བྱིས་པ་གཉིས་མཉམ་དུ་ཆུར་ལྷུང་། ཁྱོད་ཀྱིས་ཆུང་མ་འདེམས་སམ་བྱིས་པ་འདེམས།
འདེམས་གསེས་འདི་འདྲ་ཞིག་ཡོད་པ་སྟེ། ལམ་འགྲོ་བ་གཞན་གྱིས་འཕྲོག་སོང་། ཁྱོད་ཀྱིས་བདེན་པའི་རྒྱབ་ལངས་བྱེད་དགོས་སམ་ཡང་ན་རང་ཉིད་སྲུང་དགོས།
……
མི་ཚེ་ནི་རྒྱུགས་ཤོག་གཅིག་གི་ཆེད་དང་། དེ་ལ་འདེམ་གསེས་མང་པོ་ཡོད་སྲིད། འོན་ཀྱང་མ་འདེམས་ཐབས་མེད་ཡིན་པ་མ་ཟད་ད་དུང་སྐར་གྲངས་ལྟར་རྩིས་རྒྱག་མི་དགོས། སྐབས་ལ་ལར། AདངBཁྱོད་ཀྱིས་བློས་གཏོང་མི་འདོད་མོད། འོན་ཀྱང་དེ་ནི་འདྲི་གཞི་ཁེར་རྐྱང་ཞིག་ཡིན་པར་ཐེ་ཚོམ་མེད། དེས་ཁྱོད་ལ་བཤད་རྒྱུར། ཁྱོད་ཀྱིས་ངེས་པར་དུ་བློས་གཏོང་ཤེས་དགོས།
—«འདོར་ཤེས་དགོས»
ཟླ་བོ་བཀོལ་བས་གཟབ་ལ་གྲལ་དག་པ།
རླུང་ནི་ལྡང་། མི་ནི་འགྲོ། ཕ་རོལ་ནས་རླུང་དྲིལ་གྲགས།
མཛེས་སྡུག་ཅིག་ཡོད་པ་དེའི་མིང་ལ་མི་རྒྱལ་བ་ཟེར། ཚོར་བ་ཞིག་ཡོད་པ་དེའི་མིང་ལ་ངོ་མཚར་ཟེར། བདེ་སྐྱིད་ཅིག་ཡོད་པ་དེའི་མིང་ལ་ཁྱོད་དང་འགྲོགས་ནས་བར་སྣང་ལ་རྒོལ་བ་དང་ཉམས་འགྱུར་མངོན་ཡོད།
—«བསྒྲགས་བྱུང་། ཕ་རོལ་གྱི་རླུང་དྲིལ»
གསོན་ནས་བསྡད་ན་ངོ་མ་ཐང་ཆད་པ་རེད། མི་ཞིག་གིས་འདི་འདྲའི་ཚོར་སྣང་ཟབ་མོ་སྐྱེས་པ་རེད།
གསོན་ནས་བསྡད་ན་ངོ་མ་སྡུག་པོ་རེད། མི་ཞིག་གིས་འདི་ལྟར་དབུགས་རིང་ཞིག་འབྱིན།
གསོན་ནས་བསྡད་ན་ངོ་མ་སྐྱིད་པོ་རེད། ང་འདི་ལྟར་འཚོ་བ་ལ་འདང་རྒྱག་རྒྱུར་དགའ། ངའི་ངོ་གདོང་མི་གཞན་ལས་ཉུང་ངམ། མ་རེད། རྒྱུ་མཚན་ནི་ངའི་ཁོག་ན་ཡི་གེ་བཞི་ཡིས་བཀང་ཡོད་པ་རེད། འཚོ་བ་ལ་རྩིས་བརྒྱག་རྒྱུ་དེ་རེད།
—«འཚོ་བ་གྲངས་བཤེར»
དུས་ཚོད་ཀྱི་འབྱིན་རྔུབ་ལས་ལོ་རྒྱུས་རིང་ཞིང་རྒྱང་རིང་བའི་སྒྲ་ཆུང་འབྱིན་ཐུབ།
བསིལ་རླུང་གི་མཛུབ་མོས་མི་སེམས་འགུལ་བའི་སྒྲ་གྲགས་བྱུང་།
རྣམ་ཤེས་ཁྲོད་དུ། དྭངས་གཙང་དང་དྲོད་འཇམ་གྱི་དྲི་མ་ཞིག་སྟེ། དུ་བའི་ཟྭ་བརྒྱུད་ནས་ཐོག་ཁང་གི་རབ་རིབ་དང་། སྒྲོ་ནི་སེམས་འགུལ་ཐེབས་པའི་མིག་ཆུ་དྭངས་མོ་ཞིག་ཏུ་གྱུར།
ཆར་བ་མང་བའི་མཚན་མོ་ཞིག་ལ། ཇ་འཐུང་རྗེས། ལྷིང་འཇགས་ངང་རང་བྱུང་ཁམས་ཀྱི་གླུ་སྐད་ལ་ཉན།
—«རང་བྱུང་ཁམས་ཀྱི་སྐད་སྒྲར་ཉན་དགོས»
ཡིད་རྟོན་ནི་དཔྱིད་ཀའི་ཉི་འོད་དང་པོ་དང་འདྲ་བར་མི་རྣམས་ཀྱིས་ཡིད་སྨོན་བྱེད་པ་དང་བློ་ཁོག་ཆེན་པོས་དང་ལེན་བྱེད་པ། དཔེར་ན་དབྱར་ཁའི་ཞི་ཀྭ་ཞིག་ཁ་ནང་དུ་འདུས་ཤིང་། སེམས་སུ་མངར། དཔེར་ན་སྟོན་ཁའི་རྒྱང་རིང་དུ་འཕྱུར་བའི་སྡོང་ལོ་དམར་པོ་ཞིག་དང་འདྲ་བར་སེམས་ཁུར་ཚད་མེད་བྱེད་པ། དཔེར་ན་དགུན་ཁར་གནམ་ལ་འཕུར་བའི་ཁ་བའི་འདབ་མ་བཞིན་དུ་ནམ་ཡང་དྭངས་གཙང་ཡིན།
—«ཁ་དན་ཚིག་གནས། དུས་གཏན་གྱི་ལྗང་མདོག་གཱ»
བློ་སྒོ་འབྱེད་པའི་བྱིས་པའི་མིག་ནང་དུ། ཐིག་ལེ་ནི་གསེར་མདོག་གི་ཉི་མ་ཡིན་ལ། ཚ་ལམ་ལམ་གྱི་བྱ་སྒོང་ཡིན་ལ། བཞད་ཡོད་པའི་མེ་ཏོག་ཉི་དགའ་ཡིན། སྒོར་དབྱིབས་ཀྱི་ཁྲོག་ལེ་ཞིག་ཡིན། ཨ་མས་བསྲེགས་པའི་དྲི་ཞིམ་འཐུལ་བའི་ཀ་ར་ཞིག་ཀྱང་ཡིན།
—«ཀླད་ཀོར་གྱི་བསམ་པ།»
ཁ་དན་ཚིག་གནས་ནི་ཅི་ཞིག་ཡིན་ནམ། ཁ་དན་ཚིག་གནས་ནི་མི་མེད་ལུང་སྟོང་དུ་བཞུར་བའི་དྭངས་ཤིང་གཙང་བའི་ཆུ་མིག་ཅིག་ཡིན། ཁ་དན་ཚིག་གནས་ནི་གྲང་ངར་ཆེ་བའི་དགུན་ཁའི་ཟླ་བའི་རེས་མོས་ང་རྒྱལ་བྱེད་པའི་དཔྱིད་མགོའི་མེ་ཏོག་ཅིག་ཡིན། ཁ་དན་ཚིག་གནས་ནི་མཚན་མོར་ལམ་དུ་འགྲོ་དུས་ཀྱི་མདུན་དུ་སྲན་མས་ཁེངས་པ་ལྟ་བུའི་སྒྲོན་མེ་ཞིག་ཡིན། ཁ་དན་ཚིག་གནས་ནི་གཡེང་ཞིང་ངེས་གཏན་མེད་པའི་མིའི་མཚོ་ནང་དུ་ཕྱོགས་སྟོན་བྱེད་པའི་གློག་སྒྲོན་ཞིག་ཡིན།
—«ཁ་དན་ཚིག་གནས་ནི་ཅི་ཞིག་ཡིན།»
འབོད་བརྡས་མི་སེམས་འགུལ་བ།
ཡིད་སྐྱོ་བའི་དབུགས་རིང་ཞིག་འབྱིན་ཏེ། “རྦ་རླབས་ནི་དྭངས་ཤིང་གཙང་བས། ངའི་སྡུག་བསྔལ་སེལ་ཐུབ། རྦ་རླབས་ཀྱི་ཆུ་ཉོག་དེས་ངའི་རྐང་བ་བཀྲུ་ཐུབ”ཅེས་བཤད།
—«ཆུའི་འཆར་ཡན»
ཐེངས་སྔོན་མར་ཁྱོད་ལ་བལྟ་དུས་ནམ་ཡིན་པ་ཡིད་ལ་མི་དྲན། ཨ་ཕ།
ངས་སྐབས་དེའི་ཁྱེད་རང་ཡིད་ལ་དྲན། སྐྲ་ནག་ཅིང་སྐྱི་ལྤགས་ལ་ཟངས་མའི་འོད་ཀྱིས་ཁེངས་ཡོད། གཞོན་ནུའི་དུས་ཀྱི་གྲོང་གསེབ་ཀྱི་འཚོ་བས་ཁྱེད་ལ་བདེ་ཐང་གི་གཟུགས་གཞི་ཞིག་སྦྱིན་ལ། ཁྱེད་ཉིད་སྤྱི་ཚོགས་འདིའི་ཁྲོད་སྐད་ཆ་ཉུང་དུ་བཏང་།
—«བར་ཁྱད་འདུགངས་ཁྱེད་རང་མཐོང་སོང»
ལོ་དུ་མར་ཟླ་འོད་འཕྲོས་པའི་ལམ་ཆུང་དེར་མ་ཞུགས། ལམ་ཆུང་དེ་ནི་ཨ་ཕས་དངོས་སུ་གྲམ་རྡོ་བཏིང་ནས་ཟླ་བའི་འོག་ཏུ་རབ་རིབ་འཇམ་འཇམ་གྱི་འོད་ཞིག་འཕྲོས་འདུག ལམ་དེའི་ཕྱོགས་སུ་ཆུ་འགྲམ་དེའི་ཁང་ཆུང་སྦྲེལ་ནས་ངའི་ཨ་ཕ་དང་འབྲེལ། ཨ་ཕ་ལགས། ཁྱོད་སྔར་བཞིན་མཚོ་འགྲམ་དུ་བསྡད་དེ་སྐྱོ་བའི་ངང་གླིང་བུས་འབུད་བཞིན་ཡོད་དམ། བུ་ཆུང་ཕྱིར་ཡོང་བར་སྒུག་བཞིན་ཡོད་དམ།
—«ལམ་ནི་ཟླ་བའི་རྗེས་ཤུལ་ཡིན།»
ཚིག་རྒྱན་བཀོལ་ན་ཧ་ཅང་མཛེས།
—«མི་མངོན་པའི་ནུས་ཤུགས་སྨྲ་བ་མེད་པ»
ཕུ་བོ། ཤ་མདོག་ནག་པོ་དང་། དཔུང་བ་སྦོམ་པོ་ཞིག་གཡག་ཞིག་དང་འདྲ། ཕུ་བོ་རྩུབ་པོ་དང་། སྐྲ་ཟིང་ཟིང་ཞིག་དང་འདྲ། ངལ་དུབ་དང་འཁང་ར་བཟོད་པའི་རྟ་ཞིག་དང་འདྲ། ཕུ་བོ། སྨྲ་བ་ཉུང་བ། ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱས། བོང་བུ་ཞིག་དང་འདྲ། ཚང་མས་ཕུ་བོ་ནི་རྙེད་པ་རེད་ཟེར། རྒྱུ་མཚན་ནི་ཕུ་བོ་ནི་ཟ་མ་ཟ་རྒྱུ་ཡོད་ན་ཕྱུགས་ཟོག་དང་འདྲ་བར་འབད་པས་ལས་ཀ་ལས་བཞིན་པའི་ཁྱིམ་གྱི་ངལ་རྩོལ་པ་གཅིག་པུ་དེ་རེད།
བསིལ་རླུང་དལ་གྱིས་ལྡང་བྱུང་། ཕུ་བོའི་དབུགས་རྔུབ་པའི་སྒྲ་གྲགས་བྱུང་། གྲོ་སྙེའི་རྦ་རླབས་ཁྲོད་དུ་ཕུ་བོའི་རྔུལ་ཆུའི་ཐིགས་པ་རེ་རེ་བཞིན་འཕུར་ལྡིང་བྱེད་བཞིན་ཡོད། ཉི་འོད་འོག་ཏུ། མུ་ཏིག་ཞིག་དང་འདྲ་བར་མཐའ་མེད་པའི་གྲོ་སྙེའི་རྦ་རླབས་འཕྱུར་བྱུང་།
—«ཕུ་བོ། རྙེད་པ་ཡིན་ནམ།»
མུ་མཐའ་མེད་པའི་ནམ་མཁའ་ནི་བྱ་རྒོད་ཀྱི་མི་ཚེའི་འགྲུལ་བཞུད་ཡིན།མུ་མཐའ་མེད་པའི་ས་གཞི་ནི་མི་ཚེ་གང་བོའི་ལམ་ཐག་ཡིན།
བཞུར་བཞིན་པའི་ལོ་ཟླ་ནི་མིའི་མི་ཚེ་གཅིག་གི་འགྲུལ་བཞུད་ཡིན།
ཉི་མ་ནུབ་པ་དང་། ཉི་མ་ཤར་བ།མེ་ཏོག་བཞད་པ། དུས་ཚོད་འདས་པ་བཅས་ཀྱི་སྐབས་སུ། ང་ཚོས་ཁུག་མ་ཁུར་ནས་དུས་གཏན་དུ་མུ་མཐའ་མེད་པའི་འགྲུལ་བཞུད་ཁྲོད་བསྐྱོད་དེ། སང་ཉིན་གྱི་ཉི་མ་སྙེག་པ་དང་། དེ་རིང་གི་ཕུགས་འདུན་འགྲུབ་པ། ཁ་སང་གི་ཕུགས་འདུན་འགྲུབ་པ། མཛེས་སྡུག་ལྡན་པའི་མ་འོངས་པ་ཡོད་པ་བཅས་ཀྱི་ཆེད་དུ། ང་ཚོས་ཁ་རོག་གེར་ཡིད་ཆེས་ཤིག་བརྟན་སྲུང་བྱས་ཏེ། ནམ་ཡང་མཚམས་མི་འཇོག་པ་དེ་རེད།
—«ངལ་དུབ་སེལ་བ།»
ངོ་མཚར་གྱི་གཏམ་རྒྱུད་བརྗོད་ན་མི་རྣམས་ཀྱི་ཡིད་སེམས་འགུག་ཐུབ།
—«ཡུས་ཀུང་གསར་པ་དང་ཀྲི་སོའུ་ཡི་གཏམ་རྒྱུད»
སྐྱ་ཀས་བརྡ་ཁྱབ་ཆེན་པོ་ཞིག་སྦྱར་བ་སྟེ། “དུས་རབས་ཀྱི་དགོས་མཁོ་དང་བསྟུན་ཆེད། ང་ཚོའི་སློབ་གྲྭས་ཀུན་ཐུབ་ཀྱི་སྤུས་ཚད་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། སློབ་སྦྱོང་མ་བྱས་ནའང་མ་བྱས་ན། མ་བྱས་ནའང་མ་ཁྲིད་ན། ཁྱོད་ཀྱི་བྱིས་པ་ཅི་ཡང་མི་ཤེས་པ་ཞིག་ཏུ་གྱུར་ནས་འགྲན་རྩོད་ཁྲོད་མི་ཕམ་པའི་གནས་སུ་ལངས་རྒྱུ་རེད། སློབ་ཡོན་སློབ་སྐབས་རེར་སྒོར3000དང་། གསོ་སྐྱོང་གྲོན་དངུལ། སྒོར2000རོགས་སྐྱོར་གྲོན་དངུལ། སྒོར15000བཅས་ཡིན།”
—«ཀུན་ཐུབ་སློབ་གྲྭ»
ད་དུང་མིའི་ཉ་ཀོང་ཇོ་དང་རྒྱལ་སྲས་ཀྱི་གཏམ་རྒྱུད་དྲན་ནམ། རྒྱལ་སྲས་ཧྲིན་ཅེ་ཡི་གདན་ཞུའི་མདུན་དུ། མིའི་ཉ་ལ་མིག་ཆུ་ཡོད་ཀྱང་འཛུམ་གྱིས་དང་ལེན་བྱས། མཉེན་འཇམ་གྱི་རྐང་བ་གྲིའི་རྩེ་མོར་ཤུད་མྱོང་མོད། མི་ཆུང་ཉ་ཡིས་ཁོ་མོའི་གར་སྟབས་དཀྲུགས་མ་མྱོང་། གཏམ་རྒྱུད་འདི་ཀློག་ཐེངས་རེར་མིག་ཆུ་དབང་མེད་དུ་ཤོར་བ་དང་། མི་ཆུང་ཉ་ཡིས་ཁོ་མོས་རྒྱལ་སྲས་ལ་བཅངས་པའི་ཟོལ་མེད་ཀྱི་བརྩེ་དུང་གིས་ལྷ་མའི་གཉིད་བཤད་ཁྲོད་ཀྱི་གཏིང་ཟབ་པར་ངོས་འཛིན་གང་ལེགས་བྱས། བརྩེ་དུང་ཟབ་མོས་ཁོ་མོ་བརྩེ་དུང་དང་འཚོ་གནས་ལ་ཤེས་རྟོགས་ཟབ་མོ་བྱུང་དུ་བཅུག
—«ངའི་མིག་ལ་ལྟ»
བུ་མོ་ཆུང་ཆུང་ཁྲ་ཁྲ་ཡིས་ཉི་ཤར་ལ་བལྟ་བའི་ར་བ་ནས་ཐེངས་གཅིག་ལ་རྩེད་རྗེས། ད་གཟོད་འཇིག་རྟེན་སྟེང་གི་མི་རྣམས་ཀྱིས་ང་ལ་བཤད་རྒྱུ་མང་པོ་ཡོད་པ་ཤེས། བུ་མོ་ཆུང་ཆུང་དེར་ངས་མ་ཉེས་ཁག་གཡོགས་བྱས་སོང་།
མི་རྣམས་ཀྱིས་ཉམས་ཆུང་ཞིང་རླུང་མི་འགོག་པའི་ནུ་མོ་ལིན་ལ་ཕྱོགས་ཞེན་ཡོད། ངས་རེ་རེ་བཞིན་བཤད་ནས་ང་ལ་སྡིགས་མོ་བྱེད་པ་དང་། ལ་ལས་ང་ལ་ཚུལ་འཆོས་བྱེད་པ། ལ་ལས་ང་ལ་ཁེ་གྲགས་ལ་དགའ་བ། ལ་ལས་ངས་མི་གཞན་པའི་མཛེས་སྡུག་གི་བརྩེ་དུང་ལ་གཏོར་བརླག་བྱེད་པ་སོགས་ཀྱི་རྐྱེན་རེད། འདི་དག་ཚང་མ་ནི་ཁོ་ཚོས་མདོག་ལྡན་གྱི་མིག་ཤེལ་གྱིས་ང་ལ་བལྟ་བའི་རྐྱེན་གྱིས་རེད།
—«ཁྲ་ཁྲ་ཁྲ་ལས་བྱུང་བའི་མ་ཉེས་ཁག་གཡོགས»
ལེའུ་ཧེ་བརྩམས་སྒྲུང་འབྲི་སྟངས།
—«རྒྱལ་ཁབ་གསུམ་གྱི་དཔའ་བོའི་གྲོས་ཚོགས།»
ལིའང་ཧྲན་པའོ་ཡི་འདུ་འཛོམས་ཁང་དུ་ད་ལྟ་གློག་འོད་གསལ་བ་དང་། མི་རྣམས་ཀྱིས་སྐད་ཅོར་ཆེན་པོ་རྒྱག་བཞིན་ཡོད། དཔའ་བོ་བརྒྱ་དང་བརྒྱད་པོ་ཚང་མ་འདིར་འཛོམས་ནས་ཚང་མས་རྩོད་གླེང་བྱེད་བཞིན་ཡོད། ཁོ་ཚོས་རྩོད་པ་ཅི་ཞིག་རྒྱག་བཞིན་ཡོད། མ་གཞི་ལིའང་ཧྲན་པའོ་ཡིས་ཉེ་ཆར་སྟག་གི་དཔའ་བོ་དཔྱད་འདེམས་བྱེད་བཞིན་ཡོད། གཟི་བརྗིད་ཀྱི་མཚན་སྙན་འདིར་དཔྱད་འདེམས་བྱེད་དུས་ལང་ཧྲན་པའི་རྐུབ་སྟེགས་གཉིས་པར་བསྡད་ཆོགདེའི་རྐྱེན་གྱིས་དཔའ་བོ་རྣམས་མཉམ་དུ་འཛོམས་ནས་རྩོད་གླེང་བྱེད་བཞིན་ཡོད།
—«སྟག་གསོད་པའི་དཔའ་བོ་སུ་ཡིན།»
ཁ་བྱང་གིས་ནང་དོན་གཙོ་བོ་གསལ་སྟོན་པ།
—འདྲི་གཞིའི་ཟིན་ཐོ།
གལ་ཏེ་ཁྱོད་ཀྱི་སྒོར་མོ་བོར་སོང་ན། ཁྱོད་ཀྱིས་ཆ་ཤས་ཤིག་ཤོར་སོང་བ་རེད།
གལ་ཏེ་ཁྱོད་ཀྱི་བདེ་ཐང་ཤོར་སོང་ན། ཁྱོད་ལ་ཕྱེད་ཀ་ཤོར་སོང་།
གལ་ཏེ་ཁྱོད་ལ་ཡིད་རྟོན་མེད་སོང་ན། ཁྱོད་ཕལ་ཆེར་དབུལ་བོ་ཞིག་ཏུ་འགྱུར་སྲིད།
—འདྲི་གཞིའི་ཟིན་ཐོ།
སྤྲིན་པ་ཡོད་ན་ཆར་བ་འབབ་སྲིད། ཁུང་བུ་སྟོང་བ་དང་འདྲ་བར་རླུང་ཡོང་བཞིན་ཡོད།
བརྩེ་དུང་ནི་ཐད་ཀར་ཤེས་རྟོགས་དང་འབྲེལ་བ་ཡོད། དེས་རྒྱུན་དུ་བྱ་དངོས་ཀྱི་ཐག་གཅོད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད།
—འདྲི་གཞིའི་ཟིན་ཐོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།