ངོས་དང་པོ > སྣོད་བཅུད། > སྐྱེ་ཁམས་སྲུང་སྐྱོང་། > མཚོ་ལྷོ་ཁུལ་གྱིས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ་ལྗང་མདོག་གི་ཕ་ས་བསྐྲུན།
མཚོ་ལྷོ་ཁུལ་གྱིས་སྡོང་འཛུགས་ནགས་སྐྲུན་བྱས་ཏེ་ལྗང་མདོག་གི་ཕ་ས་བསྐྲུན།
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-04-16 16:38:54
ཀློག་གྲངས།:
ཟླ4པའི་ཚེས16ཉིན་གུང་ཧོ་རྫོང་གིས2024ལོའི་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་བྱ་བའི་སྐུལ་སློང་ཚོགས་ཆེན་བསྡུས་ཤིང་། མཚོ་ལྷོ་ཁུལ་གྱིས་དཔྱིད་དུས་ཀྱི་སྡོང་འཛུགས་ནགས་སྐྲུན་གྱི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས།
རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ལོ2024ལོར་གུང་ཧོ་རྫོང་གིས་ཆབ་ཆ་གྲོང་རྡལ་ས་ཁུལ་གྱི་སྡོང་འཛུགས་རྒྱ་ཁྱོན་མུའུ1800ཡན་ཟིན་པས་ལོ་སྔོན་མ་དག་ལས་གཞི་ཁྱོན་ཆེས་ཆེ་བ་དང་། ཞུགས་མཁན་མི་གྲངས་ཆེས་མང་བ། ཕན་འབྲས་ཆེས་མངོན་གསལ་ཡིན་པའི་སྡོང་འཛུགས་ནགས་སྐྲུན་གྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐཱན་སྙོམ་སྦྱོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་འཇུག་སྒོ་བྱས་ཏེ། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱས་ཤིང་། 2023ལོར་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཏང་ཨུད་དང་སྲིད་གཞུང་གིས“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་དམངས་ཡོངས་ལ་སྐུལ་ཁྲིད་ཧུར་ཐག་བྱས་ཏེ་དུམ་པ་ས་ཁུལ་དང་བདེ་སྐྱིད་ཐང་སོགས་གནས་ཁུལ5ཡི་ས་མུའུ1863ནང་སྡོང་འཛུགས་ནགས་སྐྲུན་བྱས་ཏེ། སྡོང་ཕྲུག་རིགས་ཁྲི13.8བཙུགས་པ་དང་། སྡོང་འཛུགས་ནགས་སྐྲུན་ནང་ཞུགས་མཁན་མི་ཐེངས་ཁྲི5.2ཟིན་པར་བྱས་ཏེ་སྡོང་འཛུགས་བྱེད་ཚད85%ཡན་ཟིན་ཡོད་པས། རྒྱལ་ཁོངས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་བརྩིས་ནས་རྒྱུན་སྐྱོང་ལྷོད་མེད་བྱས་ཏེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་ཡོང་བར་སྐུལ་འདེད་བཏང་ཡོད།
སྡོང་འཛུགས་བྱེད་སྒོའི་ཡུལ་དངོས།
སྡོང་འཛུགས་བྱེད་སྒོའི་ཡུལ་དངོས།
པར་ལེན་པ། ཚེ་རིང་འབུམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
-
མདོ་དབུས་མཐོ་སྒང་ནས་ལོ་ངོ་དུང་ཕྱུར2.2ཟིན་པའི་ཆུ་སྲིན་ཧྲ་ཡུས་ཀྱི་འགྱུར་རྡོ་རྙེད།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།