མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བདུན་ལོན་པའི་ལེགས་སྐྱེས་སུ་ཕུལ།
1.འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་གཟིགས་སྐྱོང་།
2014ལོའི་ཟླ7པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁའེ་ལགས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་ཕེབས་ནས་མཚོ་སྔོན་པོ་དྲ་བ་དང་ཡོངས་འཛིན་འཚོལ་བཤེར་མ་ལག་གསར་སྤེལ་ལས་གཞིའི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་དང་མཛུབ་སྟོན་གནང་བ་རེད། ཁོང་གིས་བསྟན་དོན། བོད་ཡིག་ནི་འཛམ་གླིང་གི་སྔོན་ཐོན་ཡིག་རིགས་ཤིག་ཡིན་པས་བཀོལ་སྤྱོད་དང་མངོན་མཚོན་གྱི་སྟེགས་བུ་སྔོན་ཐོན་ཞིག་བསྐྲུན་དགོས་ཤིང་། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་བོད་མི་རིགས་ཙམ་དུ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞི་ཆེན་མོའི་ལོ་རྒྱུས་སྟེང་དོན་སྙིང་གལ་ཆེན་ལྡན་པའི་ལས་གཞི་བླ་མེད་ཅིག་ཡིན་པས། ལས་བཟོ་བ་རྣམས་ཀྱིས་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་ཆེར་བསྐྱེད་ནས་ལས་གཞི་ཆེན་པོ་འདིར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བྱེད་དགོས་པ་དང་། ལས་གཞི་ལེགས་འགྲུབ་འབྱུང་བར་ང་ཚོས་མཐུན་རྐྱེན་གང་ལེགས་དང་གང་འཛོམས་བསྐྲུན་ངེས་ཡིན་ཞེས་བརྗོད་པ་རེད།
2014ལོའི་ཟླ11པའི་ཚེས18ཉིན། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་ཏུའུ་ཁྲེང་ཀྲུང་དང་ཁུལ་དཔོན་གཞོན་པ་སྟག་འབུམ་རྒྱལ་གཉིས་མཚོ་སྔོན་པོ་དྲ་བའི་རྩོམ་སྒྲིག་ཁང་དང་ཡོངས་འཛིན་གྲངས་མཛོད་ལྟེ་གནས་སུ་གཟིབས་ཞིབ་དང་ལས་བྱེད་མི་སྣར་འཚམས་འདྲི་གནང་བར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གང་ཐུབ་ཅི་ནུས་སྒོས་མཚོ་སྔོན་པོ་དྲ་བའི་འཛུགས་སྐྲུན་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་གནང་ངེས་ཡིན་ཞེས་བསྟན་པ་རེད།
2.དྲ་གྲོགས་ལྷན་རྒྱས་ཀྱི་རྒྱབ་སྐྱོར་འཛད་མེད།
མཚོ་སྔོན་པོ་དྲ་བའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རྒྱ་ཆེའི་དྲ་གྲོགས་རྣམས་ང་ཚོ་དང་མཉམ་དུ་དམིགས་པ་གཅིག་ཏུ་གཏད་ནས་ཐུན་མོང་གིས་བརྩོན་པ་ལྷུར་ལེན་བྱས་པར་བརྟེན་ནས་དྲ་རྒྱ་འདི་ཉིད་རིམ་གྱིས་མཚར་ལོངས་བྱུང་ཞིང་འབྲས་བུ་མཚར་དུ་དངར་བ་ཐོན་པ་སྟེ། མིག་སྔའི་བར་དུ་མཚོ་སྔོན་པོ་བོད་ཡིག་དྲ་བའི་སྟེང་ཆ་འཕྲིན7557སྤེལ་བ་དང་། མཚོ་སྔོན་པོ་རྒྱ་ཡིག་དྲ་བའི་སྟེང་ཆ་འཕྲིན10150སྤེལ། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས81484སྤེལ་བ་དང་། ཐོ་འགོད་བྱེད་མཁན8547ལ་བསླེབས། ལྡེབ་ཚད2225997ལ་བསླེབས། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས6160སྤེལ་བ་དང་། ཐོ་འགོད་བྱེད་མཁན1246ལ་བསླེབས། ལྡེབ་ཚད97523ལ་བསླེབས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com