མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བདུན་ལོན་པའི་ལེགས་སྐྱེས་སུ་ཕུལ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-28 10:39:00 ཀློག་གྲངས།:
  4. མཚོ་སྔོན་པོ་དྲ་བའི་འཕེལ་རྒྱས་བགྲོད་རིམ།
  (1)2010ལོའི་ཟླ11པའི་ཚེས28ཉིན།

  ཉིན་མོ་དེར་མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་ནས་ལོ་འཁོར་གསུམ་ལོན་པའི་ལེགས་སྐྱེས་སུ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དྲ་བ་ཤར་གཏོང་བྱས་ཤིང་། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནི་མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས་ཀྱི་རྨང་གཞིའི་སྟེང་གྲངས་མཛོད་བསྒྱུར་སྒྲིག་བྱས་ནས2010ལོའི་ཟླ6པར་བསྐྲུན་པ་དང་། ཟླ7པར་ཚོད་ལྟ་བྱས་ནས། ཟླ་གསུམ་ཙམ་མ་ལོན་པར་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་བསྟོད་པའི་མེ་ཏོག་གཏོར་ཞིང་། དཔྱད་བརྗོད་སྤེལ་ཚད་དང་ཟིན་བྲིས་སྤེལ་ཚད་བོད་འབྲེལ་ཟིན་བྲིས་ལས་ཡང་རྩེ་རུ་སོན།
  (2)2011ལོའི་ཟླ11པའི་ཚེས28ཉིན།


  མཚོ་སྔོན་པོ་དྲ་བ་བཙུགས་ནས་ལོ་འཁོར་བཞི་ལོན་པའི་བཀྲ་ཤིས་པའི་ཉིན་མོར། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱིས་ངེད་དྲ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུ་ཆེད་མཚོ་སྔོན་པོའི་རླབས་སྒྲ(http://music.amdotibet.com)ཞེས་པའི་གླུ་གཞས་དྲ་ཚིགས་ཤིག་ཀུན་གྱི་རྣ་བའི་བདུད་རྩའི་དཔལ་དུ་ལེགས་སྐྱེས་སུ་ཕུལ།
   (3)2012ལོ།
  《རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་རྒྱ་འགྱུར་མའི་ཆེད་བསྒྲིགས་ལེ་ཚན》བསྒྲིགས་ནས་ཀློག་གྲངས་འབུམ་གཅིག་བརྒལ་བ།
མཚོ་སྔོན་པོ་རྒྱ་ཡིག་དྲ་བའི་རྩོམ་རིག་ལེ་ཚན་དུ《རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བརྩམས་སྒྲུང་རྒྱ་འགྱུར་མའི་ཆེད་བསྒྲིགས་ལེ་ཚན》ཞིག་བསྒྲིགས་ཤིང་། ཏག་ཏག་ཟླ་བཞི་ཙམ་གྱི་རིང་དུ་ཀློག་གྲངས་མི་ཐེངས་འབུམ་གཅིག་ལས་བརྒལ་ལ། དྲ་རྒྱ་གཞན་དང་། པོད་ཕྲན། སྐད་འཕྲིན་སོགས་སུ་རྒྱ་ཆེན་པོར་བརྒྱུད་སྤེལ་བྱས། 《ཧཱ་པ་གསོས་པའི་ཟིན་ཐོ》དང《སྒོ་ཁྱི》སོགས་ལ་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ།
  (4)2013ལོའི་ཟླ4པར། བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་བྱེད་འགོ་ཚུགས་པ།
 

  ཟླ4ནས་བཟུང་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་ལས་གཞི་འགོ་ཚུགས་ཤིང་། འཚོལ་བཤེར་མ་ལག་གི་མིང་ལ་བོད་ཡིག་ཏུ་ཡོངས་འཛིན་ཞེས་པ་དང་། རྒྱ་ཡིག་ཏུ“云藏”ཞེས་སུ་བཏགས། དྲ་གནས་ཀྱི་མིང་ལ“www.yongzin.com”ཞེས་ཐོ་འགོད་བྱས། ཟླ12པའི་ཚེས1ཉིན་མཚོ་སྔོན་པོ་དྲ་བའི་སྟེང་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར་སྤེལ་ཞིང་། 2014ལོའི་ཟླ8པར་མཚོན་རྟགས་ཇུས་འགོད་ཀྱི་བླང་བྱ་ལྟར་ལག་སོན་བྱུང་བའི་བརྩམས་ཆོས103ཁྲོད་བརྩམས་ཆོས་ལེགས་ཤོས་གཅིག་བདམས་ཐོན་བྱུང་ནས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་མཚོན་རྟགས་སུ་གཏན་འབེབས་བྱས།
   (5)2014ལོར་ཡོངས་འཛིན་འཚོལ་བཤེར་མ་ལག་གསར་སྤེལ་གྱི་ལས་གཞིར་ཕན་འབྲས་མངོན་སུམ་ཐོན་པ།
ཡོངས་འཛིན་འཚོལ་བཤེར་མ་ལག་གི་གསར་སྤེལ་ལས་གཞི་དེ་གྲངས་མཛོད་འཛུགས་སྐྲུན་གྱི་སྡེ་དང་། མིང་མཚམས་འབྱེད་པའི་སྡེ། ཡོངས་འཛིན་འཚོལ་བཤེར་མ་ལག་གི་སྒྲོམ་གཞི་བསྒྲིག་པའི་ལག་རྩལ་གྱི་སྡེ་བཅས་ཚོ་ཁག་གསུམ་དུ་བགར་ནས་སོ་སོའི་ལས་བགོས་ལྟར་ཕྱར་བ་གྲུ་འདེགས་དང་ནུས་ཤུགས་ཡོད་རྒུས་ལས་གཞིའི་འཛུགས་སྐྲུན་རྒྱ་ཆེན་པོར་སྐུལ་སྤེལ་བྱས། 
 

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།