ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > པིར་གྱི་རྩེ་ནས་མཚོ་ལྷོ་འབྲི། །གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། །
པིར་གྱི་རྩེ་ནས་མཚོ་ལྷོ་འབྲི། །གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། །
རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-05-20 08:43:39
ཀློག་གྲངས།:
མཚོ་ལྷོ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་ཨུའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་ཚོགས་པ་མཚོ་ལྷོ་ཁུལ་ཨུ་ལྷན། ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཁུལ་དཔེ་མཛོད་ཁང་བཅས་ཀྱིས་རོགས་སྒྲུབ་ཀྱིས་གཉེར་བའི་ཡིག་གཟུགས་་དང་རི་མོའི་འགྲན་སྡུར་ཆེན་མོ། “པིར་གྱི་རྩེ་ནས་མཚོ་ལྷོ་འབྲི། །གཅིག་མཐུན་ཚོགས་པ་བརྟན་པོར་འཛུགས། །”ཞེས་པ་བརྗོད་དོན་ཡིན་པའི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་དང་པོ་རུ་བསྡུས།

མཚོ་སྔོན་དགེ་ཐོན་སློབ་ཆེན་རིག་དེབ་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་གཞོན་པ། དགེ་རྒན་ཆེ་གཞོན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་རྨོག་རུ་དོན་གྲུབ་ཚེ་རིང་སོགས་ཞིང་ཆེན་ཕྱི་ནང་གི་ཆེད་ལས་པ་སྐོར་ཅིག་དཔྱད་འདེམས་པར་གདན་ཞུ་བྱས་ཡོད་ལ། ཐེངས་འདིའི་འགྲན་སྡུར་ལ་ཁུལ་ཡོངས་ནས་གཞི་རིམ་མང་ཚོགས་དང་སློབ་གྲྭ་ཆུང་འབྲིང་གི་དགེ་སློབ་སོགས་ཁྱོན་བསྡོམས་མི་ལྔ་བརྒྱ་ལྷག་མཉམ་ཞུགས་བྱས་ཡོད་།

འགྲན་བསྡུར་འདི་ནི་ཁུལ་ཡོངས་ཀྱི་མི་རིགས་དང་བྱ་བ། རྒན་གཞོན་གྱི་དབྱེ་བ་མེད་པར་ཐུན་མོང་ལ་དབང་བའི་སྡིངས་ཆ་ཞིག་ཡིན་ལ། འདི་ལ་བོད་ཡིག་དང་རྒྱ་ཡིག རི་མོ་བཅས་ཀྱི་འགྲན་སྐོར་ཆེན་པོ་གསུམ་གྱིས་གྲུབ་པ་དང་། འདྲ་མཉམ་དང་གཟུར་གནས་ཡོང་ཆེད་ཚན་པ་རེ་རེའང་དར་མའི་སྡེ། བྱིས་པ་ཀ་པ༼ལོ་བཅོ་བརྒྱད་མན།༽དང་ཁ་པའི༼ལོ་བཅུ་གཉིས་མན།༽སྡེ་རུ་དབྱེ་བ་བྱས་ཡོད་པས་འགྲན་བསྡུར་གྱི་ཚགས་དམ་ཞིང་གོ་རིམ་ལྡན་ལ་འདྲ་མཉམ་ཡང་དཔྱིས་ཕྱིན་པ་ཞིག་ཡོང་ཐུབ།

ཐེངས་འདིའི་བྱེད་སྒོ་འདི་འདྲ་ཞིག་སྤེལ་བ་བརྒྱུད། འོད་སྟོང་འབར་བའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་བསམ་བློའི་སྟོབས་ཤུགས་ཆེ་རུ་བཏང་བ་མ་ཟད། མཚོ་ལྷོ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གསོན་ཤུགས་གསར་པ་བསྣན་པ་རེད།

འགྲན་སྡུར་གྱི་ཡུལ་དངོས།

འགྲན་སྡུར་གྱི་ཡུལ་དངོས།

བྱ་དགའ་གནང་བའི་ཡུལ་དངོས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།