ངོས་དང་པོ > ཆེད་དོན། > བྱ་འགུལ་སྣ་ཚོགས། > རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པའི་དབུ་འབྱེད་མཛད་སྒོ་ཀན་ལྷོ་རྨ་ཆུ་རྫོང་ནས་སྤེལ།
རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པའི་དབུ་འབྱེད་མཛད་སྒོ་ཀན་ལྷོ་རྨ་ཆུ་རྫོང་ནས་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:ཀན་ལྷོའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
དུས་ཚོད།:2025-08-21 09:25:28
ཀློག་གྲངས།:
ཟླ8པའི་ཟླ་དཀྱིལ་དུ། རྨ་ཆུའི་པར་ལེན་དུས་ཆེན་རྩ་འཛུགས་ལྷན་ཚོགས་དང་རྨ་ཆུའི་སྟག་ལོ་བ་རིག་གནས་ཁྱབ་སྤེལ་ཚད་ཡོད་ལས་གྲྭ། རྨ་ཆུ་རྫོང་པར་ལེན་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པ་དང་། “པར་ལེན་པ་གྲགས་ཅན་རྨ་ཆུར་བསྐྱོད་པ”ཞེས་པའི་པར་ལེན་ལྗོངས་འཚོལ་བྱེད་སྒོ་རྨ་ཁུགས་མགོ་ནོར་བུ་དགའ་འཁྱིལ་ནས་སྤེལ་མགོ་བརྩམས།

ཀྲུང་གོའི་པར་ལེན་ཚགས་པར་གྱི་རྩོམ་སྒྲིག་པ་གཞོན་པ་ཁྲེ་ཞུའན། ཧྲན་ཞི་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་གོའི་པར་ལེན་པའི་མཐུན་ཚོགས་ཀྱི་ལས་འཛིན་ཧྥིན་ཞོ་ཝེ། ཀན་སུའུ་ཞིང་ཆེན་པར་ལེན་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཉོའུ་ཧིན་ལི། ཆིང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཧྥིན་ཅཱན་ཀོ། པེ་ཅིང་གློག་བརྙན་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐཱང་ཏོན་ཕིང་། འགྲེམ་སྟོན་ཇུས་འགོད་པ་གྲགས་ཅན་དང་པེ་ཅིང798རིས་ཁྱམས་ཀྱི་སྒྱུ་རྩལ་ལྟ་སྐུལ་པ་གཙོ་བོ་ནཱ་རི་སོན་སོགས་རྒྱལ་ཡོངས་ཀྱི་ཕྱོགས་སོ་སོ་ནས་ཕེབས་པའི་དགེ་རྒན་ཆེན་མོ་དང་པར་ལེན་སྒྱུ་རྩལ་པ་གྲགས་ཅན། རྨ་ཆུ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་སོགས་བྱེད་སྒོར་ཞུགས།

ཐེངས་འདིའི་བྱེད་སྒོ་རུ་རྒྱལ་ནང་གི་པར་ལེན་པ་གྲགས་ཅན་དང་རྨ་ཆུའི་པར་ལེན་པ་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་མཐོ་སྒང་གི་ཡུལ་ལྗོངས་དང་རིག་གནས། བོད་མི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་སྣང་བརྙན། སྤྱི་ཚོགས་ཀྱི་འཕོ་འགྱུར་དང་འཕེལ་རྒྱས་བརྗོད་བྱར་བྱས་པའི་བརྩམས་ཆོས་དག་འགྲེམ་སྟོན་བྱས་ཏེ། དུས་རབས་གསར་པའི་ཀན་ལྷོ་དང་བཅས་པའི་མདོ་དབུས་མཐོ་སྒང་གི་མཛེས་ལྗོངས། ཡུལ་སྲོལ་རིག་གནས། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ལྗོངས་རྣམ་བཟང་པོ་ལེགས་པར་མངོན་ཞིང་། སྒྱུ་རྩལ་པ་རྣམས་ཀྱིས་མེས་རྒྱལ་གྱི་རི་ཆུ་དང་མི་དམངས་ལ་བཅངས་པའི་བརྩེ་བ་ལྷད་མེད་ལྷུག་པར་མཚོན་པ་མ་ཟད། ཀན་ལྷོ་རྨ་ཆུའི་འབྲོག་པ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་དང་གཏོང་བཞིན་ཡོད།

གསར་འགོད་པ། སངས་རྒྱས་སྐྱབས། ཚེ་རིང་རྣམ་རྒྱལ། ཚེ་རིང་དོན་གྲུབ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལ་ཡོད་པའི་ཕྱེ་མ་ལེབ་འདི་འདྲ་ཁྱེད་ཀྱིས་མཐོང་མྱོང་ངམ།
-
མཚོ་སྔོན་དུ་ཡང་བསྐྱར་གནའ་ཤུལ་གསར་པ་ཞིག་རྙེད།
-
འབར་ཁམས་གྲོང་ཁྱེར་ཁོ་ནོའི་གནའ་ཤུལ་ནི2024ལོའི་ཀྲུང་གོའི་གནའ་རྫས་རྟོག་ཞིབ་གསར་རྙེད་ཀྱི་མིང་ཐོའི་ནང་དུ་ཚུད་ཡོད།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།