«ཀྲུང་དབྱང་དམག་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-13 08:57:15 ཀློག་གྲངས།:
       དམག་དོན་སྦྱོང་བརྡར་དངོས་འཐབ་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། དམག་དོན་སྦྱོང་བརྡར་གྱི་ཆུ་ཚད་མཐོ་རུ་མ་ཕྱིན་ན། དམག་དོན་འཐབ་རྩོད་ཀྱི་གྲ་སྒྲིག་དོན་ཐོག་ཏུ་འཁྱོལ་དཀའ་ལ། དམག་དཔུང་གི་འཐབ་འཛིང་བྱེད་ནུས་ཀྱང་ཆེ་རུ་གཏོང་དཀའ་བས། དམག་འཁྲུག་གི་སྐབས་སུ་གྱོང་གུན་ཆེན་པོ་ཕོག་ངེས་རེད། དམག་ཡོངས་ཀྱིས་དངོས་འཐབ་ཀྱི་དགོས་མཁོར་གཞིགས་ནས་དཀའ་ཞིང་ནན་པའི་སྒོ་ནས་དམག་དཔུང་སྦྱོང་བརྡར་བྱ་རྒྱུ་རྒྱུན་འཁྱོངས་དང་། དམག་ཇི་ལྟར་རྒྱག་དགོས་ན་དམག་སྦྱོང་དེ་ལྟར་བྱེད་དགོས་པ་དང་། དམག་རྒྱག་དུས་ཅི་ཞིག་མཁོ་ན་དེ་སྦྱོང་བརྡར་ཧུར་ཐག་བྱེད་པར་རྒྱུན་འཁྱོངས་བྱེད་པ། དམག་འཐབ་ཀྱི་ལས་འགན་དང་དམག་འཐབ་ཀྱི་འགྲན་ཡར་དམ་པོར་བསྟུན་ནས་འགན་འཁྲིའི་ཞིབ་འཇུག་བྱ་གཞི་སྦྱོང་བརྡར་ཡག་པོ་བྱེད་པ། ཞིབ་བཤེར་རང་བཞིན་དང་འགྲན་རྒོལ་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་རྒྱག་པ་བཅས་བྱས་ནས་ཉེ་མཚུངས་དངོས་འཐབ་ཀྱི་ཁོར་ཡུག་འོག་དཔུང་སྡེར་སྦྱོང་བརྡར་བྱེད་དགོས། གཙོ་འཛིན་ལས་ཁུངས་ཀྱི་བཀོད་འདོམས་སྦྱོང་བརྡར་དང་དམག་རིགས་དང་དཔུང་རིགས་སྣ་ཚོགས་མཉམ་འབྲེལ་སྦྱོང་བརྡར་བྱེད་པར་ཤུགས་རྒྱག་དགོས། དམག་དོན་སྦྱོང་བརྡར་ནི་དོན་དངོས་ཐོག་མ་འོངས་པའི་དམག་འཁྲུག་གི་གྲ་སྒྲིག་འཁྲབ་སྟོན་ཞིག་ཡིན་པས་གཡེང་བ་དང་གཡོ་ཟོལ་སྤུ་ཙམ་ཡང་བྱེད་མི་རུང་། སྦྱོང་བརྡར་བྱེད་ཚུལ་མི་དྲང་བ་ནི་དཔོན་དམག་གི་ཚེ་སྲོག་དང་མ་འོངས་པའི་དམག་འཁྲུག་ལ་འགན་གཏན་ནས་མ་འཁུར་བ་ཡིན་པ་དང་། གནོད་སྐྱོན་ཧ་ཅང་ཆེན་པོ་ཡོད་པས་ངེས་པར་དུ་བློ་ཐག་རྦད་ཆོད་ཀྱིས་ཁྱད་གསོད་བྱེད་དགོས། རིམ་པ་ཁག་གིས་སྦྱོང་བརྡར་གྱི་སློབ་སྟོན་བསམ་བློ་དྲང་པོ་བྱས་ཏེ། སྦྱོང་བརྡར་ནི་ལྟད་མོ་ཙམ་དང་འཁྲབ་སྟོན་ཙམ་དུ་འཛིན་པ་དང་། འཐབ་འཛིང་བྱེད་ནུས་བློས་གཏོང་བ་རིན་དོད་དུ་བྱས་ཏེ་སྒྱིད་ལུག་ངང་བདེ་འཇགས་སྲུང་བ་སོགས་ཀྱི་སྣང་ཚུལ་ངན་པ་སྔོན་འགོག་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
—«ཀྲུང་དབྱང་དམག་ཨུའི་རྒྱས་འཛོམས་གྲོས་ཚོགས་ཐོག་གནང་བའི་གསུང་བཤད།(གནད་བསྡུས།)» (༢༠༡༢ལོའི་ཟླ༡༢ཚེས༢༦ཉིན།)
  提高军事训练实战化水平。军事训练水平上不去,军事斗争准备就很难落到实处,部队战斗力也很难提高,战时必然吃大亏。全军要坚持从实战需要出发从难从严训练部队,坚持仗怎么打兵就怎么练,打仗需要什么就苦练什么,紧贴作战任务、作战对手搞好使命课题训练,加强检验性、对抗性训练,在近似实战的环境下摔打锻炼部队。要加强首长机关指挥训练和诸军兵种联合训练。军事训练实际上是未来战争的预演,来不得半点飘浮和虚假。训风不正是对官兵生命、对未来战争极大的不负责任,危害甚大,必须坚决克服。各级要端正训练指导思想,坚决防止和纠正训为看、演为看、以牺牲战斗力为代价消极保安全等不良现象。
—《在中央军委扩大会议上的讲话(节选)》(2012年12月26日)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།