«རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-12-25 08:37:43 ཀློག་གྲངས།:5390
       ཁྲིམས་སྐྱོང་གི་བླང་བྱ་ལྟར་དམག་དཔུང་སྐྱོང་སྟངས་བསྒྱུར་དགོས། ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དེས་ང་ཚོར་དམག་དཔུང་སྐྱོང་སྟངས་ལ་འཕོ་འགྱུར་གཏིང་ཟབ་གཏོང་བའི་བླང་བྱ་བཏོན་ཡོད། རིམ་པ་ཁག་གིས་ཁྲིམས་བཀོད་འགན་འཁྲིའི་དབང་མཚམས་ལ་ནན་པོར་གཞིགས་ཏེ། ལས་དོན་དམ་འཛིན་ཡག་པོ་བྱེད་པ་དང་། རྩ་བའི་རང་བཞིན་ལྡན་པའི་འཕོ་འགྱུར་གསུམ་མངོན་འགྱུར་གང་ཐུབ་བྱེད་དགོས་ཏེ། སྲིད་འཛིན་གྱི་བཀའ་རྒྱ་ཁོ་ནར་བརྟེན་པའི་བྱེད་སྟངས་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་གཅིག གོམས་སྲོལ་དང་ཉམས་མྱོང་ཁོ་ནར་བརྟེན་ནས་ལས་ཀ་བྱེད་སྟངས་ནས་ཁྲིམས་སྲོལ་དང་ལམ་ལུགས་ལ་བརྟེན་ནས་ལས་ཀ་བྱེད་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་གཉིས། འཕྲལ་རྒོལ་དང་འགུལ་སྐྱོད་ལྟར་ལས་ཀ་དམ་འཛིན་བྱེད་སྟངས་ནས་བཀའ་བཅད་དང་སྲོལ་ཡིག་ལྟར་བྱ་བ་སྒྲུབ་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་འབྱུང་བ་དང་གསུམ་སྟེ། དམག་ཡོངས་སུ་ཏང་ཨུས་ཁྲིམས་ལྟར་ཇུས་ཐག་གཅོད་པ་དང་། ལས་ཁུངས་ཀྱིས་ཁྲིམས་ལྟར་མཛུབ་སྟོན་བྱེད་པ། དམག་དཔུང་གིས་ཁྲིམས་ལྟར་བྱ་སྤྱོད་སྤེལ་བ། དཔོན་དམག་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།
—«རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས།» (༢༠༡༤ལོའི་ཟླ༡༢ཚེས༢༦ཉིན།) ཞི་ཅིན་ཕིང་གི«ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས་པའི་སྐོར་གླེང་བ།» ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གི༢༠༢༠ལོའི་རྒྱ་ཡིག་པར་གཞི། ཤོག་ངོས༡༣༢པ།
  按照法治要求转变治军方式。深入推进依法治军、从严治军,要求我们的治军方式发生一场深刻变革。各级要严格按照法定职责权限抓好工作,努力实现三个根本性转变,即从单纯依靠行政命令的做法向依法行政的根本性转变,从单纯靠习惯和经验开展工作的方式向依靠法规和制度开展工作的根本性转变,从突击式、运动式抓工作的方式向按条令条例办事的根本性转变,在全军形成党委依法决策、机关依法指导、部队依法行动、官兵依法履职的良好局面。
—《提高国防和军队建设法治化水平》(2014年12月26日),习近平《论坚持全面依法治国》,中央文献出版社2020年版,第132页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།