«ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བཟོས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-30 08:31:45 ཀློག་གྲངས།:
       ལོ་འདི་དག་ནང་རྩད་ཆོད་བྱུང་བའི་རུལ་སུངས་གྱོད་དོན་དཔེ་མཚོན་ཅན་ལ་དབྱེ་ཞིབ་བྱས་ཚེ་ཚང་མར་གྲངས་ཀའི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་ཏུ་འཕེལ་བ་དང་། སྐྱོན་ཆ་ཆུང་ཙམ་ནས་ཆེན་པོར་འགྱུར་བའི་གོ་རིམ་ཞིག་ཡོད། གནད་དོན་བྱུང་མ་ཐག་རྩ་འཛུགས་ཀྱིས་འཕྲལ་མར་རོགས་རམ་ཞིག་བྱས་ན་ལས་བྱེད་པ་ལ་ལ་ནོར་འཁྲུལ་གྱི་ལམ་འཛོལ་དུ་རིང་ནས་རིང་དུ་ལྷུང་མི་སྲིད་པ་རེད། ཏང་རྩ་འཛུགས་ཀྱིས་ཏང་ཡོན་དང་ལས་བྱེད་པའི་དུས་རྒྱུན་གྱི་བསམ་བློ་དང་། བྱ་བ། སྤྱོད་ཚུལ། འཚོ་བ་བཅས་ཀྱི་ཐད་ལ་རྒྱུས་ལོན་མང་ཙམ་བྱེད་དགོས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་ཞུ་དོན་ལ་དོ་སྣང་མང་ཙམ་བྱས་ནས་སྔ་ཙམ་དང་ཆུང་ཙམ་ནས་འཛིན་ཞིང་རྐྱེན་རྩ་ཆུང་ལྡོག་བྱེད་དགོས། ཏང་ནང་གི་ལྟ་སྐུལ་དེ་དུས་ཀུན་དང་རྣམ་པ་ཀུན་དང་བྱ་བ་ཀུན་གྱི་སྟེང་དུ་མངོན་པར་བྱེད་དགོས་པ་དང་། ཏང་ཡོན་དང་ལས་བྱེད་པར་རང་བཞིན་བཟང་བའི་མི་བྱེད་དགོས་པ་དང་། རང་འཁྲིའི་ལས་འགན་སྒྲུབ་པར་སྐུལ་མ་གཏོང་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚང་མས་བློ་མཐུན་བར་དྲན་སྐུལ་བྱེད་རེས་དང་ལྟ་སྐུལ་བྱེད་རེས་ཁྲོད་དུ་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུ་དང་། མཉམ་དུ་ཡར་ཐོན་ཡོང་རྒྱུར་གོམས་པར་བྱེད་དགོས།
—«ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་བཟོས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་དགོས» (༢༠༡༦ལོའི་ཟླ༡༠པའི་ཚེས༢༧ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་དང་པོ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༥༢༨པ།
  分析这些年来查处的典型腐败案件,都有一个量变到质变、小节到大错的过程。如果在刚发现问题时组织就及时拉一把,一些干部也不至于在错误的道路上越滑越远。党组织要多了解党员、干部日常的思想、工作、作风、生活状况,多注意干部群众的反映,抓早抓小,防微杜渐。要把党内监督体现在时时处处事事上,敦促党员、干部按本色做人、按角色办事。全党同志要习惯于在同志间相互提醒和督促中修正错误、共同进步。
—《严肃党内政治生活,推进全面从严治党》(2016年10月27日),《习近平著作选读》第一卷,人民出版社2023年版,第528页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།