«ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-31 09:11:03 ཀློག་གྲངས།:
       མིག་སྔར་ཏང་ཡོན་དང་ལས་བྱེད་པ་ཉུང་ཤས་ཀྱི་རང་ངོས་གསར་བརྗེའི་སྙིང་སྟོབས་ཆུང་དུ་སོང་ཞིང་། མིག་མདུན་གྱི་གནས་བབ་ལ་ཡིད་ཚིམ་ཞིང་ཉི་མ་འཁྱོལ་ཐབས་བྱེད་པ་དང་། ལ་ལའི་གནད་དོན་ལ་ཞིབ་ལྟ་བྱེད་པའི་ནུས་པ་ཞན་དུ་སོང་བ་དང་། ཐོབ་རེ་ཤོར་དོགས་དང་སྐྱོན་གབ་ནས་བཅོས་འདོད་མེད་པར་བསྡད་ཡོད། ལ་ལའི་སྐྱོན་བརྗོད་བྱེད་པའི་ནུས་པ་ཞན་དུ་གྱུར་པ་དང་། ཐབས་མཁས་ཀྱིས་རང་སྲུང་བྱེད་པ་དང་འོན་པ་དང་ལྐུགས་པའི་ངང་ཚུལ་འཛིན་གྱི་ཡོད། ལ་ལས་རྒྱས་སྤྲོས་རུལ་སུངས་བྱས་ཏེ་སྒྲིག་ཁྲིམས་སྣང་མེད་དུ་སྐྱུར་བ་མ་ཟད་ཐ་ན་བག་མེད་སྒྲིག་འགལ་བྱེད་ཀྱི་ཡོད་པས། ཏང་གི་སྒྲིག་ཁྲིམས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཡང་ཡང་བཀག་ཀྱང་འགོག་མི་ཐུབ་པ་ཆགས་ཡོད། གནའ་མིའི་གཏམ་ལ“གནམ་འོག་ཏུ་འདུལ་དཀའ་ཤོས་ནི་ནང་སེམས་ཡིན་ལ། གནམ་འོག་ཏུ་བསླུ་སླ་ཤོས་ནི་འདོད་ཆགས་ཡིན”ཞེས་ཟེར། ནམ་ཞིག“ངན་སེམས”སྐྱེས་གྱུར་ཚེ། རང་ངོས་གསར་བརྗེ་བྱེད་པའི་བློ་སྟོབས་ཉམས་པར་འགྱུར་བ་དང་། ཐོག་མའི་བསམ་འདུན་དང་འགལ་ཞིང་འགན་འཁྲི་བརྗེད་པར་འགྱུར་ལ། སྒྲིག་ཁྲིམས་ཀྱི་མཐའ་ཚད་ལས་བརྒལ་བ་དང་ཐ་ན་ཁྲིམས་འགལ་ཉེས་གསོག་ཀྱང་བྱེད་ངེས་རེད།
       ཐོག་མའི་བསམ་འདུན་ཐོབ་སླ་ཡང་ཐོག་མཐའ་བར་གསུམ་དུ་སྲུང་དཀའ་བ་རེད། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་གསར་བརྗེའི་ཕུགས་བསམ་དང་ངར་ཤུགས་རྒྱས་པའི་གསར་བརྗེའི་འཐབ་སེམས་མཐའ་འཁྱོངས་བྱེད་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་མཚོན་ཆ་རྣོ་ངར་ཅན་འདི་བེད་སྤྱོད་ཡག་པོ་བྱས་ཏེ། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་དག་ཐེར་དང་རུལ་སུངས་ལ་རྒོལ་བ་བཅས་བར་མེད་དུ་དམ་འཛིན་བྱེད་པ་དང་། ཏང་གིས་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གི་རྨང་གཞི་གཡོ་འགུལ་གཏོང་སྲིད་པ་དང་ཏང་གི་བྱ་གཞག་ལ་འགོག་རྐྱེན་བཟོ་སྲིད་པའི་སྣང་ཚུལ་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་གཟུགས་གཞིའི་ཐོག་ཏུ་འབྱར་བའི་སྐྱུག་བྲོ་བའི་དྲི་ནག་མཐའ་དག་གཙང་སེལ་བྱས་ནས་ང་ཚོའི་ཏང་འདི་ཉིད་སྔར་བས་ཞུམ་མེད་སྟོབས་ལྡན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས།
—«ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང» (༢༠༢༠ལོའི་ཟླ༡པོའི་ཚེས༨ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༣༠༡པ་ནས༣༠༢པའི་བར།
  当前,少数党员、干部自我革命精神淡化,安于现状、得过且过;有的检视问题能力退化,患得患失、讳疾忌医;有的批评能力弱化,明哲保身、装聋作哑;有的骄奢腐化,目中无纪甚至顶风违纪,违反党的纪律和中央八项规定精神问题屡禁不止。古人说:“天下之难持者莫如心,天下之易染者莫如欲。”一旦有了“心中贼”,自我革命意志就会衰退,就会违背初心、忘记使命,就会突破纪律底线甚至违法犯罪。
  初心易得,始终难守。全党同志必须始终保持崇高的革命理想和旺盛的革命斗志,用好批评和自我批评这个锐利武器,驰而不息抓好正风肃纪反腐,不断增强党自我净化、自我完善、自我革新、自我提高的能力,坚决同一切可能动摇党的根基、阻碍党的事业的现象作斗争,荡涤一切附着在党肌体上的肮脏东西,把我们党建设得更加坚强有力。
《不忘初心,牢记使命》(2020年1月8日),《习近平著作选读》第二卷,人民出版社2023年版,第301-302页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།