«རིམ་པ་ཁག་གི་ལས་བྱེད་པ་ཚང་མས“ནན་གསུམ་དྲང་གསུམ”གྱི་སྤྱོད་ཚུལ་འཛུགས་པ་དང་དར་སྤེལ་གཏོང་དགོས»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-20 09:33:09 ཀློག་གྲངས།:
       ལས་སྣ་བདུན་ཅུ་དོན་གཉིས་ལས། ལས་སྣ་རེ་ལ་སྒྲིག་སྲོལ་རེ་ཡོད་ལུགས་དེ་ལས་བྱེད་པ་ཚང་མར་ཤེས་སུ་འཇུག་དགོས། ལས་བྱེད་པ་བྱས་ཚེ། ལས་བྱེད་པའི་སྒྲིག་ལམ་རང་འགུལ་ངང་བསྲུང་དགོས། སྲོལ་མེད་ན་ལུགས་བཞིན་མི་འགྲུབ་པའི་དཔེ་བཞིན། ཏང་གི་སྒྲིག་ཡིག་སོགས་ཏང་ནང་གི་ཁྲིམས་སྲོལ་ལྟར་ལས་དོན་སྒྲུབ་པ་དང་། ཏང་གིས་གཏན་ལ་ཕབ་པའི་ལས་བྱེད་པའི་ཚད་གཞི་ལྟར་ལས་དོན་སྒྲུབ་པ། ཏང་གི་སྒྲིག་ཁྲིམས་ལྟར་ལས་དོན་སྒྲུབ་པ་བཅས་ནི་བདེན་དོན་སྙོན་མེད་ཅིག་ཡིན་པས། ལས་བྱེད་པར་བླང་བྱ་ནན་དྲགས་པའི་གནད་དོན་གནས་ཡོད་པ་མ་རེད། ལས་བྱེད་པར་བླང་བྱ་ནན་ཙམ་འདོན་པ་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན་ལ། ང་ཚོས་སྤྱོད་ཚུལ་ལེགས་སྒྱུར་དང་དཔུང་ཁག་དོ་དམ་བྱེད་པའི་གཞི་རྩའི་དམིགས་བྱའང་ཡིན། ང་ཚོས་བྱེད་ཐབས་ཡང་དག་པ་རྒྱུན་འཁྱོངས་བྱས་ནས་ལྷོད་གཡེང་དུ་གཏོང་མི་རུང་། “དགེ་བ་ལ་མོ་རྒྱག་པ་འདྲ། སྡིག་པ་རྦབ་རྒོད་ཉིལ་བ་འདྲ”ཞེས་པ་ལྟར། གལ་ཏེ་ལྷོད་གཡེང་དུ་བཏང་ན། ཚང་མས་སེམས་ཁྲལ་བྱེད་བཞིན་པའི་སྤྱོད་ཚུལ་གྱི་གནད་དོན་བསྐྱར་ལོག་གི་སྣང་ཚུལ་ཐོན་ངེས་རེད། ད་དུང་གཟེར་འདེབས་སྙིང་སྟོབས་དར་སྤེལ་བཏང་སྟེ། ཤུགས་ཚད་མཐའ་འཁྱོངས་དང་སེམས་ཤུགས་མཐའ་འཁྱོངས་སྒོས་དོན་མཐའ་འཁྱོལ་ལ་ཕུན་སུམ་ཚོགས་པ་ཞིག་སྒྲུབ་ནས། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ལེན་དགོས།
—«རིམ་པ་ཁག་གི་ལས་བྱེད་པ་ཚང་མས“ནན་གསུམ་དྲང་གསུམ”གྱི་སྤྱོད་ཚུལ་འཛུགས་པ་དང་དར་སྤེལ་གཏོང་དགོས»(༢༠༡༤ལོའི་ཟླ༣པའི་ཚེས༩ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ» (པོད་དང་པོ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༢༢༧པ།
  要让每个干部都明白,七十二行,每行有每行的规则。既然选择了当干部,就要自觉遵守当干部的规矩。没有规矩,不成方圆。按党章等党内法规办,按党确定的干部标准办,按党的纪律办,是天经地义的事,不存在对干部进行苛求的问题。对干部要求严一点,是党和人民事业发展的必然要求,也是我们改进作风、管理队伍的基本着眼点。我们要把正确的做法坚持下去,不能放松尺度。“从善如登,从恶如崩。”如果放松了,大家担心的作风问题反弹现象就必然会发生。还是要发扬钉钉子精神,保持力度、保持韧劲,善始善终、善作善成,不断取得作风建设新成效。
—《各级干部都要树立和发扬“三严三实”作风》(2014年3月9日),《习近平著作选读》第一卷,人民出版社2023年版,第227页。
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།