«ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆིང»

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-08-22 08:51:29 ཀློག་གྲངས།:
       ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི་ལམ་ལུགས་འཛུགས་རྒྱུ་བཏོན་པ་རེད། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པར་རྩ་ལག་ལྡན་པའི་བསམ་གཞིགས་དང་། རྩོད་སྒྲུབ་ཀྱི་བསམ་གཞིགས། མཐའ་ཚད་ཀྱི་བསམ་གཞིགས་བཅས་རྒྱན་འཁྱོངས་བྱས་ནས་སློབ་སྟོན་གྱི་རང་བཞིནདང་། དམིགས་གཏད་ཀྱི་རང་བཞིན། བཀོལ་སྤྱོད་ཀྱི་རང་བཞིན་བཅས་མཚོན་དགོས་ཀྱི་ཡོད། གནད་དོན་ཐག་གཙོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ལ་སྟབས་བདེ་སྤྱོད་བདེ་ཡོང་རྒྱུའང་རྒྱུན་འཁྱོངས་བྱས་ཏེ། དངོས་གཉེར་གོ་འཕེར་གྱི་ཐབས་ཚུལ་སྤྱད་ནས་གནད་དོན་གྱི་གནད་ལ་འཁེལ་བ་བྱེད་དགོས་པ་དང་གཅིག དམིགས་ཚད་ཕྱོགས་སྟོན་དུ་གཟུང་རྒྱུ་རྒྱུན་འཁྱོངས་བྱེད་ལ་དོན་དངོས་ལ་གཞི་ཚུགས་རྒྱུའང་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་དང་། ལག་ལེན་གྱི་དགོས་མཁོ་སྐོང་བ། གཞི་རིམ་གྱི་རེ་འདོད་དང་འཚམ་པ་བཅས་གཅིག་གྱུར་ཡོང་གང་ཐུབ་བྱེད་དགོས་པ་དང་གཉིས། གསར་གཏོད་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་ལ་གཞི་མཐུན་དུ་སྦྲེལ་མཐུད་བྱ་རྒྱུའང་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་དང་དཀྱུས་གཅིག་ཏུ་སྦྲེལ་ཏེ། རྒྱུན་འཁྱོངས་བྱེད་གང་དགོས་རྒྱུན་འཁྱོངས་དང་། འཐུས་ཚང་དུ་གཏོང་གང་དགོས་འཐུས་ཚང་དུ་གཏོང་བ། གསར་འཛུགས་བྱེད་གང་དགོས་གསར་དུ་འཛུགས་པ། དོན་འཁྱོལ་བྱེད་གང་དགོས་དོན་འཁྱོལ་བྱེད་པ་དང་གསུམ་བཅས་ཡིན། ལམ་ལུགས་འཛུགས་རྒྱུ་དེ་རྒྱ་ཆེ་ཞིང་ཀུན་ཚང་བ་ཞིག་ཡིན་མི་རུང་ལ་རྒྱ་ཆུང་ཞིང་ཁ་ཐོར་བ་ཞིག་ཀྱང་ཡིན་མི་རུང་བ་དང་། “བྱི་ལ་ཕྱུགས་རར་འཇུག་པ”ལྟ་བུ་ཡིན་མི་རུང་ལ་རྙོག་རྫོབ་ཆེ་དྲགས་པ་ཞིག་ཀྱང་ཡིན་མི་རུང་།
—«ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆིང»(༢༠༢༠ལོའི་ཟླ༡པོའི་ཚེས༨ཉིན) «ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་ཀློག་དེབ»(པོད་གཉིས་པ) མི་དམངས་དཔེ་སྐྲུན་ཁང་གི༢༠༢༣ལོའི་པར་གཞི། ཤོག་ངོས༣༠༣པ་ནས༣༠༤པའི་བར།
  党的十九届四中全会提出建立不忘初心、牢记使命的制度。建章立制,要坚持系统思维、辩证思维、底线思维,体现指导性、针对性、操作性。既坚持解决问题又坚持简便易行,采取务实管用的措施切中问题要害;既坚持目标导向又坚持立足实际,力求把落实党中央要求、满足实践需要、符合基层期盼统一起来;既坚持创新发展又坚持有机衔接,同党内法规制度融会贯通,该坚持的坚持、该完善的完善、该建立的建立、该落实的落实。建立制度,不能大而全也不能小而碎,不能“牛栏关猫”也不能过于繁琐。
《不忘初心,牢记使命》(2020年1月8日),《习近平著作选读》第二卷,人民出版社2023年版,第303—304页
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།