ན་གཞོན་བརྙན་ལེན་པ་སྒྲོལ་མ་རྒྱལ་ལ་བརྙན་ལེན་པ་རྩེ་གྲ་ཡི་མཚན་སྙན་ཐོབ།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-27 09:01:59 ཀློག་གྲངས།:
       ཤེས་རྟོགས་བྱུང་བ་ལྟར་ན། སྐབས་དང་པོའི་ཀྲུང་གོའི་ཧོ་ཏུང་གི་གཞོན་ནུ་གསར་པའི་གློག་བརྙན་འགྲེམས་སྟོན་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ཐེངས་འདིའི་གློག་བརྙན་འགྲེམས་སྟོན་ནང་བོད་རིགས་ན་གཞོན་གློག་བརྙན་བརྙན་ལེན་པ་སྒྲོལ་མ་རྒྱལ་གྱིས་གློག་བརྙན«དབེན་ལྗོངས»ནང་བརྙན་ལེན་པའི་གཙོ་འགན་བཞེས་ཡོད་པ་དང་། གློག་བརྙན་འདི་བརྒྱུད་ནས་ཁོ་ལ་བརྙན་ལེན་པ་རྩེ་གྲས་ཀྱི་གཟེངས་རྟགས་བྱ་དགའ་ཐོབ་འདུག
       དཔྱད་འདེམས་ཚོགས་པས་ཁོའི་བརྙན་ལེན་སྒྱུ་རྩལ་ལ"ཐུན་མོང་མ་ཡིན་པའི་ལྷིང་འཇགས་དང་ཀློང་ཡངས་པའི་སྣང་བརྙན་ཞིག་གིས་གློག་བརྙན་ལ་རྫོགས་མཐའ་མེད་པའི་འཆར་ཡན་གྱི་བར་སྟོང་སྦྱིན་ཡོད།"ཅེས་གདེང་འཇོག་ཚད་མཐོན་པོ་གནངས།
       གློག་བརྙན་འདི་དེ་སྔོན་གློག་བརྙན་དུས་སྟོན་སྣ་ཚོགས་སྟེང་གཟིགས་འབུལ་བྱས་པ་མ་ཟད་ལས་རིགས་ཕྱི་ནང་དང་། དེ་བཞིན་གློག་བརྙན་ལ་དགའ་ཞེན་བྱེད་མཁན་གྱི་ལྟད་མོ་བའི་ཁྲོད་གདེང་འཇོག་དང་དགའ་བསུ་ཀྱང་མགྲིན་གཅིག་ཏུ་ཐོབ་ཡོད།
       སྒྲོལ་མ་རྒྱལ་ནི་ཉེ་བའི་ལོ་ཤས་རིང་བོད་འབྲེལ་གློག་བརྙན་ལས་རིགས་ཁྲོད་གཟེངས་འབྲས་ཕུལ་དུ་བྱུང་བའི་ན་གཞོན་བརྙན་ལེན་པའི་གྲས་ཀྱི་གཅིག་ཡིན་ལ། ཁོང་ལ་སྔ་རྗེས་སུ་བརྙན་ལེན་པ་རྩེ་གྲས་ཀྱི་གཟེངས་རྟགས་བྱ་དགའ་ཐེངས་དྲུག་ལ་ཐོབ་མྱོང་།

ནང་དོན་ཡོང་ཁུངས། ཙོང་ཁ་རྩོམ་རིག་སྒྱུ་རྩལ་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།